ཨོ་སི་ཊོ་ལི་ཡའི་ནང་རིན་མེད་ཐོག་ཁྲིམས་དོན་གྱི་མཐུན་འགྱུར་རོགས་རམ།

Source: Getty Images/Julius Adamek/EyeEm

ཨོ་སི་ཊོ་ལི་ཡའི་ནང་མི་རྣམས་ལ་ཁྲིམས་དོན་ལམ་ལུགས་སློབ་སྟོན་ཐད་ཆེད་ལས་རང་བཞིན་གྱི་མཐུན་འགྱུར་རོགས་རམ་དགོས་ངེས་ཤིག་ཆགས་ཡོད། འོན་ཀྱང་ཁྲིམས་རྩོད་པ་ཚོས་ཆུ་ཚོད་རེར་ཨོ་སྒོར་བརྒྱ་ཕྲག་རེར་བླངས་བཞིན་ཡོད་པས། མི་ཚང་མས་ད་ལྟའི་དངུལ་སྤྲོད་ཐུབ་ཀྱི་མེད། འོན་ཀྱང་ཁྱེད་རང་གིས་རིན་མེད་ཐོག་ནས་ཁྲིམས་དོན་རོགས་རམ་འཚོལ་ཆོག་གི་ཡོད།

མི་སུ་ཞིག་ལ་ཁྲིམས་དོན་རོགས་རམ་དགོས་ཚེ་ཁོ་རང་གི་མངའ་སྡེ་དང་ས་ཁུལ་ནང་ཁྲིམས་དོན་རོགས་རམ་ལྷན་ཁང་ལ་རོགས་རམ་གནང་རོགས་ཞེས་ཞུ་བའམ། ཡང་ན་ས་གནས་ཁྲིམས་དོན་ལྟེ་གནས་དང་ཨེ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲིན་པའི་ཁྲིམས་དོན་ཞབས་ཞུ་སོགས་ལ་འགྲོ་ནས་རོགས་རམ་ཞུས་ཆོག

ཨོ་སི་ཊོ་ལི་ཡ་གཞུང་གིས་ཕྱི་ལོ་ ༢༠༢༠ ནས་ ༢༠༢༥ བར་རྒྱལ་ཡོངས་ཁྲིམས་དོན་རོགས་རམ་མཐུན་ཚོགས་བརྒྱུད་མངའ་སྡེ་དང་ས་ཁུལ་ཚང་མའི་ནང་ཁྲིམས་དོན་སྡེ་ཁག་ལ་ཨོ་སྒོར་ཐེར་འབུམ་ ༢་༣ ཙམ་འགྲོ་གྲོན་གཏང་རྒྱུ་ཡིན་པ་རེད།


གཙོ་དོན་ཁག་ཅིག

  • ཁྲོམས་དོན་རོགས་སྐྱོར་མ་དངུལ་སྤྲོད་མཁན་གྱིས་གཙོ་བོར་གནད་དོན་རོགས་སྐྱོར་གཞིར་བཅོས་རྒྱུའི་ལམ་ལུགས་ཐག་གཅོད་བྱས་ཡོད་པ་རེད། 
  • ཁྲོམས་དོན་རོགས་སྐྱོར་གྱི་མ་དངུལ་རག་པར་ངེས་པར་དུ་ཁྲིམས་དོན་རོགས་སྐྱོར་ལྷན་ཁང་གི་ལམ་སྟོན་ལྟར་ངེས་པར་དུ་འདོད་བློ་ཁེངས་པ་ཞིག་དགོས་ཀྱི་ཡོད་པ་རེད། 
  • རྒྱལ་ཡོངས་ཁྲིམས་དོན་རོགས་སྐྱོར་ཁང་གིས་ཕྱི་ལོ་ ༢༠༢༠ ནས་ ༢༠༢༥ བར་ཁྱོན་ཨོ་སྒོར་ཐེར་འབུམ་ ༢་༣ འབྲེལ་ཡོད་ཁྲིམས་དོན་ཞབས་ཞུ་ཚན་པ་ཁག་ལ་སྤྲོད་འཆར་ཡོད་པ་རེད། 

མི་མང་གིས་ཁྲོམས་དོན་ཐད་ཁྲིམས་དོན་གནས་ཚུལ་དང་། ཞུ་གཏུག་ཞབས་ཞུ། ཁྲིམས་དོན་གནས་ཚུལ་བྱེ་བྲག་པའི་ཐོག་སློབ་སྟོན། ཁྲིམས་ཁང་གི་ཁྲིམས་གཏུགས་བརྒྱུད་རིམ་དང་ཁྲིམས་རྩོད་ཀྱི་བྱ་རིམ། ཁམ་ཆུ་འདུམ་ཐབས། ཁྲིམས་གཏུགས་ངོ་ཚབ་བཅས་ཀྱི་ཐད་རོགས་རམ་ཞུས་ཆོག

ཁྲིམས་དོན་རོགས་སྐྱོར་ཚོགས་པ་མ་འདྲ་བས་ཁྲིམས་དོན་ཐད་རོགས་རམ་བྱེད་པའི་ཚད་གཞི་མ་འདྲ་བ་དང་། དེ་དག་སོ་སོ་ལ་ལག་བསྟར་ཚད་འཛིན་འོས་བབས་མ་འདྲ་བ་ཡོད་པ་རེད། 

man and the phone
Legal Aid commissions provide free legal information and advice over phone
Getty Images/LumiNola

ཁྲིམས་དོན་ཉེན་སྲུང་ལྷན་ཚོགས། Legal Aid Commissions

ཁྲིམས་དོན་ཉེན་སྲུང་ལྷན་ཚོགས་ཀྱིས་ཁྲིམས་དོན་གནས་ཚུལ་དང་། ངོ་སྤྲོད་དེབ་ཆུང་། ཁྲིམས་ཁང་གི་འགྲོ་སྟངས་གནས་ཚུལ་དང་ཡང་ན་ཁ་པར་བརྒྱུད་ཁྲིམས་དོན་སྐོར་ལམ་སྟོན་སོགས་རིན་མེད་ཐོག་གནང་གི་ཡོད། 

གལ་སྲིད་ཁྱེད་རང་ལ་ཁྲིམས་དོན་ངོ་ཚབ་དགོས་ཚེ། ཁྱེད་རང་གི་ཁྲིམས་དོན་རོགས་སྐྱོར་སྙན་ཞུ་འབུལ་དགོས་པ་དང་། ཁྱེད་རང་ལ་ངེས་པར་དུ་ཆ་རྐྱེན་དང་འོས་བབས་འདོད་བློ་ཁེངས་པ་ཞིག་ཡོད་དགོས། ཁྲིམས་དོན་ཉེན་སྲུང་ལྷན་ཚོགས་མ་འདྲ་བ་ལ་ཁྲིམས་ལུགས་ཀྱི་དབང་ཆའི་ཁྱབ་ཁོངས་སམ་དབང་ཚད་མ་འདྲ་བ་ཡོད་པས་འོས་ཆོས་ཀྱི་ཚད་འཛིན་ཆ་རྐྱེན་ཡང་མ་འདྲ་བ་ཡོད་པ་རེད། 

ཉེས་དོན་ཉེས་གསོག་དང་། སྤྱི་དབང་། ནང་མིའི་ཁྲིམས་ལུགས་གནད་དོན་སོགས་གང་ཞིག་མིན་མིན་ལ་མ་བལྟོས་པར་ཆ་རྐྱེན་དང་འོས་བབས་ཀྱི་རྒྱུགས་སྤྲོད་ནི་གཙོ་བོར་ཁྱེད་རང་གི་ཡོང་འབབ་དང་མཁར་དབང་དེ་བཞིན་ཁྲིམས་དོན་གནས་སྟངས་བཅས་ལ་བལྟ་བ་ཡིན། 

 སིཌ་ནིང་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ལུགས་སློབ་དཔོན་སི་མོན་རའེ་སི་ Professor Simon Rice ལགས་ཀྱིས་སྤྱིར་ཡོངས་ཡོང་འབབ་འབྲིང་གྲས་རྣམས་ལ་ཁྲིམས་དོན་རོགས་སྐྱོར་མ་དངུལ་དེ་རག་གི་མེད་སྐོར་འགྲེལ་བརྗོད་གནང་འདུག

ཁོང་གིས་ཨོ་སི་ཊོ་ལི་ཡའི་ནང་རྒྱལ་ཡོངས་ཁྲིམས་དོན་རོགས་སྐྱོར་རྣམ་གྲངས་ལ་བལྟས་ན་ཕྱི་ལོ་ ༢༠༢༠ ཟླ་ ༧ པ་ནས་ ༢༠༢༡ ཟླ་ ༥ པ་བར་སྐྱེས་པ་བརྒྱ་ཆ་ ༦༥ ལ་རོགས་དངུལ་རོགས་ཡོད་ཀྱང་བུད་མེད་བརྒྱ་ཆ་ ༣༣ ལ་མ་གཏོགས་རོགས་དངུལ་དེ་རག་མེད་སྐོར་འགྲེལ་བརྗོད་གནང་འདུག

 

meeting between two man
Everybody who contacts community legal centres will at least get help in legal information and guidance for self-help resources
Getty Images/Weekend Images Inc

ས་གནས་མི་མང་གི་ཁྲིམས་དོན་ལྟེ་གནས། Community Legal Centres

ཨོ་སི་ཊོ་ལི་ཡའི་ནང་རྒྱལ་ཡོང་སུ་རང་དབང་ལྡན་པའི་ཁྲིམས་དོན་ལྟེ་གནས་གྲངས་ ༡༧༠ ཙམ་ཡོད་པ་དང་། ཁེ་མེད་ཀྱི་ས་གནས་མི་མང་གི་ཁྲིམས་དོན་ལྟེ་གནས་དེ་དག་གིས་ཁྲིམས་དོན་གནས་ཚུལ་ངོ་སྤྲོད་དང་།ཞུ་སྦྱོར་ཁག ཁྲིམས་དོན་ཤེས་བྱ། ལམ་སྟོན། ཞུ་གཏུགས་ལས་དོན། ངོ་ཚབ་ཞབས་ཞུ་སོགས་རིན་མེད་ཐོག་གནང་གི་ཡོད་པ་རེད། 

legal desk
At local courts and tribunals, anyone can approach a duty lawyer for assistance if they have a matter at court that day and do not have their lawyer
Getty Images/seksan Mongkhonkhamsao

This story is also available in other languages.