SBS བོད་སྐད་སྡེ་ཚན།

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་བཀག་བསྡོམས་བསྐྱར་དུ་སྒོ་ཕྱེ་སྐབས་ཁྱེད་རང་གིས་ག་རེ་བྱེད་ཆོག་གམ།

NSW Premier Dominic Perrottet addresses media during a press conference in Sydney, Thursday, October 7, 2021. Source: AAP

ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་མི་འབོར་བརྒྱ་ཆ་ ༧༠ ལ་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་རྗེས། ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་ནས་ཁྱིམ་སྡོད་བཀའ་རྒྱ་དང་དམ་བསྒྲགས་རྣམས་ལྷོད་དུ་བཏང་ནས། ཚོང་ལས་ཁག་མང་ཆེ་བ་བསྐྱར་དུ་སྒོ་ཕྱེ་འཆར་ཡོད་པ་རེད།

ཕྱི་ཟླ་ ༡༠ ཚེས་ ༡༡ གཟའ་ཟླ་བ་ནས་བཟུང་ཁྱེད་རང་གིས་ག་རེ་བྱེད་ཆོག་གི་ཡོད་མེད་དང་། ད་དུང་ཏོག་དབྱིབས་སྔོན་འགོག་གི་ཞིབ་ཕྲའི་སྒྲིག་གཞི་ཁག་ཅིག་ངོ་སྤྲོད་ཞུ་གི་ཡིན།

དེ་ཡང་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་བའི་མི་རྣམས་ལ་སྒྲིག་གཞི་ནི། མི་གྲངས་ ༡༠ མན་ཆད་ཁྱེད་རང་གི་ནང་ལ་འགྲོ་འོངས་བྱེད་ཆོག་གི་ཡོད་པ་དང་། དེའི་ནང་ཕྲུག་གུ་ལོ་ ༡༢ མན་རྣམས་གྲངས་ཀའི་ནང་ཚུད་དགོས་ཀྱི་མེད་པ་རེད། ཁང་པའི་ཕྱི་ལོགས་སུ་མི་གྲངས་ ༢༠ ནས་ཡར་སྤར་ཏེ་ ༣༠ མན་འདུ་འཛོམས་བྱེད་ཆོག་གི་ཡོད་པ་དང་། ཆང་ས་མཛད་སྒོ་དང་དུར་མཆོད་སོགས་ལ་མི་གྲངས་ ༥༠ ནས་ཡར་སྤར་ཏེ་ ༡༠༠ མན་འདུ་འཛོམས་བྱེད་ཆོག་གི་ཡོད་པ་རེད། ལུས་སྦྱོང་དང་། ཁང་པའི་ནང་ལོག་གི་སྤྲོ་སེང་ཁག རྩེད་རིགས་ཁག་ལ་འགྲོ་བསྐྱོད་བྱེད་ཆོག བཟའ་གཏུང་ཞབས་ཞུ་ཁག་ལ་མི་གྲངས་ ༢༠ མན་གྱིས་མཉམ་སྡོད་མཉམ་མངགས་བྱེད་ཆོག

ཡིན་ན་ཡང་ཁང་པའི་ནང་ལོག་ལ་མི་གཅིག་གི་སྡོད་སར་ས་ཁྱོན་ལ་བར་སྟོང་རྨིད་གྲུ་བཞི་ ༤ དགོས་པ་དང་། ཁང་པའི་ཕྱི་ལོགས་ཡིན་ཚེ་མི་གཅིག་གི་སྡོད་སའི་ས་ཁྱོན་ལ་མི་གཞན་ལས་བར་སྟོང་རྨིད་གྲུ་བཞི་མ་ ༢ དགོས་ཀྱི་ཡོད་པ་རེད།

ལོ་ན་ ༡༢ མན་ཕུད་དེ་མིན་འགོབ་ཁབ་ཆ་ཚང་བརྒྱབ་ཚར་བའི་མི་ཁང་པའི་ནང་ལོགས་སུ་ལས་བྱེད་དང་། མགྲོན་པོ་ཚང་མས་ཁ་རས་གྱོན་དགོས་པས་མ་ཚད། གཞན་ཡང་སྤྱི་བསྐྱོད་འགྲིམ་འགྲུལ་དང་། གནམ་གྲུ། གནམ་ཐང་སོགས་ཀྱི་ནང་ཁ་རས་ངེས་པར་དུ་གྱོན་དགོས་ཀྱི་ཡོད་པ་རེད། མ་ཚད་ལས་བྱེད་དང་མགྲོན་པོ་ཚང་མས་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་ལག་འཁྱེར་ཡང་སྟོན་དགོས་ཀྱི་ཡོད་འདུག

དེ་སྔོན་ནིའུ་སོ་ཐི་ཝལ་མངའ་སྡེའི་བློན་ཆེན་གྷ་ལི་ཌིས་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་ནས་དམ་བསྒྲགས་ལྷོད་དུ་གཏོང་ཕྱོགས་ཐད་མི་གྲངས་འདུ་འཛོམས་དང་ཚོང་ལས་དང་བྱེད་སྒོ་གང་ཞིག་སྒོ་ཕྱེ་དགོས་མིན་དང་ག་དུས་ཕྱེ་དགོས་མིན་གྱི་གཏན་འབེབས་བྱས་པའི་སྒྲིག་གཞི་ཁག་ཅིག་ནིའུ་སོ་ཐི་ཝལ་མངའ་སྡེའི་བློན་ཆེན་གསར་པ་ཌོ་མེ་ནིང་ཁི་ཕི་རོ་ཊི་ Dominic Perrottet ཡིས་འགྱུར་བ་བཏང་ཡོད་པ་རེད།

ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ལོ་ན་ ༡༦ ཡན་གྱི་མི་འབོར་བརྒྱ་ཆ་ ༨༡ ལ་ཏོག་དབྱིབས་འགོག་ཁབ་དང་པོ་དང་། ལོ་ན་ ༡༦ ཡན་གྱི་མི་འབོར་བརྒྱ་ཆ་ ༥༩་༣ ལ་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད་པ་རེད།

དེའི་ནང་དམིགས་བསལ་ཏོག་དབྱིབས་ནད་པ་མང་ཤོས་ཐོན་ས་དང་། དམ་བསྒྲགས་རྒྱུན་རིང་ཤོས་བྱེད་ས་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ད་བར་ལོ་ན་ ༡༦ ཡན་གྱི་མི་འབོར་བརྒྱ་ཆ་ ༨༩་༤ ཏོག་དབྱིབས་འགོག་ཁབ་དང་པོ་དང་། ལོ་ན་ ༡༦ ཡན་གྱི་མི་འབོར་བརྒྱ་ཆ་ ༧༠་༣ ལ་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད་པ་རེད།

ཡོང་རྒྱུ་བསྡད་པའི་རེས་གཟའ་ཟླ་བ་ཉིན་ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་དམ་བསྒྲགས་ཁག་ལྷོད་དུ་གཏོང་རྒྱུ་དེའི་ཐད། མི་མང་པོ་ཞིག་དགའ་སྣང་དང་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ཡང་འཕྲོད་བསྟེན་འགོ་ཁྲིད་དང་ཆེད་མཁས་སྨན་པ་སོགས་མི་མང་པོ་ཞིག་གིས་གློ་བུར་དུ་དམ་བསྒྲགས་ལྷོད་དུ་ཤུགས་ཆེ་གཏང་ཚེ་ན་ཚ་སླར་ཡང་འཕར་འགྲོ་སྲིད་པའི་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག

དེ་རིང་ནིའུ་སོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་འགོ་ཁྲིད་ཌོ་ཊར་ཁེ་རེ་ཆན་ཊི་ལགས་ཀྱིས་དམ་བསྒྲགས་ལྷོད་དུ་གཏོང་ཡང་ཁ་རས་གྱོན་རྒྱུ་དང་། བར་ཐག་འཇོག་རྒྱུ། མ་བདེ་དང་ནད་རྟགས་ཐོན་ཚེ་ལམ་སོང་བརྟག་དཔྱད་དང་ཟུར་བཀག་དུ་སྡོད་ནས། སྔོན་འགོག་ཐད་ད་དུང་མུ་མཐུད་གཟབ་གཟབ་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་སོང་།

ཕྱི་ཟླ་ ༡༠ ཚེས་ ༢༥ ནས་ནིའུ་སའོ་ཐི་ཝལ་མངའ་སྡེའི་སློབ་ཕྲུག་ཆ་ཚང་སློབ་གྲྭར་དངོས་སུ་བསྐྱོད་དགོས་ཀྱི་ཡོད་པ་དང་། དེ་ཡང་བུ་བཅོལ་ཁང་དང་། འཛིན་གྲྭ་དང་པོ། འཛིན་གྲྭ་ ༡༢ བཅས་ཕྱི་ཟླ་ ༡༠ ཚེས་ ༡༨ ནས་སློབ་གྲྭར་དངོས་སུ་བསྐྱོད་རྒྱུ་དང་། འཛིན་གྲྭ་ ༢ པ་དང་ ༦ པ་ ༡༡ བཅས་ཕྱི་ཟླ་ ༡༠ པའི་ཚེས་༢༥ ཉིན་སློབ་གྲྭར་དངོས་སུ་བསྐྱོད་རྒྱུ། དེ་མིན་འཛིན་གྲྭ་ ༣ པ་ནས་ ༡༠ བར་གྱི་སློབ་ཕྲུག་ཚང་མ་བདུན་ཕྲག་གཅིག་གི་སྔོན་ལ་ཚོགས་འཆར་ཡོད་འདུག

Coming up next

# TITLE RELEASED TIME MORE
ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་བཀག་བསྡོམས་བསྐྱར་དུ་སྒོ་ཕྱེ་སྐབས་ཁྱེད་རང་གིས་ག་རེ་བྱེད་ཆོག་གམ། 08/10/2021 04:09 ...
ཏོག་དབྱིབས་ན་ཚའི་རིགས་གསར་པ་དེ་ཐོན་རྗེས་ཨོ་སི་ཊོ་ལི་ཡས་ཛ་དྲག་ཚོགས་འདུ་ཚོགས་པ། 04/12/2021 05:31 ...
རང་ཉིད་ལ་སྤུན་མཆེད་དྭ་ཕྲུག་ཡོད་ཚེ་་མཐོང་མཆན་ཞུ་ཚུལ། 26/11/2021 05:59 ...
ལོ་འཁོར་བྲེལ་འཚུབ་ཅན་གྱི་ཉོ་ཚོང་དུས་སྐབས་སུ་བསླུ་བྲིད་ཀྱི་ཉེན་བརྡ། 26/11/2021 04:29 ...
བསྟན་འཛིན་རབ་གསལ་ལགས་ཀྱིས་ཆེད་སྦྱོང་གི་དམིགས་ཡུལ་དང་དཀའ་ངལ་གདོང་ལེན། 25/11/2021 09:54 ...
གྷུ་གྷལ་གྱི་ལས་འཆར་ལ་ཨོ་སི་ཊོ་ལི་ཡའི་སྲིད་བློན་གྱིས་དགའ་བསུ། 18/11/2021 05:39 ...
ཨོ་སི་ཊོ་ལི་ཡའི་ནང་ཚོང་ལས་ཆུང་ཁག་གཉེར་སྟངས་སྐོར། 12/11/2021 06:29 ...
ཨོ་སི་ཊོ་ལི་ཡའི་ནང་ལས་མེད་བ་མང་དུ་འགྲོ་བ། 12/11/2021 04:38 ...
ཨོ་སི་ཊོ་ལི་ཡའི་ནང་འབུམ་རམས་པའི་སློབ་སྦྱོང་གི་གོ་སྐབས་དང་འཛུལ་ཞུགས་གནང་སྟངས། 11/11/2021 05:48 ...
བོད་པའི་ན་གཞོན་ཞིག་གིས་བོད་མི་གཞོན་སྐྱེས་ཚོས་སློབ་སྦྱོང་བྱེད་དགོས་པའི་གལ་གནད་གླེང་བ། 03/11/2021 07:32 ...
View More