ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་འགོག་ཁབ་དང་ཁྱེད་རང་གི་སྐད་ཡིག་ནང་ངེས་པར་དུ་ཤེས་དགོས་པའི་གནས་ཚུལ་ཁག

Source: SBS

SBS གསར་ཁང་གིས་ཁྱེད་ཀྱི་སྐད་ཡིག་ཐོག་ནས། ཏོག་དབྱིབས་ནད་དུག COVID-19 གི་རྒྱ་ཁྱབ་དང་སྔོན་འགོག་སྐོར་ཁྱེད་ལ་ཡིད་ཆེས་འཕེལ་བའི་གནས་ཚུལ་མཁོ་སྤྲོད་ཞུ་བཞིན་ཡོད། ཡིག་ཆ་འདི་བཞིན་སྤྱི་ཚོགས་ནང་མི་ཚང་མས་མཁྱེན་དགོས་པ་གལ་ཆེན་པོ་ཆགས་ཡོད། གནས་ཚུལ་གསར་ཤོས་ཁག་གཤམ་དུ་གཟིགས་རོགས།

གནས་ཚུལ་འདི་ཕྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༡༢ བར་གནས་ཚུལ་གསར་སྣོན་བྱས་ཡོད། ཏོག་དབྱིབས་ནད་དུག་སྐོར་ཞིབ་ཕྲ་གནས་ཚུལ་གསར་ཤོག་ཁག་ཅིག་དྲ་ཚིགས་འདི་ནས་གཟིགས་ https://www.sbs.com.au/language/tibetan/coronavirus-updates

ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གི་འགོག་ཁབ།

ཨོ་སི་ཊོ་ལི་ཡ་གཞུང་གིས་ཨོ་སི་ཊོ་ལི་ཡའི་མི་མང་ཚང་མ་ལ་བདེ་འཇགས་དང་ཕན་ནུས་ལྡན་པའི་ཏོག་དབྱིབས་འགོག་ཁབ་གང་མགྱོགས་རག་ཐབས་གནང་བཞིན་ཡོད་པ་རེད། 

ཨོ་སི་ཊོ་ལི་ཡས་རྒྱལ་ཡོངས་སུ་ཏོག་དབྱིབས་འགོག་ཁབ་ལག་བསྟར་འཆར་གཞི།

  • འགོག་ཁབ་གལ་གནད་ཆེ་བའི་མི་འབོར་དང་ཨོ་སི་ཊོ་ལི་ཡའི་ནང་འགོག་ཁབ་གང་ཞིག་སྤྱོད་རྒྱུ་ཡིན་མིན། 
  • མདུན་སྤྱོད་ལས་ཀ་བྱེད་མཁན་དང་། ཟུར་བཀག་ལ་བསྡད་མཁན། ས་མཚམས་ལས་ཀ་བྱེད་མཁན། རྒན་གསོ་ཁང་དང་དབང་པོ་སྐྱོན་ཅན་སྡེ་ཁག་ཏུ་སྡོད་མཁན་དང་ལས་ཀ་བྱེད་མཁན་རྣམས་ལ་འགོག་ཁབ་གང་འདྲ་བྱེད་ནས་རག་གི་ཡོད་མེད་ཞིབ་ཕྲ་གནས་ཚུལ།
  • ཨོ་སི་ཊོ་ལི་ཡའི་ནང་ཐོག་མར་ས་གནས་གང་དང་འགོག་ཁབ་གང་ཞིག་སྤྱོད་རྒྱུ་ཡིན་མིན།

འདི་ནས་ཨོ་སི་ཊོ་ལི་ཡའི་ནང་འགོག་ཁབ་སྐོར་འཆར་གཞི་ས་ཁྲ་འདི་ནས་གཟིགས། 

 ཐོག་མར་འགོག་ཁབ་དེ་གྲངས་ཚད་ངེས་ཅན་ཞིག་རྒྱག་རྒྱུ་ཡིན་ཞིང་། དེ་ཡང་དགོས་གལ་ཧ་ཅང་ཆེ་བའི་སྡེ་ཚན་ཁག་ལ་འགོག་ཁབ་སྔོན་ལ་རྒྱག་རྒྱུ་ཡིན་པ་རེད།  

  • གོ་རིམ་ 1 - ཧྥེའི་ཛར་དང་བྷེའོ་ཨེན་ཊེག་ Pfizer/BioNTech འགོག་ཁབ་ (ཨ་རིའི་སྨན་རྫས་བཟོ་ཚོང་ལས་གྲྭ་ཧྥེའི་ཛར་(Pfizer)དང་འཇར་མན་གྱི་སྨན་སྦྱོར་བཟོ་ཚོང་ལས་གྲྭ་བྷེའི་ཡོ་-ཨེན་ཊེག་(BioNTech)གཉིས་མཉམ་འབྲེལ་འོག་བཟོས་པའི་ཏོག་དབྱིབས་སྔོན་འགོག་སྨན་ཁབ་) དེ་ཟུར་བཀག་དུ་སྡོད་མཁན་དང་། ས་མཚམས་སུ་ལས་ཀ་བྱེད་མཁན། འཕྲོད་བསྟེན་ལས་ཀ་བྱེད་མཁན། རྒན་གསོ་ཁང་དང་དབང་པོ་སྐྱོན་ཅན་སྡེ་ཁག་ཏུ་གནས་སྡོད་བྱེད་མཁན་དང་ལས་བྱེད་རྣམས་ལ་རྒྱག་རྒྱུ།
  • གོ་རིམ། 2 -  ཧྥེའི་ཛར་དང་བྷེའོ་ཨེན་ཊེག་ Pfizer/BioNTech འགོག་ཁབ་དེ་ལོ་ན་ ༧༠ ལས་བརྒལ་བའི་རྒན་ཁོག་དང་། གཞན་འཕྲོད་བསྟེན་ལས་ཀ་བྱེད་མཁན། གདོད་མའི་མི་རིགས་ཨེ་བྷོ་རི་ཇི་ནར་དང་ཐོ་རེ་སི་གླིང་ཕྲན་གྱི་མི་ལོ་ན་ ༥༥ ལས་བརྒལ་བ་དང་། ལོ་ན་གཞོན་པ་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་མཁན། དེ་བཞིན་དབང་པོ་སྐྱོན་ཅན་དང་། ཉེན་ཁ་ཅན་གྱི་ལས་ཀ་བྱེད་མཁན་ཉེན་རྟོག་པ་དང་། མེ་གསོད་རུ་ཁག སྲུང་སྐྱོབ་རུ་ཁག ཛ་དྲག་ཞབས་ཞུ་དང་ཤ་རིགས་ལས་སྣོན་བྱེད་མཁན་རྣམས་ལ་རྒྱག་རྒྱུ། 
  • གོ་རིམ། 3 - ཨ་སི་ཊར་ཛ་ནི་ཀ་དང་ནོ་ཝ་ཝ་སི་ AstraZeneca དང་ Novavax སྨན་ཁབ་(དབྱིན་ཡུལ་ནང་བཟོས་པའི་ AstraZeneca སྨན་ཁབ་དང་ཨ་རིའི་སྨན་ཁབ་བཟོ་ཚོང་ཁང་ Novavax ནས་བཟོས་པའི་སྨན་ཁབ་) གཉིས་ལོ་ན་ ༥༠ ལས་བརྒལ་བ་དང་ཨེ་བྷོ་རི་ཇི་ནར་དང་ཐོ་རེ་སི་གླིང་ཕྲན་གྱི་མི་ལོ་ན་ ༡༨ ལས་བརྒལ་བ། གཞན་ཡང་ཛ་དྲག་དང་ཉེན་ཁ་ཆེ་སར་ལས་ཀ་བྱེད་མཁན་རྣམས་ལ་རྒྱག་རྒྱུ། 
  • གོ་རིམ། 4 - ཨ་སི་ཊར་ཛ་ནི་ཀ་དང་ནོ་ཝ་ཝ་སི་ AstraZeneca དང་ Novavax སྨན་ཁབ་གཉིས་སྤྱི་ཡོངས་དར་མ་དང་ཨོ་སི་ཊོ་ལི་ཡའི་མི་གོང་དུ་འགོག་ཁབ་རྒྱག་མྱོངས་མེད་མཁན་རིགས་ལ་རྒྱག་རྒྱུ།  
  • གོ་རིམ། 5 - ཨ་སི་ཊར་ཛ་ནི་ཀ་དང་ནོ་ཝ་ཝ་སི་ AstraZeneca དང་ Novavax སྨན་ཁབ་གཉིས་གལ་སྲིད་འདོད་མོས་ཡོད་ཚེ་ལོ་ན་ ༡༨ མན་གྱི་ཕྲུ་གུར་སྨན་ཁབ་དེ་རྒྱག་རྒྱུ་ཡིན་འདུག

ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་སེམས་ཁམས་འཕྲོད་བསྟེན་རོགས་རམ།

 ཨོ་སི་ཊོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་སེམས་ཁམས་འཕྲོད་བསྟེན་དཀའ་ངལ་འཕྲད་རིགས་ལ་གནས་ཚུལ་མཁོ་སྤྲོད་དང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་སྐབས་དང་ཟུར་བཀག་དུ་སྡོད་རིང་སེམས་ཁམས་འཕྲོད་བསྟེན་བདག་གཅེས་གང་འདྲ་བྱེད་དགོས་མིན་ལམ་སྟོན་གནང་ཡོད། 

ཨོ་སི་ཊོ་ལི་ཡ་གཞུང་གིས་ལོ་ལྟར་ཏོག་དབྱིབས་ནད་ཡམས་མི་མང་རྣམས་ལ་སེམས་ཁམས་གསོ་དཔྱད་སྨན་བཅོས་ལྟ་སྐྱོང་རིགས་ ༡༠ གསར་སྣོན་བྱས་ཡོད་འདུག

ཏོག་དབྱིབས་ནད་ཡམས་སྐབས་དཔལ་འབྱོར་དཀའ་ངལ་རོགས་རམ།

གལ་སྲིད་ཁྱེད་རང་དཔལ་འབྱོར་དཀའ་ངལ་ཡོད་ཚེ་ཏོག་དབྱིབས་ནད་ཡམས་སྐབས་རྒྱལ་ཡོངས་དཔལ་འབྱོར་རོམ་རམ་ཞབས་ཞུ་འབྲེལ་གཏུགས་ཁ་པར་ཨང་གྲངས་ 1800 007 007 ཐོག་འབྲེལ་བ་གནང་དགོས།

 ཨོ་སི་ཊོ་ལི་ཡ་གཞུང་འཛིན་ཚོགས་པས་རྐྱེན་ཆགས་རོགས་དངུལ་ས་གནས་སུ་ལག་བསྟར་གནང་བཞིན་ཡོད།

 རོགས་དངུལ་དེ་བཞིན་ལས་ཀ་བྱེད་མཁན་སུ་ཞིག་ཟུར་བཀག་དུ་སྡོད་དགོས་འཁེལ་ནས་ཡོང་སྒོ་གསོག་མ་ཐུབ་པའམ། ཡང་ན་ཏོག་དབྱིབས་ན་ཚ་འགོས་ཡོད་མཁན་རིགས་ལ་ཐོབ་ཀྱི་ཡོད།

གཤམ་དུ་ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་ཁག་སོ་སོ་ནས་རོགས་རམ་གནང་ཕྱོགས་ཐད་གཟིགས་རོགས།  

  • ནེའུ་སོ་ཐི་ཝལ། NSW 
  • ཝི་ཊོ་རི་ཡ། Victoria 
  • ཁུན་སི་ལན་ཌི། Queensland 
  • ལྷོ་ཕྱོགས་མངའ་སྡེ། South Australia 
  • རྒྱལ་ས་མངའ་ཁུལ། ACT 
  • ནུབ་ཕྱོགས་མངའ་སྡེ། Western Australia 
  • ཏཱ་སི་མ་ནིང་ཡ། Tasmania

ཏོག་དབྱིབས་ན་ཚ་འགོས་ཁྱབ་གང་འདྲ་འགྲོ་གི་ཡོད་པ་དང་སྔོན་འགོག་གང་འདྲ་བྱེད་དགོས་སམ།

ཏོག་དབྱིབས་ན་ཚ་དེ་བཞིན་མི་ནས་མི་ལ་འགོས་ཀྱི་ཡོད། 

  • ཏོག་དབྱིབས་ན་ཚ་འགོས་ཡོད་པ་དང་ན་ཚ་ཡོད་མཁན་ནད་རྟགས་མ་ཐོན་སྔོན་ནས་ཀྱང་མི་དེ་རིགས་དང་ཐག་ཉེ་འབྲེལ་འདྲིས་བྱུང་བ།
  • ཏོག་དབྱིབས་ན་ཚ་འགོས་ཡོད་པ་གཏན་འཁེལ་བྱུང་རྗེས་མི་དེས་གློ་རྒྱག་པ་དང་སྣ་ཆུ་སོགས་ནས་འགོས་ཀྱི་ཡོད།
  • ཏོག་དབྱིབས་ན་ཚ་འགོས་ཡོད་པའི་མིས་དཔེར་ན་སྒོ་དང་ཅོག་རྩེའི་ལག་བཟུང་ཐོག་ལ་གློག་བརྒྱབ་པ་དང་སྣ་ཆུ་བྱུག་པ་དེའི་ཐོག་ལ་ཁྱེད་རང་གིས་ལག་པ་འཆང་རྗེས་རང་ཉིད་ཀྱི་ཁ་ངོ་ལ་ཐུག་རེག་བྱས་ཚེ་ན་ཚ་འགོས་ཀྱི་ཡོད། 

ཁྱེད་རང་གིས་ཏོག་དབྱིབས་ན་ཚ་སྔོན་འགོག་ཆེད་གློ་རྒྱག་དུས་དང་སྣ་ཆུ་འཛག་དུས་གཙང་ལ་བྱེད་དགོས་པས་མ་ཚད་མི་གཞན་དང་བར་ཐག་འཇོག་པ་ནི་ཏོག་དབྱིབས་སྔོན་འགོག་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན། དེར་བརྟེན་ཁྱེད་རང་གིས། 

  • རྒྱུན་དུ་མི་གཞན་དང་བར་ཐག་རྨིད་ ༡་༥ བཞག་དགོས་པ་མ་ཚད། མི་གཅིག་སྡོད་སའི་བར་སྟོང་ས་ཁྱོན་རྨིད་གྲུ་བཞི་མ་ ༤ ཡོད་དགོས།
  • ཁ་ལག་བཟས་པའི་སྔ་རྗེསདང་གསང་སྤྱོད་ལ་རྗེས་ལག་པ་ཆུ་དང་ཡི་ཙེ་ཡིས་ཡང་ཡང་བཀྲུ་དགོས་པ་ཡིན།
  • གློ་རྒྱག་པ་དང་སྣ་ཆུ་འཛག་དུས་གཙང་ཤོག་གིས་གོ་རིམ་ལྟར་འཕྱི་དགོས་པ་དང་ཨ་རག་ལྡན་པའི་དུག་འགོག་སྨན་གྱིས་ལག་པ་དུག་སེལ་བྱེད་དགོས།
  • གལ་སྲིད་ཁྱེད་རང་གཟུགས་གཞི་བདེ་པོ་མེད་ཚེ་མི་གཞན་དང་ཐུག་འཕྲད་བྱ་མི་རུང་ལ་གཞན་ལས་བར་ཐག་རྨིད་ ༡་༥ འཇོག་དགོས་པ་ཡིན།

 ཨོ་སི་ཊོ་ལི་ཡ་གཞུང་གིས་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བྱེད་མཁན་ཚང་མས་ཏོག་དབྱིབས་སྔོན་འགོག་གཉེན་ཆས་  COVIDSafe app རང་ཉིད་ཀྱི་ཁ་པར་ནང་ཕབ་ལེན་གནང་དགོས་པའི་འབོད་སྐུལ་བྱས་ཡོད།

གལ་སྲིད་ཁྱེད་རང་ལ་ནད་རྟགས་ཐོན་ཚེ་བརྟག་དཔྱད་བྱེད་དགོས་པ་ཡིན། 

ཏོག་དབྱིབས་ན་ཚ་འགོས་ཡོད་ཚེ་ནད་རྟགས་ཁག་ཅིག་རྒྱུན་དུ་ཆམ་པ་དང་ཆམ་རིམས་ཀྱི་ནད་རྟགས་ལྟར་བུ་ཡོད་པ་ཡིན། དཔེར་ན།  

  • ཚ་བ་འཕར་བ།
  • མིད་པ་ཚ་བ།
  • གློ་རྒྱག་པ།
  • ཐང་ཆད་པ།
  • དབུགས་གཏོང་ལེན་དཀའ་བ།
  • གཞན་ཡང་ནད་རྟགས་སྣ་ཆུ་འཛག་པ་དང་། མགོ་ན་བ། ཤ་ཚུགས་དང་ལྷུ་ཚིགས་ན་བ། ཞེ་མེར་ལངས་བ། གྲོད་ཁོག་བཤལ་བ། རོ་དྲི་དང་བྲོ་བ་བརླག་པ། ཡི་ག་མེད་པ། ཐང་ཆད་པ་སོགས་འབྱུང་གི་ཡོད།

 འཕྲོད་བསྟེན་འགན་འཁུར་མི་སྣས་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་  COVID19 Symptom Checker  བཟོས་ཡོད་པས་ཁྱེད་རང་ཉིད་ཀྱི་ནང་ནས་བརྟག་དཔྱད་བྱེད་ཆོག

གལ་སྲིད་ཁྱེད་རང་ལ་ཏོག་དབྱིབས་ནད་རྟགས་ཐོན་ཚེ་སྨན་པར་ཁ་པར་བཏང་ནས་དུས་ཚོད་བཟོ་བའམ་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་ཛ་དྲག་འབྲེལ་གཏུགས་ཨང་གྲངས་ 1800 020 080 ཐོག་འབྲེལ་བ་བྱེད་དགོས་པ་ཡིན། མ་གཏོགས་སྨན་ཁང་དང་སྨན་དཔྱད་ཁང་དེ་འདྲར་ཁྱེད་རང་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་ཚུལ་བརྡ་ལན་གང་ཡང་མ་སྤྲད་པར་ཁ་ཐུག་འགྲོ་མི་རུང་། གོང་གི་ཁ་པར་དེ་ཆུ་ཚོད་ ༢༤ རིང་ཞབས་ཞུ་ཡོད། 

 
གང་དུ་ཁྱེད་རང་གིས་བརྟག་དཔྱད་བྱེད་ས་རག་གི་རེད་དམ།

གཤམ་གསལ་དྲ་ཐག་དེ་ལ་བསྣུན་དང་མངའ་སྡེ་དང་ས་ཁུལ་སོ་སོ་ནས་བརྟག་དཔྱད་བྱེད་ས་ཤེས་ཐུབ།

  • ནེའུ་སོ་ཐི་ཝལ། NSW 
  • ཝི་ཊོ་རི་ཡ། Victoria 
  • ཁུན་སི་ལན་ཌི། Queensland 
  • ལྷོ་ཕྱོགས་མངའ་སྡེ། South Australia 
  • རྒྱལ་ས་མངའ་ཁུལ། ACT 
  • ནུབ་ཕྱོགས་མངའ་སྡེ། Western Australia 
  • ཏཱ་སི་མ་ནིང་ཡ། Tasmania
  • བྱང་ཕྱོགས་མངའ་སྡེ། Northern Territory 

 གལ་སྲིད་ཁྱེད་རང་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་དེ་མ་ཐག་ངེས་པར་དུ་ཟུར་བཀག་ལ་སྡོད་དགོས་པ་ཡིན།

  • སློབ་གྲྭ་དང་ཚོང་ར། བུ་བཅོལ་ཁང་། གཙུག་ལག་སློབ་གཉེར་ཁང་སོགས་མི་མང་འདུ་འཛོམས་བྱེད་སར་འགྲོ་མི་ཉན།
  • མི་གཞན་ཞིག་ལ་ཁ་ལག་དང་དགོས་མཁོ་རིགས་ཁྱེད་རང་གི་སྒོའི་འགྲམ་ལ་སྐྱེལ་རོགས་ཞེས་རེ་སྐུལ་ཞུ་དགོས།
  • རྒྱུན་དུ་ནང་ལ་ཁྱེད་རང་དང་མཉམ་དུ་སྡོད་མཁན་ལས་མི་གཞན་དང་ཁྱིམ་ཚང་གཞན་སར་འགྲོ་མི་རུང་།


ཏོག་དབྱིབས་ན་ཚ་དེ་སུ་ལ་ཉེན་ཁ་ཆེ་བ་ཡོད་དམ།

མི་ཁ་ཤས་ལ་ཏོག་དབྱིབས་ན་ཚ་འགོས་ཀྱང་ན་མི་སྲིད། ཁ་ཤས་ལ་ནད་རྟགས་ཙམ་ཐོན་གྱི་ཡོད་ཀྱང་མགྱོག་པོ་དྲག་འགྲོ་བཞིན་ཡོད། ཁ་ཅིག་ལ་མགྱོག་པོ་དང་ན་ཚ་ལྗིད་མོ་ཕོག་གི་ཡོད། དེ་སྔོན་ཉམས་མྱོངས་ལྟར་ན་གཤམ་གསལ་མི་སྣ་དེ་དག་ལ་ཉེན་ཁ་ཆེ་བ་ཡོད།

  • ཨེ་བྷོ་རི་ཇི་ན་དང་ཐོ་རི་སི་གླིང་ཕྲན་གྱི་མི་ལོ་ན་ ༥༠ ལས་བརྒལ་བ་དང་ན་གཅིག་དང་དེ་ལས་མང་བ་ཡོད་མཁན་གྱི་ནད་གཅོང་རིགས།
  • ལོ་ན་ ༦༥ ལས་བརྒལ་བའི་མི་དང་ནད་གཅོང་། གཞན་ཡང་ནད་གཅོང་གི་རིགས།
  • ལོ་ན་ ༧༠ དང་དེ་ལས་བརྒལ་བ།
  • ལུས་ཟུང་ཉམས་པའི་མི། 
     

 ངས་ཁ་རས་གྱོན་དགོས་སམ།

ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་ཁག་ཅིག་གིས་ཁ་རས་གྱོན་དགོས་པའི་གཏན་འབེབས་བྱས་ཡོད། གལ་སྲིད་གནས་སྟངས་ལ་དཔག་པའི་ཁྱེད་རང་གི་མངའ་སྡེ་དང་ས་ཁུལ་ནང་་སྒྲིག་གཞི་འགྱུར་བ་ཕྱིན་ཚེ་དེ་བཞིན་ལམ་སྟོན་ལྟར། ས་གནས་ཀྱི་གནས་སྟངས་གསར་པ་དུས་ནས་དུས་སུ་གཟིགས་དགོས་པ་ཡིན། 

མངའ་སྡེ་དང་ས་ཁུལ་སོ་སོར་གཞུང་གིས་ཁ་རས་སྐོར་གཞུང་གིས་གསར་སྣོན་བྱས་པའི་གནས་ཚུལ་གསར་པ་གཤམ་དུ་གཟིགས་རོགས། 

 གལ་སྲིད་ཁྱེད་རང་གིས་ཁ་རས་གྱོན་ཚེ་ཁ་རས་ཚད་ལྡན་གྱོན་དགོས་པ་ཡིན། 

  • ཁ་རས་མ་གྱོན་སྔོན་དང་མ་ཕུད་སྔོན་ལ་ཁྱེད་རང་གི་ལག་པ་གཉིས་དུག་སེལ་བྱེད་དགོས་པ་ཡིན།
  • ཁ་རས་དེ་ཁ་དང་སྣ་ཆ་ཚང་ལེགས་པར་ཁེབས་པ་ཞིག་གྱོན་དགོས།
  • ཁ་རས་ཡར་གྱོན་དུས་དང་མར་ཕུད་དུས་ཁ་རས་ཀྱི་མདུན་དེར་ལག་པ་འཆང་མི་རུང་།
  • ཁ་རས་དེ་བཞིན་ཁྱེད་རང་གི་སྣ་འོག་དང་སྐེ་འོག་ལ་དཔྱང་མི་རུང་།
  • བསྐྱར་སྤྱོད་བྱེད་ཆོག་པའི་ཁ་རས་རྣམས་བཀྲུས་ནས་སྐམ་རྗེས་ད་གཟོད་གྱོན་ཆོག་པ་ལས། ཐེངས་གཅིག་ལས་སྤྱོད་མི་ཆོག་པའི་ཁ་རས་རྣམས་བསྐྱར་དུ་བེད་སྤྱོད་བྱེད་མི་རུང་།

ཨོ་སི་ཊོ་ལི་ཡར་འགྲུལ་བསྐྱོད་དང་ནང་ཁུལ་དུ་འགྲུལ་བསྐྱོད།

མངའ་སྡེ་དང་ས་ཁུལ་སོ་སོ་ནས་དམ་བསྒྲགས་དང་ས་མཚམས་བཀག་བསྡོམས་བྱེད་ཆོག་གི་ཡོད།

འགན་འཁུར་ལྡན་པའི་ཁ་བྱང་ཡིག་ཆ་བསྡུ་ཉར།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡ ནས་བཟུང་མངའ་སྡེ་དང་ས་ཁུལ་ཕན་ཚུན་བར་གནམ་ཐོག་འགྲོ་འོངས་སྐབས་མིང་དང་། གློག་འཕྲིན་ཁ་བྱང་། ཁ་པར་ཨང་གྲངས། མངའ་སྡེའི་ནང་སྡོད་གནས་ཁ་བྱང་བཅས་བསྡུ་ལེན་བྱེད་ཀྱི་ཡོད།

རྒྱལ་ནང་སྤྱི་དམངས་འགྲིམ་འགྲུལ་རྩ་འཛིན་ཁག 

སྤྱི་དམངས་འགྲིམ་འགྲུལ་ཞབས་ཞུ་སྡེ་ཚན་ཁག་ལ་མངའ་སྡེ་དང་ས་ཁུལ་སོ་སོར་འགན་འཁུར་ཆེན་པོ་ཡོད་པ་དང་། རྒྱལ་ཡོངས་བློན་ཆེན་ལྷན་ཚོགས་ནས་སྤྱི་དམངས་འགྲིམ་འགྲུལ་མཉམ་འབྲེལ་ལས་ཀ་བྱེད་མཁན་དང་། འགྲུལ་པ་རྣམས་ཀྱི་འཕྲོད་བསྟེན་བདེ་འཇགས་དང་རྩ་འཛིན་ལམ་སྟོན་ནན་མོ་གནང་ཡོད། དེ་ཡང་ཁྱེད་རང་གཟུགས་གཞི་བདེ་པོ་མེད་ཚེ་འགྲིམ་འགྲུལ་གནང་རྒྱུ་མེད་པ་དང་། ཁ་ལོ་བ་དང་འགྲུལ་པ་གཞན་ལས་བར་ཐག་འཇོག་དགོས་པ། ཤོག་དངུལ་སྤྲོད་ལེན་མི་རུང་བ་བཅས་ལམ་སྟོན་གནང་ཡོད།

འགྲིམ་འགྲུལ་དམ་བསྒྲགས།

ཨོ་སི་ཊོ་ལི་ཡ་གཞུང་གི་རྒྱལ་སྤྱི་མཁའ་འགྲུལ་ཐད་དུས་ནས་དུས་སུ་བསྐྱར་ཞིབ་གནང་གི་ཡོད། དེས་ཁྱེད་རང་ཨོ་སི་ཊོ་ལི་ཡར་འཕུར་བསྐྱོད་བྱ་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད། གནས་ཚུལ་ཁག་དུས་ནས་དུས་སུ་འགྱུར་བ་འགྲོ་བཞིན་ཡོད་པ་རེད། འགྲིམ་འགྲུལ་སྐོར་ཞིབ་ཕྲ་གནས་ཚུལ་གསར་ཤོས་འདི་ནས་གཟིགས་  Smart Traveller

མངའ་སྡེ་དང་ས་ཁུལ་སོ་སོ་ནས་ཟུར་བཀག་དང་བརྟག་དཔྱད་དོ་དམ་སྐོར་གཤམ་དུ་གཟིགས། 

གལ་སྲིད་ཁྱེད་རང་རྒྱལ་ཁབ་གཞན་ལ་འགྲོ་དགོས་ཚེ། གཤམ་གསལ་གྱི་སྡེ་ཚན་གང་རུང་ཞིག་དང་འབྲེལ་བ་ཡོད་ཚེ་དྲ་ཐོག་ནས་སྙན་ཞུ་འབུལ་ཐུབ་ཀྱི་ཡོད་སྲིད། 

  • ཁྱེད་རང་གི་འགྲུལ་བཞུད་དེ་ཏོག་དབྱིབས་ན་ཚ་འགོས་ཁྱབ་སྐོར་དང་དེ་ཡང་སྔོན་འགོག་ཁྱབ་བསྒྲགས་དང་འབྲེལ་བ་ཡོད་པ།
  • ཁྱེད་རང་གི་འགྲུལ་བཞུད་དེ་བཟོ་ཚོང་ཁང་གི་ཛ་དྲག་གི་ཕྱིར་གཏོང་ནང་འདྲེན་དང་འབྲེལ་བ་ཡོད་པ།
  • ཁྱེད་རང་གི་འགྲུལ་བཞུད་དེ་ཨོ་སི་ཊོ་ལི་ཡའི་ནང་མཐུན་རྐྱེན་མེད་པའི་སྨན་བཅོས་དང་འབྲེལ་བ་ཡོད་པ།
  • ཁྱེད་རང་གི་འགྲུལ་བཞུད་དེ་ལྡོག་ཐབས་མེད་པའི་མི་སྒེར་གྱི་གནས་ཚུལ་དང་འབྲེལ་བ་ཡོད་པ།
  • ཁྱེད་རང་གི་འགྲུལ་བཞུད་དེ་དགེ་རྩ་དང་འགྲོ་བ་མིའི་གཞི་རྩའི་ཀུན་སྤྱོད་དང་འབྲེལ་བ་ཡོད་པ།
  • ཁྱེད་རང་གི་འགྲུལ་བཞུད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ། 
ཨོ་སི་ཊོ་ལི་ཡ་ནས་འགྲུལ་བཞུད་བྱེད་པ་ཞིབ་ཕྲ་ཆ་རྐྱེན་ཁག་དྲ་ཚིགས་འདི་ནས་གཟིགས་ Click here རོགས།
 

 གཞུང་འབྲེལ་གནས་ཚུལ།

  • ཨོ་སི་ཊོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཐད་དོ་དམ་གང་འདྲ་བྱེད་བཞིན་ཡོད་མེད་འདིར་གཟིགས་ Government response to the outbreak.
  • ཏོག་དབྱིབས་ནད་ཡམས་སྐོར་དབྱིན་ཡིག་ནང་ཞིབ་ཕྲ་གནས་ཚུལ་འདིར་གཟིགས་ Australian Government Department of Health.
  • ནང་སྲིད་ལས་ཁུངས་དང་ཨོ་སི་ཊོ་ལི་ཡ་ཚོགས་སྡེ་ཁག་གི་གནས་ཚུལ་ཁྱེད་རང་གི་སྐད་ཡིག་ནང་འདིར་གཟིགས་ in your language.

 


 ཨོ་སི་ཊོ་ལི་ཡའི་ནང་མི་རྣམས་ངེས་པར་དུ་མི་གཞན་དང་བར་ཐག་རྨིད་ ༡།༥ བཞག་དགོས་པ་དང་། འདུ་འཛོམས་ཚད་བཀག་སྐོར་མངའ་སྡེ་གཞུང་གི་བཀོད་ཁྱབ་བརྟག་དཔྱད་བྱེད་དགོས་པ་ཡིན། ཁྱེད་རང་གི་མངའ་སྡེའི་ནང་འདུ་འཛོམས་དམ་དྲག་སྐོར་ཞིབ་འཇུག་བྱེད་དགོས།

གལ་སྲིད་ཁྱེད་རང་ལ་ཆམ་པ་དང་ཡང་ན་རིམས་ཆམ་ནད་རྟགས་ཐོན་ཚེ། བརྟག་དཔྱད་བཀོད་སྒྲིག་ཆེད་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་གནས་ཚུལ་མཁོ་སྤྲོད་ཛ་དྲག་འབྲེལ་གཏུགས་ཨང་གྲངས་ 1800 020 080 ཐོག་ནས་འབྲེལ་བ་བྱེད་དགོས་པ་ཡིན། 

SBS གསར་ཁང་གིས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གི་འཕེལ་རིམ་སྐོར་གནས་ཚུལ་གསར་ཤོས་མཁོ་སྤྲོད་བྱེད་བཞིན་ཡོད། ཏོག་དབྱིབས་ནད་དུག་སྐོར་གསར་འགྱུར་དང་གནས་ཚུལ་ཁག་དྲ་ཚིགས་ sbs.com.au/coronavirus ཐོག་སྐད་ཡིག་ ༦༣ ནང་ཡོད་པ་ཡིན།

ཁྱེད་རང་གི་མངའ་སྡེ་དང་ས་ཁུལ་ཁག་གི་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཞིབ་ཕྲ་གནས་ཚུལ་ཁག་ལ་གཟིགས། ནེའུ་སོ་ཐི་ཝལ་མངའ་སྡེ། ཝི་ཊོ་རི་ཡ། ཁུན་སི་ལན་ཌི། ནུབ་ཕྱོགས་མངའ་སྡེ། ལྷོ་ཕྱོགས་མངའ་སྡེ། བྱང་ཁུལ་མངའ་སྡེ། རྒྱལ་ས་མངའ་ཁུལ། ཏཱ་སི་མ་ནི་ཡ།