SBS བོད་སྐད་སྡེ་ཚན།

མེ་ཁོ་རོ་སོ་ཧྥོ་ཊི་ Microsoft ཡི་ཡིག་སྒྱུར་གཉེན་ཆས་ཞབས་ཞུ་ཐོག་བོད་ཡིག་གསར་འཇུག་བྱས་པ།

Source: Microsoft Translator

ཉེ་ཆར་ཕྱི་ཟླ་ ༡༠ པའི་ཚེས་ ༡༡ ཉིན་ Microsoft གཉེན་ཆས་བཟོ་ཚོང་ཁང་གིས་གཞུང་འབྲེལ་དྲ་ཚིགས་ཐོག ཁོང་ཚོའི་ཡིག་སྒྱུར་གཉེན་ཆས་ཞབས་ཞུའི་ནང་བོད་ཡིག་ཐེ་བའི་སྐད་ཡིག་ ༡༢ གསར་སྣོན་བྱས་ཡོད་སྐོར་གསལ་བསྒྲགས་གནང་འདུག་པ་དང་། ད་ལྟའི་ཆར་ཡིག་སྒྱུར་ཞབས་ཞུ་དེའི་ནང་ཁྱོན་སྐད་ཡིག་གྲངས་ ༡༠༣ ཕན་ཚུན་ཡིག་སྒྱུར་བྱེད་ཐུབ་ཀྱི་ཡོད་པ་རེད།

མེ་ཁོ་རོ་སོ་ཧྥོ་ཊི་ Microsoft ཡི་ཡིག་སྒྱུར་གཉེན་ཆས་ཐོག་གཙོ་བོར་བོད་ཡིག་ཡིག་སྒྱུར་ཡོད་པའི་མཉེན་ཆས་ Apps  དེ་སྒེའུ་ཁུངས་རྟགས་ཅན་ Windows  ཁག་གི་གློག་ཀླད་སོགས་དང་སྒེའུ་ཁུངས་རྟགས་ཅན་གྱི་ཁ་པར་ Windows Phone རིགས། ཀུ་ཤུའི་ཁ་པར་  iPhone ཀུ་ཤུའི་ཆུ་ཚོད་ Apple Watch ད་དུང་ཨན་ཌོར་མ་ལག་ཅན་གྱི་ཁ་པར་ Android Phone དང་  Android Wear གྷུ་གྷལ་གྱི་ཆུ་ཚོད་བཅས་ཀྱི་ནང་ཕབ་ལེན་བྱེད་ཆོག་གི་ཡོད་པ་རེད།

གཞན་ཡང་ Microsoft Words 365 ཅན་ནང་ལའང་བོད་ཡིག་ཡིག་སྒྱུར་བྱེད་ས་རང་འགུལ་ཐོག་ཡོང་གི་ཡོད་པ་དང་། དེ་སྔོན་གྱི་ Microsoft Words ཐོན་རིམ་རྙིང་པ་ཁག་གི་ནང་སྤྱིར་ Microsoft Translator ཡོད་ཀྱང་། སྐབས་དེར་བོད་ཡིག་ཡིག་སྒྱུར་ནང་འཇུག་བྱས་མེད་པས་ད་ལྟ་ཁྱེད་ཀྱིས་ཐོན་རིམ་རྙིང་པ་ཁག་བེད་སྤྱོད་གཏོང་བཞིན་ཡོད་ཚེ་བོད་ཡིག་ཡིག་སྒྱུར་བྱེད་ས་ཡོང་གི་མེད་པ་རེད།

གཉེན་ཆས་དེའི་ནང་གཙོ་བོ་སྡེ་ཚན་བཞི་ཡོད། ༡། སྐད་ཡིག་ཕན་ཚུན་ཡིག་སྒྱུར། ༢། སྐད་ངག་ལས་ཡིག་སྒྱུར། ༣། མི་གཉིས་དབར་ཕན་ཚུན་ཁ་བརྡའི་འཕྲིན་ཐུང་ཡིག་སྒྱུར་དང་ངག་འཕྲིན་ནས་ཡི་གེར་སྒྱུར་བ། ༤། པར་བརྒྱབ་པའམ་པར་རིས་ལྟར་བཟོས་པའི་ཡི་གེ་ལས་ཡིག་སྒྱུར་བཅས་སྡེ་ཚན་བཞི་ཡོད།

ཡིག་སྒྱུར་འཕྲུལ་ཆས་དེའི་ཐོག་ནས་བོད་ཡིག་ནས་གཞན་སྐད་ཡིག་ ༡༠༢ ལ་ཕར་ཡིག་སྒྱུར་ཐུབ་ཀྱི་ཡོད་པ་དང་། སྐད་ཡིག་གཞན་ ༡༠༢ ནས་ཚུར་བོད་ཡིག་ལ་ཡིག་སྒྱུར་བྱེད་ཐུབ་ཀྱི་ཡོད་པ་རེད།

དབྱིན་ཡིག་དང་། རྒྱ་ཡིག འཇར་པན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ་བཅས་སྐད་ཡིག་གྲངས་ ༢༢ ནས་པར་རིས་ལྟར་བཟོས་པའམ། པར་བརྒྱབ་ཚེ་ཡི་གེ་ཚིག་འབྲུ་འཛིན་གྱིས་བོད་ཡིག་ཐོག་སྒྱུར་ཐུབ། འོན་ཀྱང་ད་ལྟར་པར་རིས་དང་པར་རིས་ལྟར་བཟོས་པའི་བོད་ཡིག་ངོས་འཛིན་དང་ཡིག་སྒྱུར་བྱེད་ཐུབ་ཀྱི་མེད་པ་རེད།

Apps གཉེན་ཆས་དེའི་ཐོག སྐད་ཡིག་ ༤༦ ཙམ་གྱི་སྒྲའམ་སྐད་ངོས་འཛིན་གྱིས་བོད་ཡིག་ནང་རང་འགུལ་སྒྱུར་ཐུབ་ཀྱི་ཡོད། འོན་ཀྱང་ད་ལྟའི་ཆར་བོད་སྐད་ཀྱི་སྒྲ་ངོས་འཛིན་དང་རང་འགུལ་གྱིས་སྐད་ཡིག་གཞན་ལ་སྒྱུར་ཐུབ་ཀྱི་མེད་པ་རེད།

ད་དུང་གཉེན་ཆས་དེའི་ཐོག་ཁ་པར་དང་ཡང་ན་མི་གཉིས་དབར་སྐད་སྒྱུར་དང་ཡིག་སྒྱུར་བྱེད་ཐུབ་ཀྱི་ཡོད། ཐོག་མར་ཁ་པར་གཉིས་དབར་ QR ཨང་གྲངས་བརྒྱུད་མཐུད་རྒྱག་དགོས་པ་དང་། རང་ཉིད་ཀྱི་སྐད་ཡིག་གང་གི་ཐོག་ཁ་བརྡ་བྱེད་བྱ་རྒྱུ་ཡིན་མིན་འདེམས་དགོས་པ་དང་རང་གི་མིང་དབྱིན་ཡིག་ནང་འབྲི་དགོས།

ཕན་ཚུན་ཁ་བརྡ་སྐབས་ཁྱེད་རང་གི་བོད་ཡིག་བྲིས་ཀྱང་ཕར་ཕྱོགས་དེས་དབྱིན་ཡིག་བདམས་ཡོད་ཚེ་རང་འགུལ་དབྱིན་ཡིག་ཤར་གྱི་ཡོད། ཕར་ཕྱོགས་ཀྱིས་དབྱིན་ཡིག་བྲིས་ཀྱང་ཁྱེད་རང་གི་གཉེན་ཆས་ནང་བོད་ཡིག་ཤར་གྱི་ཡོད། ཁ་བརྡ་དེའི་བརྒྱུད་བོད་ཡིག་ཐོག་ནས་གཞན་སྐད་ཡིག་ ༡༠༢ ལ་ཕན་ཚུན་ཡིག་སྒྱུར་བྱེད་ཐུབ་ཀྱི་ཡོད། དེ་བཞིན་དབྱིན་ཇི་དང་རྒྱ་སྐད་སོགས་ངག་ཐོག་ནས་བཤད་ཚེ། ཚུར་ཕྱོགས་བོད་ཡིག་ནང་ཡི་གེ་ཤར་གྱི་ཡོད་ཀྱང་། བོད་སྐད་ཐོག་ནས་ཕར་སྐད་ཡིག་གཞན་པ་ལྟར་ངག་ཐོག་ནས་བཤད་ས་བཟོས་མེད་པ་རེད།  

Microsoft ནང་བོད་ཡིག་ཡིག་སྒྱུར་དེ་ཚིག་མཛོད་དང་ཡིག་སྒྱུར་གཉེན་ཆས་གཞན་དག་ཁག་ཅིག་ལྟར་ཐད་ཀར་ཚིག་སྒྱུར་ཙམ་མིན་པར་དོན་སྒྱུར་གཙོ་འདོན་གནང་འདུག་པ་དང་། མིང་ཚིག་སྒྱུར་སྟངས་དང་མིང་ཚིག་བདེ་སྤྱོད་གཏོང་སྟངས་ནི་དེང་སང་གི་བོད་ནང་གི་བོད་ཡིག་འབྲིང་སྟངས་དང་མིང་ཚིག་བེད་སྤྱོད་གཏོང་སྟངས་ལྟར་ཆགས་ཡོད་པ་རེད།  

གྷུ་གྷལ་ Google གྱི་ཡིག་སྒྱུར་དེའི་ཐོག་ད་ལྟའི་ཆ་ཁྱོན་སྐད་ཡིག་ ༡༠༩ ཕན་ཚུན་ཡིག་སྒྱུར་བྱེད་ཐུབ་ཀྱི་ཡོད་ཀྱང་བོད་ཡིག་ད་དུང་ལེགས་འགྲུབ་བྱུང་མེད་པ་རེད།

Coming up next

# TITLE RELEASED TIME MORE
མེ་ཁོ་རོ་སོ་ཧྥོ་ཊི་ Microsoft ཡི་ཡིག་སྒྱུར་གཉེན་ཆས་ཞབས་ཞུ་ཐོག་བོད་ཡིག་གསར་འཇུག་བྱས་པ། 20/10/2021 16:09 ...
ཏོག་དབྱིབས་ན་ཚའི་རིགས་གསར་པ་དེ་ཐོན་རྗེས་ཨོ་སི་ཊོ་ལི་ཡས་ཛ་དྲག་ཚོགས་འདུ་ཚོགས་པ། 04/12/2021 05:31 ...
རང་ཉིད་ལ་སྤུན་མཆེད་དྭ་ཕྲུག་ཡོད་ཚེ་་མཐོང་མཆན་ཞུ་ཚུལ། 26/11/2021 05:59 ...
ལོ་འཁོར་བྲེལ་འཚུབ་ཅན་གྱི་ཉོ་ཚོང་དུས་སྐབས་སུ་བསླུ་བྲིད་ཀྱི་ཉེན་བརྡ། 26/11/2021 04:29 ...
བསྟན་འཛིན་རབ་གསལ་ལགས་ཀྱིས་ཆེད་སྦྱོང་གི་དམིགས་ཡུལ་དང་དཀའ་ངལ་གདོང་ལེན། 25/11/2021 09:54 ...
གྷུ་གྷལ་གྱི་ལས་འཆར་ལ་ཨོ་སི་ཊོ་ལི་ཡའི་སྲིད་བློན་གྱིས་དགའ་བསུ། 18/11/2021 05:39 ...
ཨོ་སི་ཊོ་ལི་ཡའི་ནང་ཚོང་ལས་ཆུང་ཁག་གཉེར་སྟངས་སྐོར། 12/11/2021 06:29 ...
ཨོ་སི་ཊོ་ལི་ཡའི་ནང་ལས་མེད་བ་མང་དུ་འགྲོ་བ། 12/11/2021 04:38 ...
ཨོ་སི་ཊོ་ལི་ཡའི་ནང་འབུམ་རམས་པའི་སློབ་སྦྱོང་གི་གོ་སྐབས་དང་འཛུལ་ཞུགས་གནང་སྟངས། 11/11/2021 05:48 ...
བོད་པའི་ན་གཞོན་ཞིག་གིས་བོད་མི་གཞོན་སྐྱེས་ཚོས་སློབ་སྦྱོང་བྱེད་དགོས་པའི་གལ་གནད་གླེང་བ། 03/11/2021 07:32 ...
View More