ཨོ་སི་ཊོ་ལི་ཡའི་སྒུག་སྡོད་ཕྲལ་སེལ་ཐོངས་མཆན་ Bridging Visa སྐོར་ངོ་སྤྲོད།

A bridging visa acts as a bridge between lodgement of a visa and the determination of that application. Source: Getty Images/Jodie Griggs

ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་ནང་ཨོ་སི་ཊོ་ལི་ཡའི་ནང་སྒུག་སྡོད་ཕྲལ་སེལ་ཐོངས་མཆན་ Bridging Visa ཡིན་པའི་མི་གྲངས་ ༣༥༠༠༠༠ བརྒལ་ཡོད་པས་དེ་ནི་ལོ་རྒྱུས་ནང་གྲངས་འབོར་མཐོ་ཤོས་སུ་སླེབས་ཡོད། འོན་ཀྱང་སྒུག་སྡོད་ཕྲལ་སེལ་ཐོངས་མཆན་ཟེར་བ་དེ་ཚོ་ག་རེ་ཡིན་མིན་དང་། དེ་ལ་ཐོབ་ཐང་ག་རེ་ཡོད་མེད་དང་ཆ་རྐྱེན་གང་འདྲ་ཞིག་གི་ཐོག་ནས་ཡོང་གི་ཡོད་མེད་སྐོར་ངོ་སྤྲོད།

ཨོ་སི་ཊོ་ལི་ཡའི་ནང་ཐོངས་མཆན་ Visa ཞུ་སྐབས་ཁག་ཅིག་ལ་མཐའ་མའི་ཐག་གཅོད་མ་བྱས་བར་དུ་ཁོང་ཚོ་ལ་ཁྲིམས་དང་མཐུན་པའི་ཕྲལ་སེལ་ཐོངས་མཆན་ Bridging Visa ཐོག་ནས་ཨོ་སི་ཊོ་ལི་ཡའི་ནང་སྡོད་བཅུག་གི་ཡོད། ཕྲལ་སེལ་ཐོངས་མཆན་ལ་རིགས་མི་འདྲ་བ་མང་པོ་ཡོད་པ་ལྟར་ཐོབ་ཐང་དང་ཆ་རྐྱེན་ཡང་མ་འདྲ་བ་ཡང་མང་པོ་ཡོད་པ་རེད། གཙོ་བོར་ཐོངས་མཆན་ཞུ་མཁན་དེའི་གནས་སྟངས་དང་ཆ་རྐྱེན་ལ་རག་ལུས་ཡོད་པ་རེད། 


གནས་ཚུལ་གཙོ་འདོན་ཁག་ཅིག 

  • ཕྲལ་སེལ་ཐོངས་མཆན་ཁག་ནི་རང་སྐྱ་འཕེལ་བའི་ཐོངས་མཆན་ Substantive Visa གཞན་ཞིག་དང་སྦྲེལ་ནས་ཡོད་པའི་ཐོངས་མཆན་ཞིག་ཡིན།
  • ཕྲལ་སེལ་ཐོངས་མཆན་ཁག་གི་ནང་ BVA དང་ BVB ཐོངས་མཆན་ཅན་གཉིས་ཁོ་ན་སྐབས་དེར་ཨོ་སི་ཊོ་ལི་ཡ་ནས་ཕར་འགྲོ་དང་ཚུར་འོངས་བྱེད་ཆོག་གི་ཡོད་པ་རེད། 
  • གཞན་ BVC དང་ BVE ཅན་གྱི་ཐོངས་མཆན་གྲས་ཨོ་སི་ཊོ་ལི་ཡའི་ནང་ཡོང་ཆོག་གི་ཡོད་ཀྱང་ལས་ཀ་བྱེད་པའི་ཐོབ་ཐང་མེད། འོན་ཀྱང་ལས་ཀ་བྱེད་ཆོག་པའི་ཆོག་མཆན་ཞུས་ཆོག


ཕྲལ་སེལ་ཐོངས་མཆན་ཟེར་བ་དེ་ཚོ་ག་རེ་རེད་དམ། Bridging Visas

ཨོ་སི་ཊོ་ལི་ཡའི་ནང་མི་སེར་མ་ཡིན་པའི་མི་ཚང་མས་ཁྲིམས་མཐུན་གྱི་གནས་བབས་ཐོག་ནས་འོས་འཚམ་གྱིས་ཐོངས་མཆན་རེ་ཡོད་པ་ཡིན། འོན་ཀྱང་ཁག་ཅིག་ད་ལྟའི་ཐོངས་མཆན་དེ་རྫོགས་ནས་རྗེས་ཀྱི་ཐོངས་མཆན་དེ་ད་དུང་མ་རག་ཚེ་ཕྲལ་སེལ་ཐོངས་་མཆན་དེས་ཨོ་སི་ཊོ་ལི་ཡའི་ནང་ཁྲིམས་མཐུན་གྱི་གནས་བབས་བཟུང་བར་ཕན་ཐོགས་ཡོད། 

surfing
The Australian migration zone is a legal device created by the Australian government for the purpose of Australia's visa policy and immigration policy.
Pexels/Pixabay

 ཕྲལ་སེལ་ཐོངས་་མཆན་ལ་ནང་གསེས་རིགས་དཔེར་ན་ BVA དང་ BVB, BVC, BVD, BVE, BVF, BVR བཅས་མང་པོ་ཡོད་པ་རེད།  

 

ཕྲལ་སེལ་ཐོངས་མཆན། A (BVA)

དེ་ཡང་ BVA ཐོངས་མཆན་ཡོད་མཁན་ནི་རང་སྐྱ་འཕེལ་བའི་ཐོངས་མཆན་ Substantive Visa ཞུ་བར་ཆ་རྐྱེན་ཚང་མཁན་ཞིག་ཡིན། སྤྱི་བཏང་ BVA ཐོངས་མཆན་ཐོག་ནས་སྙན་ཞུ་འབུལ་བའི་སྐབས་སུ་ཆ་རྐྱེན་གཅིག་པ་ཡིན་པ་དང་། སྐུ་ཞབས་ Rigas ལགས་ཀྱིས་དཔེར་ན་ཁྱེད་རང་ཡུལ་སྐོར་སྤྲོ་འཆམ་གྱི་ཐོངས་མཆན་ཡོད་ན་སློབ་ཕྲུག་གི་ཐོངས་མཆན་ལ་སྙན་ཞུ་འབུལ་ཆོག་གི་ཡོད་པ་དང་། ཁྱེད་རང་གི་ཕྲལ་སེལ་ཐོངས་མཆན་ A བཟོ་དགོས་ཀྱི་ཡོད་པ་ལྟ་བུ་རེད་ཅེས་གསུངས་འདུག

མི་སུ་ཞིག་ལ་ཐོངས་མཆན་ BVA ཡིན་ཚེ་རྒྱལ་ཁབ་གཞན་པ་ལ་དུས་ཡུན་ངེས་ཅན་ཞིག་འགྲོ་ཆོག་པའི་ཆོག་མཆན་ཞུ་ཆོག་གི་ཡོད། འོན་ཀྱང་སྐབས་དེར་ཐག་གཅོད་བྱེད་སྐབས་ཁོང་ཚོ་ངེས་པར་དུ་ཨོ་སི་ཊོ་ལི་ཡའི་ནང་ཡོད་དགོས་པ་ཡིན། དེ་ནི་ BVA ཅན་གྱི་ཐོངས་མཆན་ཡོད་མཁན་ལ་དམིགས་བསལ་ཁེ་ཕན་ཞིག་ཆགས་ཀྱི་ཡོད། 

ཕྲལ་སེལ་ཐོངས་མཆན། B (BVB)

ཕྲལ་སེལ་ཐོངས་མཆན་ཁག་གི་ནང་ BVA ཡོད་མཁན་ཞིག་ཡིན་ཚེ་རྒྱལ་ཁབ་དང་ལུང་པ་གཞན་པར་འགྲོ་བསྐྱོད་ཆོག་མཆན་ཞུས་ཆོག ཁོང་ཚོས་འབྲེལ་མཐུད་ཐོངས་མཆན་ B ཐོག་ནས་སྙན་ཞུ་འབུལ་གྱི་ཡོད། རང་སྐྱ་འཕེལ་བའི་ཐོངས་མཆན་ Substantive Visa ཞིག་ཞུས་ནས་འགྲོ་ལུགས་བརྒྱུད་རིམ་གཉེར་བཞིན་པའི་སྐབས། ཕྲལ་སེལ་ཐོངས་མཆན་ B ཐོག་ནས་དུས་ཡུན་ངེས་ཅན་ཞིག་གི་ནང་ཨོ་སི་ཊོ་ལི་ཡའི་ནང་ཕར་ཚུར་འགྲོ་འོངས་བྱེད་ཆོག་གི་ཡོད། 

plane
Only people on a BVA or a BVB can apply for a BVB.
Getty Images/Issarawat Tattong

སྐུ་ཞབས་ Vaswani ལགས་ཀྱིས། ཐོངས་མཆན་དེའི་ཐོག་ནས་ཨོ་སི་ཊོ་ལི་ཡ་ནས་ཐོན་ཆོག་གི་ཡོད་པ་དང་། སྤྱིར་བཏང་ཐོངས་མཆན་དེ་ཡང་ BVA ཐོངས་མཆན་དང་ཆ་རྐྱེན་གཅིག་པ་ཡིན། མི་མང་ཆེ་བས་ཐོངས་མཆན་དེ་སྤྱོད་ཀྱི་ཡོད། ཚུར་ཡོང་དུས་ཀྱང་ད་དུང་ BVB ཡི་གནས་སྟངས་ཐོག་བསྡད་ཡོད། BVB ཐོག་ནས་འགྲུལ་བཞུད་མང་པོ་བྱེད་བཅུག་གི་མེད། 

ཕྲལ་སེལ་ཐོངས་མཆན། C (BVC)

ཐོངས་མཆན་ C ནི་ཐོངས་མཆན་ BVA དང་འདྲ་བར་ཨོ་སི་ཊོ་ལི་ཡའི་ནང་རང་སྐྱ་འཕེལ་བའི་ཐོངས་མཆན་ Substantive Visa ཞིག་ཞུ་བར་སྐབས་དོན་འབྲེལ་བ་ཡོད། ཐོངས་མཆན་དེ་ནི་སུ་ཞིག་ལ་ཐོངས་མཆན་མེད་པ་དང་། ཕྲལ་སེལ་ཐོངས་་མཆན་ཞིག་ཞུ་བཞིན་པའི་སྐབས་སུ་སྤྲད་པའི་ཐོངས་མཆན་ཞིག་ཡིན། དཔེར་ན་མི་ཞིག་ཡུལ་སྐོར་སྤྲོ་འཆམ་གྱི་ཐོངས་མཆན་ཐོག་ནས་སློབ་ཕྲུག་གི་ཐོངས་མཆན་ཞུ་བ་ལྟ་བུ། ཁོང་ཚོས་ BVA ཡི་ཐོངས་མཆན་སྤྲད་ཀྱི་ཡོད། ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་རྫོགས་རྗེས་ཐོངས་མཆན་གཞན་ཞིག་ཞུ་རྒྱུའི་ཐག་གཅོད་བྱས་པ། སྦྱིན་བདག་གི་ལས་ཀའི་ཐོངས་མཆན་ལྟར་བུ། གང་ཡིན་ཟེར་ན་ཁོང་ཚོས་ཐོངས་མཆན་དེ་ཞུ་སྐབས་རང་སྐྱ་འཕེལ་བའི་ཐོངས་མཆན་ Substantive Visa ཞིག་མེད་སྟབས། ཁོང་ཚོས་ BVC ཅན་གྱི་ཐོངས་མཆན་དེ་སྤྲོད་ཀྱི་ཡོད།

BVC ནི་ཁྲིམས་མཐུན་མིན་པའི་ཐོག་ནས་སྤྲད་པའི་ཡིག་ཆ་ཞིག་ཡིན་པ་རེད། འོན་ཀྱང་ཐོངས་མཆན་གཞན་ཐག་གཅོད་མ་བྱས་གོང་བཀག་ཉར་ཁང་དུ་བཅུག་གི་ཡོད་པ་རེད། 

 སྐུ་ཞབས་ Vaswani ལགས་ཀྱིས་སྤྱིར་བཏང་ BVC ཐོག་ནས་ལས་ཀ་བྱེད་ཆོག་པའི་ཆོག་མཆན་ཡོད་མ་རེད་ཅེས་གསུངས་འདུག མ་ཚད་ཁོང་གིས་ BVC ཐོངས་མཆན་དེའི་ཐོག་ནས་ཁྱེད་རང་གི་ཐོངས་མཆན་གཞན་གྱི་བརྒྱུད་རིམ་འགྲོ་བཞིན་པའི་སྐབས་འདིར་གནས་སྡོད་བྱེད་ཆོག་གི་ཡོད་ཀྱང་། སྤྱིར་བཏང་དེ་དང་མཉམ་དུ་ལས་ཀ་བྱེད་ཆོག་པའི་ཆ་རྐྱེན་མཉམ་དུ་ཡོད་པ་མ་རེད་ཅེས་གསུངས་འདུག

གལ་སྲིད་ BVC ཡི་ཐོངས་མཆན་འཛིན་མཁན་རྣམས་ཨོ་སི་ཊོ་ལི་ཡི་ནས་ཐོན་ཚར་རྗེས་ཁོང་ཚོར་ཐོངས་མཆན་གཞན་ཞིག་མ་རག་ན་ཕྱིར་ཨོ་སི་ཊོ་ལི་ཡི་ནང་ཡོང་ཆོག་གི་མེད་པ་རེད། 

ཕྲལ་སེལ་ཐོངས་མཆན། E (BVE)

སྐུ་ཞབས་ Vaswani ལགས་ཀྱིས་ཕྲལ་སེལ་ཐོངས་མཆན་ E ཐོག་ནས་ཁྱེད་རང་ལུང་པ་གཞན་ལ་ཐོན་པའམ་གཞིས་སྤོ་དང་གཞིས་སྤོའི་གནད་དོན་ཐོག་མཐའ་མའི་ཐག་གཅོད་ལ་སྒུག་བཞིན་པའི་སྐབས་ཁྱེད་རང་ཨོ་སི་ཊོ་ལི་ཡའི་ནང་ཁྲིམས་ཐོག་ནས་གནས་སྡོད་བྱེད་བཅུག་གི་ཡོད།

ཕྲལ་སེལ་ཐོངས་མཆན་ E དེ་ཁྱེད་རང་མི་སེར་མིན་པ་ཁྲིམས་དང་མ་མཐུན་པའི་ཐོག་ནས་སྤྲད་པ་ཞིག་དང་། དེ་ཡང་ཁྱེད་རང་གི་འབྲེལ་མཐུད་ཐོངས་མཆན་རྫོགས་པའམ་འབྲེལ་མཐུད་ཐོངས་མཆན་རྩིས་མེད་བཏང་བ་བཅས་ཆགས་ཀྱི་ཡོད། 

 

 

ལས་ཀའི་བྱེད་ཆོག་པའི་ཆོག་མཆན་ཞུ་བ། 

སྤྱི་བཏང་ཐོངས་མཆན་གྱི་རིགས་ BVE དང་ BVC བཅས་ལ་ལས་ཀ་བྱེད་ཆོག་པའི་ཐོབ་ཐང་མེད། འོན་ཀྱང་མི་སུ་ཞིག་ལ་ཕྲལ་སེལ་ཐོངས་་མཆན་ཐོག་ནས་ལས་ཀ་བྱེད་ཆོག་པའི་ཐོབ་ཐང་མེད་ཀྱང་སྙན་ཞུ་འབུལ་ཆོག

སྙན་ཞུ་འབུལ་མཁན་ཚོས་ད་ལྟའི་གནས་སྟངས་འདིའི་ཐོག་ནས་དཔལ་འབྱོར་དཀའ་ངལ་ཡོད་པའི་ར་སྤྲོད་བྱེད་དགོས་པ་ཡིན། 

builder
Usually a BVE, like a BVC, does not come with work rights.
Burst/Pexels

ཕྲལ་སེལ་ཐོངས་མཆན་གྱི་དུས་ཡུན། 

སྐུ་ཞབས་ Rigas  ལགས་ཀྱིས་ཕྲལ་སེལ་ཐོངས་མཆན་དུས་ཡུན་ག་ཚོད་བར་ཡོད་མེད་གནས་སྟངས་སྣ་ཚོགས་ཡོད་སྐོར་འགྲེལ་བརྗོད་གནང་དོན། ཁོང་གིས་སྤྱིར་བཏང་ཁྱེད་རང་གིས་ཐོངས་མཆན་གཞན་ཞིག་སྙན་ཞུ་ཕུལ་ཡོད་ཚེ་འབྲེལ་མཐུད་མཐོང་ཆེད་དེ་མུ་མཐུད་ཉིན་གྲངས་ ༣༥ བར་གནས་ཀྱི་ཡོད་སྐོར་གསུངས་འདུག 

ཉིན་གྲསང་ ༣༥ རྗེས་ནང་སྲིད་ལྷན་ཁང་གིས་སྙན་ཞུ་ངོས་ལེན་མ་བྱས་ཚེ་ཨོ་སི་ཊོ་ལི་ཡ་ནས་ཐོན་འགྲོ་བའམ་ཐོངས་མཆན་གཞན་ཞིག་འབུལ་དགོས་མིན་ཐད་གྲ་སྒྲིག་བྱེད་དགོས་སྐོར་གསུངས་འདུག 

suitcase travelling
If you hold a BVC you cannot travel abroad under any circumstances.
Alexandr Podvalny/Pexels

ད་དུང་དར་ཁྱབ་ཆུང་བའི་ཕྲལ་སེལ་ཐོངས་མཆན་གཞན་ཁག་ཅིག་ཡོད་པ་རེད། དཔེར་ན་ BVD དང་ BVR བཅས་ཡོད་པ་རེད། 

དེ་ཡང་ཕྲལ་སེལ་ཐོངས་མཆན་ D (BVD) ཁག་ཅིག་གིས་ཐབས་ཤེས་བཏང་ནས་རག་ཡོད་ཀྱང་། དེའི་ཐོག་ནས་རྗེས་སུ་རང་སྐྱ་འཕེལ་བའི་ཐོངས་མཆན་ substantive visa ཞུ་ཐུབ་ཀྱི་མེད་པ་རེད། 

This story is also available in other languages.