ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་ཁག་གི་ནང་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས།

ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྔོན་འགོག་དམ་བསྒྲགས་ཐད། གཙོ་བོར་ཁྱེད་རང་གནས་སྡོད་བྱེད་སའི་ས་ཁུལ་དང་མངའ་སྡེའི་ནང་དགོས་མཁོ་དང་དོགས་ཟོན་ལ་གཞི་བཅོལ་ཡོད།

SBS ཡིས་སྤེལ་བའི་རྒྱལ་ཡོངས་སུ་ཏོག་དབྱིབས་གནས་ཚུལ་དྲ་ཐག་འདི་ནས་གཟིགས། 

ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༧ ཉིན་གསར་སྣོན་བྱས་ཡོད་པ་དང་། བོད་ཡིག་ཐོག་གནས་ཚུལ་དྲ་ཐག་འདི་ནས་གཟིགས། https://www.sbs.com.au/language/tibetan/coronavirus-updates


 ཝི་ཊོ་རི་ཡ། Victoria 

འདུ་འཛོམས་ཚད་གཞི།

  • ནང་ནས་ཕྱི་ལོགས་སུ་འགྲོ་བར་དམ་བསྒྲགས་མེད།
  • ཁང་པའི་ནང་ལོགས་སུ་མི་གྲངས་ ༡༠༠ མན་འདུ་འཛོམས་བྱེད་ཆོག
  • ཁྱིམ་ཚང་མི་འདྲ་བ་ནས་ཁྱོན་མི་གྲངས་ ༣༠ ཕན་ཚུན་འགྲོ་འོངས་བྱེད་ཆོག
  • ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གཏོང་ཕྱོགས་སྐོར་སྒྲིག་གཞི་ཕྱི་ཟླ་ ༡༢ པའི་ཚེས་ ༤ ནས་གསལ་བསྒྲགས་བྱ་རྒྱུ་དང་། དེ་ཡང་དུས་ཆེན་སྐབས་ཁྱོན་མི་གྲངས་ ༣༠ ནང་མི་ཕན་ཚུན་དབར་འགྲོ་འོངས་བྱེད་ཆོག
  • བཟའ་གཏུང་ཞབས་ཞུ་དང་ལྟ་སྐྱོང་ཞབས་ཞུ། དམ་བསྒྲགས་དང་འགྲུལ་པའི་གྲངས་འབོར་ཚད་གཞི། དུས་ཡུན་སོགས་ཀྱི་ཚད་བཀག་གང་ཡང་མེད་ཀྱང་། བཟའ་གཏུང་ཞབས་ཞུ་ཁག་དང་ལྟ་སྐྱོང་ཞབས་ཞུ་ཁང་ཁག་གིས་འགྲུལ་པ་ཚོར་སྒྲིག་གཞི་གཏན་འབེབས་བྱེད་དགོས།
  • གཉེན་སྟོན་དང་། དུར་མཆོད། ཆོས་ལུས་འདུ་འཛོམས་བཅས་ལ་ཞུགས་མཁན་མི་གྲངས་ཀྱི་ཚད་བཀག་མེད་པ་བཟོས་ཡོད་པ་དང་། དེའི་ཚབ་ཏུ་མི་གཉིས་རེའི་དབར་བར་ཐག་རྨིད་གྲུ་བཞི་མ་ ༢ རེ་དགོས་ཀྱི་ཡོད་པ་རེད།

ལས་ཀ།

  • གལ་སྲིད་ཁྱེད་རང་གི་ལས་ཀ་ནང་ནས་སྒྲུབ་ཐུབ་ཚེ་ངེས་པར་དུ་ནང་ནས་སྒྲུབ་དགོས་པ་ཡིན། དེས་མི་མང་པོ་ཞིག་ཕྱི་ལོགས་སུ་འགྲོ་བསྐྱོད་མི་དགོས་པའི་ཕན་ཐོགས་ཡོད། ད་དུང་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཉུང་དུ་གཏོང་བཞིན་ཡོད།
  • རིམ་བཞིན་ལས་ཀ་བྱེད་མཁན་ལས་བྱེད་བརྒྱ་ཆ་ ༢༥ ལས་ཀ་ཕྱིར་ལོགས་ཐུབ་རྒྱུ་དང་། དེ་ཡང་མི་གཅིག་སྡོད་ས་བར་སྟོང་རྨིད་གཞི་མ་ ༤ དགོས་པའི་སྒྲིག་གཞི་བརྩི་སྲུང་བྱེད་དགོས་པ་ཡིན།
  • ཝི་ཊོ་རི་ཡའི་ནང་ལས་ཁུངས་དང་འཚིག་ཇ་ཁང་སོགས་སུ་ངེས་པར་དུ་ཁ་རས་གྱོན་དགོས་པའི་སྒྲིག་གཞི་རིང་མིན་མེད་པ་བཟོ་རྒྱུ་རེད།
  • སྤྱི་བསྐྱོད་འགྲིམ་འགྲུལ་དང་་། མོ་ཊ་གཅིག་གི་ནང་མཉམ་དུ་འགྲོ་བ། ཁང་པའི་ནང་གི་ཚོང་ཁང་དུ་ཉོ་ཆ་རྒྱག་པར་འགྲོ་བ། དེ་བཞིན་མི་ཚོགས་ཆེ་སེར་ད་དུང་ངེས་པར་དུ་ཁ་རས་གྱོན་དགོས་པ་ཡིན།
གལ་སྲིད་ཁྱེད་རང་གི་ནང་ནས་ལས་ཀ་བསྒྲུབ་ཐུབ་ཀྱི་མེད་ཚེ་ལས་ཀར་འགྲོ་ན་འགྲིག ལས་ཀ་འགྲོ་སྐབས་ཁྱེད་རང་གིས་གཤམ་གསལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་ཡིན།
  1. འཆར་ཅན་དུ་ལག་པ་གཙང་མ་བསྐྲུ་དགོས།
  2. སྣ་ཆུ་དང་གློ་རྒྱག་སྐབས་གཙང་ཤོག་དང་ཡང་ན་ཁྱེད་རང་གི་སྣབ་འཕྱིས་ཀྱིས་བཀབ་དགོས་པ་ཡིན།
  3. མི་གཞན་དང་ཉུར་ཐར་བར་ཐག་རྨིད་ ༡་༥ བཞག་དགོས་པ་ཡིན།
  • སྐྲ་བཞར་ཁང་སོགས་ཚོང་ལས་ཁང་ཚང་མར་ཏོག་དབྱིབས་སྔོན་འགོག་འཆར་གཞི་ཡོད་པ་ཡིན།

ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདིར་གཟིགས་ https://www.coronavirus.vic.gov.au/work-study-and-volunteering-third-step#can-i-go-to-work

སློབ་གྲྭ་ཁག

  • ཝི་ཊོ་རི་ཡའི་ནང་སློབ་གྲྭ་ཁག་གི་སློབ་ཕྲུག་ཚང་མ་སློབ་གྲྭར་ཕྱིར་ལོག་བྱེད་དགོས།
  • གཙུག་ལག་སློབ་གཉེར་ཁང་དང་ཁྲེ་ཕི་ TAFE དེ་བཞིན་དར་མ་སློབ་ཕྲུག་བཅས་ཀྱང་སློབ་སྦྱོང་ལྟེ་གནས་ལ་ཕྱིར་ལོག་བྱེད་དགོས།

ཞིབ་ཕྲ་གནས་ཚཱུལ་དྲ་ཚིགས་འདི་ནས་གཟིགས་ https://www.coronavirus.vic.gov.au/work-study-and-volunteering-third-step#can-i-go-to-work

འགྲུལ་བཞུད་དང་འགྲིམ་འགྲུལ།

རྒྱུན་དུ་ཁ་རས་འཁྱེར་ནས་སྤྱི་བསྐྱོད་འགྲིམ་འགྲུལ་སྐབས་དང་། རླངས་འཁོར་གཅིག་གི་ནང་མཉམ་འགྲོ་སྐབས་ངེས་པར་དུ་ཁ་རས་གྱོན་དགོས་ཤིང་། དེ་བཞིན་གཙང་སྦྲ་གང་ལེགས་བྱེད་དགོས་པས་མ་ཚད། གལ་སྲིད་གཟུགས་པོ་བདེ་ཐང་མེད་ཚེ་འགྲུལ་བཞུད་བྱ་རྒྱུ་མེད།

ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་་ https://www.coronavirus.vic.gov.au/public-transport

  • ནང་ནས་ཕྱི་ལོགས་ལ་འགྲོ་བའམ་འགྲུལ་བཞུད་བར་ཐག་རིང་ཐུང་བཅས་ལ་དམ་བསྒྲགས་མེད།
  • ཝི་ཊོ་རི་ཡའི་ནང་ས་གནས་གང་སར་ཁྱེད་རང་གུང་སེང་འགྲོ་བཞུད་བྱེད་ཆོག
  • ཁྱེད་རང་རྒྱུན་དུ་མཉམ་དུ་སྡོད་མཁན་མིན་རུང་གྲོགས་པོ་གཉིས་མན་དང་ནང་མི་གཞན་གཉིས་མན་ཁྱེད་རང་གི་ནང་མི་དང་མཉམ་དུ་མགྲོན་ཁང་ནང་མཉམ་དུ་བྱེད་ཆོག
  • ཝི་ཊོ་རི་ཡ་མངའ་སྡེ་དང་མེལ་བྷོན་རྒྱལ་ས་བཅས་ཀྱི་བར་འགྲུལ་བཞུད་ཚད་བཀག་དང་དམ་བསྒྲགས་མེད་པ་བཟོས་ཡོད།
  • རྒྱལ་སྤྱིའི་མཁའ་བསྐྱོད་འགྲུལ་པ་རྣམས་ལ་ལམ་སྟོན་བྱས་ཡོད།

ཚོང་ལས་དང་སྤྲོ་སེང་།

འཚིག་ཇ་ཁང་དང་། ཟ་ཁང་། ཆང་ཁང་བཅས་ལ་མགྲོན་པོའི་གྲངས་ཚད་སོགས་ཀྱི་དམ་བསྒྲགས་མེད། འོན་ཀྱང་མི་རེའི་བར་བར་ཐག་རྨིད་གྲུ་བཞི་མ་ ༢ དགོས་པའི་སྒྲིག་གཞི་བརྩི་སྲུང་བྱེད་དགོས་པ་དང་། མགྲོན་པོ་རྣམས་ལ་ཞབས་ཞུ་གཏན་འབེབས་མི་རིང་བར་མེད་པ་བཟོ་རྒྱུ་རེད།

  • ཁང་པའི་ཕྱི་རོལ་ཆུ་རྐྱལ་ཁང་། མི་གྲངས་ཀྱི་ཚད་བཀག་མེད་ཅིང་། དེ་ཡང་མི་རེའི་སྡོད་སའི་བར་སྟོང་རྨིད་གྲུ་བཞི་མ་ ༢ རེའི་སྒྲིག་གཞི་བརྩི་སྲུང་བྱེད་དགོས།
  • ལུས་སྦྱོང་ཁང་། ས་ཆའི་རྒྱ་ཁྱོན་ལ་གཞིར་བཅོས་ལ་མིའི་གྲངས་ཚད་ངེས་ཅན་དགོས་ཤིང་། མི་རེའི་སྡོད་སའི་བར་སྟོང་རྨིད་གཞི་མ་ ༤ རེ་དགོས་ཀྱི་ཡོད་པ་རེད། ལས་བྱེད་མེད་པའི་སྐབས་སུ་མི་རེའི་སྡོད་སའི་བར་སྟོང་རྨིད་གཞི་མ་ ༨ རེ་དགོས་ཀྱི་ཡོད་པ་རེད།

ཆད་པ། 

  • དམ་བསྒྲགས་ཡོད་པའི་ས་ཆར་ཁྲིམས་སྒྲིག་མ་བརྩིས་པར་འདུ་འཛོམས་བྱས་ཚེ་ཆད་པ་གཅོད་རྒྱུ།
  • བརྟག་དཔྱད་རྗེས་ཏོག་དབྱིབས་ནད་རྟགས་ཐོན་རྗེས་ཟུར་བཀག་དུ་མ་སྡོད་པའམ་མི་གཞན་དང་ཐག་ཉེ་འབྲེལ་འདྲིས་བྱས་ཚེ་ཆད་པ་ཕོག་ངེས་ཡིན།
ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.coronavirus.vic.gov.au/fines-enforcement-and-reporting
 

ནེའུ་སོ་ཐི་ཝལ། New South Wales

འདུ་འཛོམས།

  • གལ་སྲིད་ཁང་པའི་ཕྱི་རོལ་དུའང་སྡོད་ས་ཡོད་ཚེ་ཁྱིམ་ཚང་སྡོད་གནས་སུ་ཁྱོན་མི་གྲངས་ ༥༠ འདུ་འཛོམས་བྱེད་ཆོག འོན་ཀྱང་ཁང་པའི་ཕྱི་རོལ་དུ་སྡོད་སའི་ས་ཆ་མེད་ཚེ་སྡོད་གནས་སུ་མི་གྲངས་ ༣༠ ལས་བརྒལ་མི་ཆོག
  • ཕྱི་ཟླ་ ༡༢ ཚེས་ ༧ ནས་བཟུང་ཁང་པའི་ཕྱི་རོལ་དུ་མི་གྲངས་ ༡༠༠ མན་མཉམ་དུ་འདུ་འཛོམས་བྱེད་ཆོག
  • གཉེར་སྟོན་མཛད་སྒོ་དང་། དུར་མཆོད། ཆོས་ལུགས་ཞབས་ཞུ་བཅས་ཕྱི་ཟླ་ ༡༢ པའི་ཚེས་ ༧ ནས་བཟུང་མི་གྲངས་མང་ཚད་ཀྱི་ཚད་གཞི་མེད་པ་བཟོས་ཡོད་ཀྱང་། མི་རེའི་སྡོད་སའི་བར་སྟོང་རྨིད་གཞི་མ་ ༢ རེ་དགོས་པའི་སྒྲིག་གཞི་བརྩི་སྲུང་བྱེད་དགོས།

ལས་ཀ། 

  • ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༤ ནས་བཟུང་མི་མང་གི་འཕྲོད་བསྟེན་བདེ་འཇགས་ལས་སྦྱིན་བདག་ཚོས་ལག་སྲིད་ལས་ཀ་ཚད་ལྡན་གནང་ཐུབ་ཀྱི་ཡོད་ཚེ་ལས་མི་རྣམས་ལ་ནང་ནས་ལས་ཀ་བྱེད་དུ་འཇུག་དགོས་ཀྱི་ཡོད།
  • ལས་མི་རྣམས་ཕྱིར་ལས་ཁུངས་དང་ལས་ཀ་བྱེད་སར་འབྱོར་སྐབས་ཏོག་དབྱིབས་ནད་དུག་སྔོན་འགོག་ཐད་འཆར་གཞི་དང་སྐུལ་འདེད་བྱེད་དགོས།
  • སྦྱིན་བདག་ཚོས་ལས་བྱེད་རྣམས་ལ་ལས་ཀ་འགོ་འཛུགས་དང་ལས་ཀ་གྲོལ་རྗེས་སྤྱི་བསྐྱོད་འགྲིམ་འགྲུལ་ལས་ཤུགས་རྐྱེན་མི་ཐེབས་པའི་སྐུལ་འདེད་གནང་དགོས། མཛད་སྤྱོད་པ་རྣམས་སྤྱི་བསྐྱོར་འགྲིམ་འགྲུལ་ནང་བསྐྱོད་སྐབས་ངེས་པར་དུ་ཁ་རས་གྱོན་དགོས་པའི་སྐུལ་འདེད་ཤུགས་ཆེ་བྱེད་དགོས།
  • ལས་ཀ་བྱེད་མཁན་རྣམས་གལ་སྲིད་གཟུགས་པོ་བདེ་པོ་མེད་ཚེ་ངེས་པར་དུ་ནང་ལ་སྡོད་དགོས་པ་དང་། ཏོག་དབྱིས་ཀྱི་ནད་རྟགས་འདྲ་ཐོན་ཚེ་ངེས་པར་དུ་བརྟག་དཔྱད་བྱེད་དགོས་པ་ཡིན།

སློབ་གྲྭ།

  • ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་སློབ་ཕྲུག་སུ་ཞིག་ཏོག་དབྱིབས་ནད་རྟགས་ལྟར་ཐོན་ཚེ་བརྟག་དཔྱད་ལས་ན་ཚ་མེད་པའི་ར་འཕྲོད་མ་བྱུང་བར་སློབ་གྲྭར་ཕྱིར་ལོག་མི་ཆོག
  • སློབ་གྲྭའི་རྒྱུན་ལྡན་བྱེད་སྒོ་དང་། ཞབས་བྲོ། སློབ་ཐོན་མཛད་སྒོ་དེ་བཞིན་འདུ་འཛོམས་བྱེད་སྒོ་ཁག་སྤེལ་ཆོག་གི་མེད་པ་རེད།
  • ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://education.nsw.gov.au/covid-19/advice-for-families#School2 

འགྲུལ་བཞུད་དང་འགྲིམ་འགྲུལ།

  • ནེའུ་སོ་ཐི་ཝལ་མངའ་སྡེ་ནང་ཁུལ་དུ་གུང་སེང་འགྲོ་བསྐྱོད་བྱེད་ཆོག འོན་ཀྱང་ཕྱིར་ལོག་སྐབས་སྒྲིག་གཞི་ཁག་ངེས་པར་བརྩི་སྲུང་བྱེད་དགོས།
  • ཞག་སྡོད་དང་གུར་ཕུག་མཚན་སྡོད་བྱེད་ས་ད་ལྟའི་ཆར་སྒོ་ཕྱེས་ཡོད། འགྲུལ་པ་རྣམས་རྒྱལ་ཡོངས་སྤྱི་གླིང་སོགས་ལ་འགྲོ་སྐབས་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ www.nationalparks.nsw.gov.au for further information.
  • རྒན་གསོ་ཁང་དང་འཕྲོད་བསྟེན་ཞབས་ཞུ་ཁང་སོགས་ལ་འགྲུལ་པ་འགྲོ་བསྐྱོད་དམ་བསྒྲགས་ཡོད་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་https://www.nsw.gov.au/covid-19/what-you-can-and-cant-do-under-rules/border-restrictions

ཚོང་ལས་དང་སྤྲོ་སེང་།

  • ཚོང་ལས་དང་ཚོགས་སྡེ་ཁག་ཅིག་གི་ཏོག་དབྱིབས་སྔོན་འགོག་ལས་བསྟར་མི་མང་འཕྲོད་བསྟེན་བཀོད་ཁྱབ་འོག་ཐོ་འགོད་བྱས་ཡོད་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.nsw.gov.au/covid-19/covid-safe
  • ལུས་སྦྱོང་ཁང་དང་མཚན་ཚོགས་བཅས་ལ་མི་རེའི་སྡོད་སའི་བར་སྟོང་རྨིད་གྲུ་བཞི་མ་ ༤ རེ་དགོས་ཀྱི་ཡོད། དེ་ཡང་མང་མཐར་མི་གྲངས་ ༥༠ ལས་བརྒལ་ཆོག་གི་མེད་པ་རེད། 
  • སྡིང་ཆ་དང་ཟློས་གར་ལ་ཕྱི་ལོགས་སུ་རྐུག་སྟེགས་བརྒྱ་ཆ་ ༡༠༠ ཁེངས་ཆོག་གི་ཡོད་ཀྱང་མི་རེའི་སྡོད་སའི་བར་སྟོང་རྨིད་གྲུ་བཞི་མ་ ༢ རེ་དགོས་ཀྱི་ཡོད་པ་དང་། ཁང་པའི་ནང་ལོགས་སུ་མིའི་གྲངས་ཚོད་རྐུབ་སྟེབས་ལས་བརྒྱ་ཆ་ ༧༥ ཡིན།
  • བཟའ་གཏུང་ཞབས་ཞུ་ཁང་ཆུང་གྲས་རིགས་ལ་མི་གྲངས་ ༢༠༠ མན་ཡིན་ཞིང་དེ་ཡང་ཁང་པའི་ནང་ལོགས་ལ་མི་རེའི་སྡོད་སའི་བར་སྟོང་རྨིད་གྲུ་བཞི་མ་ ༢ རེ་དགོས་ཀྱི་ཡོད་པ་རེད། 
  • སྦྱོང་བརྡར་ཁག་དང་འབྲེལ་གཏུགས་བྱེད་སྒོ་སོགས་སྤྱི་ཚཽགས་ཀྱི་རྩེད་རིགས་ཁག་གཉེར་ཆོག་གི་ཡོད་པ་རེད།

ཚོང་ལས་དང་ལས་བྱེད་ཁག་ནང་ངེས་པར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་འཆར་གཞི་ལག་བསྟར་བྱེད་དགོས་པས་མ་ཚད། འགྲུལ་པ་འཛུལ་ཞུགས་བྱེད་མཁན་རྣམས་ཀྱི་ཐོ་ངེས་པར་དུ་ཉར་དགོས་པ་ཡིན། ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.nsw.gov.au/covid-19/covid-safe-businesses

ཆད་པ། 

  • དམ་བསྒྲགས་ཡོད་སར་གལ་སྲིད་སྒྲིག་གཞི་ལ་བརྩི་སྲུང་མེད་པར་འདུ་འཛོམས་བྱས་ཚེ་ཆད་པ་གཅོད་ངེས་ཡིན།

སྒྲིག་གཞི་གཏོར་བརླག་བཏང་ཚེ་ཕྱི་ལོ་ ༢༠༡༠ ལོར་གཏན་འབེབས་བྱས་ཡོད་པའི་འཕྲོད་བསྟེན་ཁྲིམས་ཡིག་འོག ཉེས་འགེག་དང་ཆད་པ་ལྗིད་མོ་གཅོད་ངེས་ཡིན། ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་  https://www.nsw.gov.au/covid-19/what-you-can-and-cant-do-under-rules#public-health-orders-record-keeping-and-penalties 

ཁུན་སི་ལན་ཌི། Queensland

འདུ་འཛོམས།

  • ཁུན་སི་ལན་ཌིའི་ནང་ཁྱིམ་ཚང་ནང་ཁྱོན་མི་གྲངས་ ༥༠ མན་འདུ་འཛོམས་ཆོག་གི་ཡོད་པས་མ་ཚད། ཕྱི་རོལ་མི་མང་འདུ་འཛོམས་ལྟེ་གནས་སུ་མི་གྲངས་ ༡༠༠ མན་ལྷན་དུ་འདུ་འཛོམས་བྱེད་ཆོག་གི་ཡོད།
  • གཉེན་སྟོན་མཛད་སྒོ་ལ་ཁང་པའི་ཕྱི་ནང་གཉིས་ཀར་ཁྱོན་མི་གྲངས་ ༢༠༠ མན་འདུ་འཛོམས་ཆོག་གི་ཡོད་ཅིང་དེ་ཡང་མགྲོན་པོ་ཚང་མ་ལྷན་དུ་ཞབས་བྲོ་རྒྱག་ཆོག
  • དུར་མཆོད་ལ་མི་གྲངས་ ༢༠༠ མན་འདུ་འཛོམས་བྱེད་ཆོག
  • སྨན་ཁང་དུ་འགྲོ་སྐབས་རྒྱུན་ལྡན་གྱི་སྨན་ཁང་གི་སྒྲིག་གཞི་ལྟར་འགྲོ་བསྐྱོད་བྱེད་ཆོག
  • ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.covid19.qld.gov.au/government-actions/roadmap-to-easing-queenslands-restrictions

 ལས་ཀ

ཚོང་ལས་ཁང་ཁག་གིས་ངེས་པར་དུ།

  • ནང་ནས་ལས་ཀ་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
  • སུ་ཞིག་བདེ་པོ་མེད་ཚེ་ནང་ལ་མངག་དགོས།
  • མི་གཅིག་གི་སྡོད་སའི་བར་སྟོང་རྨིད་གྲུ་བཞི་མ་ ༢ ཡོད་དགོས།
  • མི་གཉིས་དབར་བར་སྟོང་འཇོག་དགོས་པའི་སྐུལ་འདེད་བྱེད་དགོས།
  • ཏོག་དབྱིབས་ནད་དུག་སྔོན་འགོག་ལག་བསྟར་བྱེད་དགོས།
  • རྒྱུན་དུ་ཐུག་རེག་བྱེད་ས་ཚང་མ་གཙང་མ་ཡང་ཡང་གཙང་མ་བཟོ་དགོས།
  • ལག་པ་དུག་སེལ་གྱི་མཐུན་རྐྱེན་སྦྱར་དགོས།

ལས་ཀ་བྱེད་མཁན་ཚོས་ངེས་པར་དུ།

  • ན་ཚེ་ནང་ལ་སྡོད་དགོས།
  • ཏོག་དབྱིབས་ཀྱི་ནད་རྟགས་མངོན་ཚེ་བརྟག་དཔྱད་བྱེད་དགོས།
  • མི་གཞན་ལས་བར་ཐག་རྨིད་ ༡་༥ བཞག་དགོས་པ་ཡིན།
  • དུག་སེལ་དང་ཡང་ན་ཡི་ཙིས་ལག་པ་ཡང་ཡང་བཀྲུ་དགོས།
  • གློ་དང་སྦྲིད་རྒྱག་སྐབས་བཀབ་དགོས་པ་ཡིན།

སློབ་གྲྭ།

  • གལ་སྲིད་ཕྲུ་གུ་ན་གི་ཡོད་པ་ཤེས་རྟོགས་བྱུང་ཚེ། སློབ་སྤྱི་དང་དགེ་རྒན། ལས་བྱེད་བཅས་ནས་ཕ་མར་དང་ཡང་ན་ལྟ་རྟོགས་བྱེད་མཁན་ལ་འབྲེལ་བ་བྱེད་ནས་ཁོང་ཚོའི་ཕྲུ་གུ་ལེན་པར་ཡོང་དགོས་པའི་རེ་སྐུལ་བྱེད་དགོས།
  • ཕ་མ་དང་ཡང་ན་ལྟ་རྟོགས་བྱེད་མཁན་གྱིས་གང་མགྱོག་ཕྲུ་གུ་ལེན་པར་ཡོང་དགོས།
  • ནད་རྟགས་མེད་པ་མ་ཆགས་བར་དུ་ཕྲུ་གུ་སློབ་གྲྭར་ཕྱིར་ལོག་བྱ་རྒྱུ་མེད། 

ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.qld.gov.au/health/conditions/health-alerts/coronavirus-covid-19/current-status/public-health-directions/school-and-early-childhood-service-exclusion-direction

འགྲིམ་འགྲུལ་དང་འགྲུལ་བཞུད།

  • ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་་༡ ནས་བཟུང་། གལ་སྲིད་ཁྱེད་རང་འདས་པའི་ཉིན་གྲངས་ ༡༤ ནང་ཨོ་སི་ཊོ་ལི་ཡའི་ནང་འབྱོར་བའམ་ཏོག་དབྱིབས་ན་ཚ་གསར་པ་ཐོན་ས་ནས་ཡོང་ཚེ་ཁུན་སི་ལན་ཌིའི་མངའ་སྡེའི་ས་མཚམས་འཛུལ་ཞུགས་ཆོག་མཆན་ཐོབ་དགོས་པ་ཡིན།
  • སུ་ཞིག་ནེའུ་སོ་ཐི་ཝལ་མངའ་སྡེ་དང་ཝི་ཊོ་རི་ཡ་ནས་ཡོང་ནས་གཞུང་གིས་ཟུར་བཀག་བཀོད་སྒྲིག་ནང་བསྡད་པ་དང་། དེ་ནས་བརྟག་དཔྱད་རྗེས་ན་ཚ་མེད་པ་ཤེས་རྟོགས་བྱུང་ཚེ་ཟུར་བཀག་ནས་ཐོན་ཆོག་གི་ཡོད་པ་དང་། ཁུན་སི་ལན་ཌིའི་ནང་སྡོད་གནས་ཁ་བྱང་ཞིབ་ཕྲ་མཁོ་སྤྲོད་བྱེད་དགོས་པ་ཡིན།
  • ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.qld.gov.au/health/conditions/health-alerts/coronavirus-covid-19/current-status/public-health-directions/border-restrictions

ཚོང་ལས་དང་སྤྲོ་སེང་།

  • ཁང་པའི་ནང་ལོགས་སུ། ཟ་ཁང་དང་འཚིག་ཇ་ཁང་། སྤྲོ་སྐྱིད་ཁང་། འགྲེམས་སྟོན་ཁང་། སྒྱུར་རྩལ་པར་འགྲེམས་ཁང་། ཟབ་སྦྱོང་ཁང་དེ་བཞིན་གྲོས་ཚོགས་བཅས་སུ་མི་རེའི་སྡོད་སའི་བར་སྟོང་རྨིད་གྲུ་བཞི་མ་ ༢ རེ་ཡོད་དགོས།
  • ཁང་པའི་ནང་གི་དུས་སྟོན། ཤོངས་ཚད་ལས་བརྒྱ་ཆ་ ༡༠༠ རྐུབ་སྟེབས་སྒྲིག་ཆོག་ཀྱང་ཡར་མར་འགྲོ་འོངས་སྐབས་ངེས་པར་དུ་ཁ་རས་གྱོན་དགོས་པ་ཡིན། དེ་ཡང་ཟློས་གར་དང་། ཐད་གཏོང་རོལ་དབྱངས། གློག་བརྙན་ཁང་། ཁང་པའི་ནང་གི་རྩེད་རིགས་བཅས་ཚུད་ཡོད། བྱེད་སྒོ་དེ་དག་ལྟད་མོ་བ་མི་མང་ལས་བར་ཐག་རྨིད་ ༢ ཡོད་དགོས་པས་མ་ཚད། བསྟོད་དབྱངས་ལེན་མིའི་རུ་ཁག་ཕུད་གཞན་ལྟད་མོ་ཚང་མ་ལས་སྡོད་སའི་བར་རྨིད་ ༤ རེ་ཡོད་དགོས་པ་ཡིན། 
  • ཁང་པའི་ཕྱི་རོལ་དུས་སྟོན་ལ་མི་གྲངས་ ༡༥༠༠ འདུ་འཛོམས་ཆོག་གི་ཡོད་ཅིང་། དེ་ཡང་ཏོག་དབྱིབས་སྔོན་འགོག་ཞིབ་བཤེར་དང་། མཛད་སྒོ་ཆེན་པོར་ཏོག་དབྱིབས་སྔོན་འགོག་འཆར་གཞི་ཡོད་དགོས་པ་ཡིན།
  • ཁ་རླུངས་འགྲོ་ས་ཡོད་པའི་སྡིང་ཆ་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་འཆར་གཞི་ཡོད་པའི་ཐོག་རྐུབ་སྟེགས་བརྒྱ་ཆ་ ༡༠༠ བེད་སྤྱོད་བྱེད་ཆོག
  • ཁང་པའི་ཕྱི་རོལ་ཞབས་བྲོ་འཁྲབ་ཆོག་གི་ཡོད། དཔེར་ན། ཁང་པའི་ཕྱི་རོལ་རོལ་དབྱངས་དུས་སྟོན་དང་། གླིང་ཁང་ནང་རོལ་གཞས་སོགས།

ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.covid19.qld.gov.au/government-actions/roadmap-to-easing-queenslands-restrictions 

ཆད་པ།

  • དམ་བསྒྲགས་ཡོད་པའི་ས་ཆར་དཔེར་ན། སྒྲིག་གཞི་ལས་འགལ་བའི་འདུ་འཛོམས་དང་གཏན་འཁེལ་བྱས་ཡོད་པའི་ཁ་རས་མ་གྱོན་ཚེ་ཆད་པ་ཕོག་ངེས་ཡིན།
  • ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.covid19.qld.gov.au/government-actions/roadmap-to-easing-queenslands-restrictions 

ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེ། South Australia 

འདུ་འཛོམས། 

  • ཁང་པའི་ནང་ལ་མི་གཅིག་སྡོད་སའི་བར་སྟོང་རྨིད་གྲུ་བཞི་མ་ ༤ དགོས་པ་ཡིན།
  • ཁང་པའི་ཕྱི་ལོགས་སུ་མི་གཅིག་སྡོད་སའི་བར་སྟོང་རྨིད་གྲུ་བཞི་མ་ ༢ དགོས་པ་ཡིན།
  • སྒེར་གྱི་བྱེད་སྒོ་དཔེར་ན། ཆང་ས་དང་དུར་མཆོད་ལ་མི་གྲངས་མང་ཤོས་ ༡༥༠ མན་འདུ་འཛོམས་བྱེད་ཆོག་གི་ཡོད་ཅིང་། དེ་ཡང་མི་རེའི་སྡོད་སའི་བར་སྟོང་རྨིད་གྲུ་བཞི་མ་ ༢ དགོས་པ་ཡིན། 
  • ཁྱིམ་ཚང་ནང་། དུས་རྒྱུན་མི་གྲངས་ ༡༠ ལས་མང་བ་མཉམ་དུ་སྡོད་ཀྱི་ཡོད་ན་མ་གཏོགས་མི་གྲངས་མང་ཤོས་འདུ་འཛོམས་ཚད་གཞི་མི་གྲངས་་༡༠ ཡིན།
  • སྒེར་གྱི་སྡོད་གནས་སུ་མི་གྲངས་མང་ཤོས་ ༡༥༠ ལས་མང་བ་འདུ་འཛོམས་བྱེད་མི་ཆོག
  • གུང་སེང་སྡོད་གནས། གུང་སེང་སྡོད་གནས་སུ་མི་གྲངས་མང་ཤོས་ ༡༠ ལས་བརྒལ་བ་མཉམ་དུ་ཉལ་སྡོད་བྱེད་ཆོག་གི་མེད་པ་རེད། 
  • རྒན་གསོ་ཁང་དུ་འགྲོ་བསྐྱོད་བཀག་བསྡོམས་ཡོད་ཅིང་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.covid-19.sa.gov.au/restrictions-and-responsibilities/visits-to-residential-care-facilities

གནས་ཚུལ་རྒྱས་པ་དྲ་ཚིགས་འདི་ནས་གཟིགས་ https://www.covid-19.sa.gov.au/restrictions-and-responsibilities/activities-and-gatherings

ལས་ཀ།

  • དམ་བསྒྲགས་ཁག་ཅིག་ལྷོད་དུ་བཏང་ཡོད་ཀྱང་གལ་སྲིད་མི་རྣམས་ཀྱིས་ནང་ལས་མུ་མཐུད་ལ་ཀ་བྱེད་ཐུབ་ཀྱི་ཡོད་ཚེ་ངེས་པར་དུ་ནང་ལ་བསྡད་ནས་ལས་ཀ་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེ་བྱེད་བཞིན་ཡོད།་
  • ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེའི་ནང་ད་ལྟའི་ཆར་ཏོག་དབྱིབས་ནད་དུག་གི་དཀའ་ངལ་སེལ་ཆེད་ལས་ཀ་བྱེད་སར་མུ་མཐུད་སྟབས་བདེ་བསྐྲུན་ཐབས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། མ་ཚད་ཚོང་ལས་ཁག་ལའང་མུ་མཐུད་འགན་ལེན་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་རེད། 

སློབ་གྲྭ་ཁག

ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེའི་ནང་སློབ་གྲྭ་ཁག་སྒོ་ཕྱེས་ཡོད་ཅིང་། གལ་སྲིད་ཛ་དྲག་གནས་ཚུལ་ཐོན་ཚེ་དྲ་ཚིགས་འདི་ནས་གཟིགས་ https://www.education.sa.gov.au/supporting-students/health-e-safety-and-wellbeing/covid-19-coronavirus

འགྲུལ་བཞུད་དང་འགྲིམ་འགྲུལ། 

  • གལ་སྲིད་ཁྱེད་རང་འགྲུལ་བཞུད་དང་སྤྱི་བསྐྱོད་འགྲིམ་འགྲུལ་ནང་འགྲོ་དགོས་བྱུང་ཚེ་འགྲིམ་འགྲུལ་ལམ་སྟོན་ཁག་ལག་བསྟར་བྱེད་དགོས།
  • ལྷོ་ཕྱོགས་མངའ་སྡེའི་ནང་ཁུལ་དུ་འགྲུལ་བཞུད་ལ་དམ་བསྒྲགས་མེད།
  • རྒྱལ་སྤྱི་ནས་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་འབྱོར་མཁན་ཚང་མ་མངའ་སྡེའི་འཕྲོད་བསྟེན་ཚན་པས་ངོས་ལེན་ཡོད་པའི་མགྲོན་ཁང་ནང་དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་ཆ་ཚང་སྡོད་དགོས་པ་ཡིན། 

ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་  https://www.covid-19.sa.gov.au/restrictions-and-responsibilities/travel-restrictions

ཚོང་ལས་དང་སྤྲོ་སེང་།

  • ས་ཁྱོན་རྨིད་གྲུ་བཞི་མ་ ༢ ནང་མི་གྲངས་ ༡ ལས་བརྒལ་ཆོག་གི་མེད།
  • ཁང་པའི་ནང་ལོགས་སུ་ཡིན་པའི་ཟ་ཁང་དང་། འཚིག་ཇ་ཁང་། སྤྲོ་སྐྱིད་ཁང་སོགས་སུ་ཞལ་ལག་དང་གཏུང་བྱ་རིགས་མགྲོན་པོ་ངེས་པར་དུ་བསྡད་པ་ཁོ་ན་ལས་ཞབས་ཞུ་མི་ཆོག
  • ཁང་པའི་ཕྱི་རོལ་བཟའ་གཏུང་ཚོང་ལས་རིགས་གཉེར་ཆོག་གི་ཡོད་པ་རེད།
  • མི་སྒེར་ལྟ་སྐྱོང་སྐབས་ངེས་པར་དུ་ན་ཚ་འགོས་ཁྱབ་ཉེན་སྲུང་ཡོ་ཆས་གྱོན་དགོས་པ་ཡིན། 
  • ཁང་པའི་ནང་ལོགས་སུ་གློག་བརྙན་ཁང་དང་། ཟློས་གར་ཁང་ཡང་ན་གཞན་དག་བྱེད་སྒོ་ཁག་གཏན་འཁེལ་སྒྲིག་ཡོད་པའི་རྐུབ་སྟེགས་ལས་མི་མང་བརྒྱ་ཆ་ ༥༠ ལྷག་བརྒལ་ཆོག་གི་མེདཔ་རེད།

ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.covid-19.sa.gov.au/restrictions-and-responsibilities/business-restrictions-and-closures

ཆད་པ།

  • དམ་བསྒྲགས་ཡོད་པའི་ས་ཆར་དཔེར་ན། སྒྲིག་གཞི་ལས་འགལ་བའི་འདུ་འཛོམས་དང་གཏན་འཁེལ་བྱས་ཡོད་པའི་ཁ་རས་མ་གྱོན་ཚེ་ཆད་པ་ཕོག་ངེས་ཡིན།

ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.covid-19.sa.gov.au/restrictions-and-responsibilities

 

ནུབ་ཕྱོགས་མངའ་སྡེ། Western Australia

ཏོག་དབྱིབས་ཀྱི་རྐྱེན་ཆགས་རོགས་དངུལ།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༦ ནས་བཟུང་། ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེས་ལས་ཤུགས་མི་སྣར་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་དགོངས་ཞུས་དང་ལས་ཀ་མ་ཐུབ་པ་རྣམས་ལ་སྤྱི་བདེ་རོགས་དངུལ་ཨོ་སྒོར་ ༡༥༠༠ རེ་གནང་རྒྱུ།

ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེའི་མི་མང་ཐོབ་འོས་ཅན་རྣམས་གལ་སྲིད་ལས་ཀ་མ་ཐུབ་ཚེ་དུས་ཡུན་ཉིན་གྲངས་་༡༤ རེའི་ནང་ཁྱོན་དངུལ་གྲངས་ཨོ་སྒོར་ ༡༥༠༠ རེ་འཐོབ་རྒྱུ་ཡིན་ཞིང་། དེ་ཡང་གལ་སྲིད་འཕྲོད་བསྟེན་ལས་བྱེད་པས་དུས་ཡུན་ཉིན་གྲངས་ ༡༤ ལས་རིང་ལ་ཟུར་བཀག་དུ་སྡོད་དགོས་པའི་མཛུབ་སྟོན་གནང་ཚེ་རོགས་དངུལ་ཐེངས་གཅིག་ལས་མང་བ་རག་གི་ཡོད།

ཞིབ་ཕྲ་གནས་ཚུལ་འདི་ནས་གཟིགས་ https://www.servicesaustralia.gov.au/individuals/services/centrelink/pandemic-leave-disaster-payment-western-australia

གོམ་སྟབས་ ༤ པ།

ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེས་ཏོག་དབྱིབས་ནད་ཡམས་སྔོན་འགོག་དམ་བསྒྲགས་ལྷོད་དུ་བཏང་ཏེ། ད་ཆ་གོམ་སྟབས་ ༦ པ་ལས་ ༤ པ་མངའ་སྡེའི་ནང་མཛུབ་སྟོན་ལག་བསྟར་བྱེད་བཞིན་ཡོད།

  • གོམ་སྟབས་ ༥ པ་དེ་བཞིན་ད་དུང་ཐག་གཅོད་བྱས་མེད།
  • ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེ་དབྱིན་ཡིག་ནང་ཡོད་པའི་འཆར་འགོད་དང་སྐད་ཡིག་གཞན་ཁག་དྲ་ཚིགས་འདི་ནས་གཟིགས་ https://www.wa.gov.au/government/publications/covid-19-roadmap
  • འདུ་འཛོམས་གྲངས་འབོར་ཚད་གཞི་དང་། ༡༠༠ དང་ ༣༠༠ ཡི་སྒྲིག་གཞི་དེ་དག་མེད་པ་བཟོས་ཡོད།
  • ཟ་ཁང་དང་། ཆང་ཁང་། འཚིག་ཇ་ཁང་སོགས་སུ་མགྲོན་པོ་ཐོ་འགོད་བྱེད་དགོས་ཀྱི་མེད་པ་རེད།
  • འདུ་ཚོགས་ཆེན་པོ་དང་། སྡིང་ཆ་སྣ་ཚོགས་ཅན་གྱི་རོལ་དབྱངས་དུས་སྟོན་བཅས་ཕུད་གཞན་བྱེད་སྒོ་དུས་སྟོན་ཁག་ཚང་མ་གཉེར་ཆོག་གི་ཡོད་པ་རེད།
  • མར་སྡོད་ནས་མ་ཡིན་པའི་གཞས་སྣ་འཁྲབ་སྟོན་དང་། དྲ་ལམ་རོལ་དབྱངས། ཆང་ཁང་། མི་མང་འདུ་འཛོམས། མཚན་ཚོགས་སོགས་ལ་ཆོག་མཆན་སྤྲད་ཡོད།
  • གནས་སྐབས་དམ་བསྒྲགས་ཆ་རྐྱེན་འོག རྒྱན་འཛུགས་ཁང་ཁག་བསྐྱར་དུ་སྒོ་ཕྱེས་ཡོད།

འགྲུལ་བཞུད་དམ་བསྒྲགས།

  • ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེས་ས་མཚམས་སྟངས་འཛིན་ཐད་མི་མང་གི་འཕྲོད་བསྟེན་ལམ་སྟོན་ཞིག་ལག་བསྟར་བྱས་ཡོད།
  • ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེས་ས་མཚམས་བཀོད་སྒྲིག་དེ་བཞིན་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་མཚམས་གཞན་ཁག་ལ་བསྟུན་ནས་དེ་ཡང་ཉིན་གྲངས་ ཆ་སྙོམས་ ༡༤ རིང་གི་འགྲོ་ལུགས་དང་ས་གནས་སུ་ཉིན་རེ་ཏོག་དབྱིབས་ནད་པ་གསར་པ་ཐོན་ཚད་མི་གྲངས་ ༥ ལས་ཉུང་བར་གཞིར་བཅོལ་རྒྱུ་ཡིན་འདུག
  • - ཝི་ཊོ་རི་ཡ་ནས་ཡོང་མཁན་རྣམས་དུས་ཡུན་ཉིན་གྲངས་ ༡༤ རིང་དཔེར་ནང་ཁང་པ་འོས་འཚམས་ཤིག་ཏུ་ཟུར་བཀག་དུ་སྡོད་དགོས་པ་དང་། ཨོ་སོ་ཊི་ལི་ཡ་ནུབ་ཕྱོགས་མངའ་སྡེའི་ཉེན་རྟོག་པས་ G2G གཉེན་ཆས་བརྒྱུད་གུ་ཡངས་ལྟ་རྟོགས་བྱེད་ཀྱི་ཡོད། ཁོང་ལ་འབྱོར་བ་དང་བརྟག་དཔྱད་བྱེད་དགོས་པ་མ་ཚད་ཟུར་བཀག་ཉིན་གྲངས་ ༡༤ ནང་ནས་ཉིན་གྲངས་ ༡༡ ཕྱིན་རྗེས་སླར་ཡང་བརྟག་དཔྱད་བྱེད་དགོས་པ་ཡིན། དེ་བཞིན་ནེའུ་སོ་ཐི་ཝལ་མངའ་སྡེ་དང་མངའ་སྡེ་དང་ས་ཁུལ་གཞན་ནས་ཡོང་མཁན་ཚང་མས་གཅིག་མཚུངས་ཀྱིས་ཉིན་གྲངས་ ༡༡ ཕྱིན་རྗེས་བརྟག་དཔྱད་བྱེད་དགོས། ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.wa.gov.au/organisation/department-of-the-premier-and-cabinet/covid-19-coronavirus-travel-wa

- Kimberley ས་ཁུལ་ཐེ་བའི་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་འགྲུལ་བཞུད་བྱེད་ཆོག གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནལ་གནས་སྡོད་བྱེད་ས་ས་ཁུག་ཁག་མུ་མཐུད་བཀག་འགོག་བྱས་ཡོད།

ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་འགྲུལ་བཞུད་གུ་ཡངས་ཐད་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.wa.gov.au/government/document-collections/covid-19-coronavirus-state-of-emergency-declarations

སློབ་གྲྭ།

ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེའི་མི་མང་སློབ་གྲྭ་ཁག་འདི་ལོ་སློབ་དུས་ ༢ པ་ནས་འགོ་འཛུགས་བྱས་ཡོད་ཅིང་། ནང་མི་ཚང་མས་བདམས་ཀ་ལྟར་ཁོང་ཚོའི་ཕྲུ་གུ་རྣམས་སློབ་གྲྭར་བཏང་ཡོད།

སློབ་ཕྲུག་སུ་ཞིག་ནང་ལས་སློབ་སྦྱོང་བྱེད་འདོད་ཡོད་པ་དང་། ཐག་རིང་ནས་སློབ་སྦྱོང་བྱེད་བཞིན་པ་རྣམས་ལ་སློབ་སྦྱོང་གི་དགོས་མཁོ་ཁག་མཁོ་འདོན་བྱེད་བཞིན་ཡོད།

ཕ་མ་དང་ལྟ་རྟོགས་བྱེད་མཁན་རྣམས་ཕྲུ་གུ་བསུ་སྐྱེལ་སྐབས་སློབ་གྲྭའི་ནང་འགྲོ་འོངས་བྱེད་ཆོག

ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་སློབ་གྲྭ་ཁག་གི་ཞིབ་ཕྲ་གནས་ཚུལ་འདི་ནས་གཟིགས་ https://www.wa.gov.au/organisation/department-of-the-premier-and-cabinet/covid-19-coronavirus-education-and-family-advice%20

ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེའི་ནང་འཆར་འགོད་ས་ཁྲ་འདི་ནས་གཟིགས་ https://www.wa.gov.au/organisation/department-of-the-premier-and-cabinet/covid-19-coronavirus-wa-roadmap?a= 

ཏཱ་སི་མ་ནི་ཡ། Tasmania

ཏཱ་སི་མ་ནི་ཡ་མངའ་སྡེའི་ཛ་དྲག་ལག་བསྟར་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ནས་མཇུག་སྒྲིལ་ཡོད་པ་རེད།

འོན་ཀྱང་མངའ་སྡེའི་ནང་མི་མང་གི་ཛ་དྲག་འཕྲོད་བསྟེན་གསལ་བསྒྲགས་མུ་མཐུད་གཉེར་བཞིན་ཡོད་པ་རེད།

ཏཱ་སི་མ་ནི་ཡའི་ལས་ཀ་བྱེད་མཁན་རྣམས་གལ་སྲིད་ཁོང་ཚོ་དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་དུ་སྡོད་དགོས་བྱུང་ཚེ་ནད་ཡམས་ཀྱི་རྐྱེན་ཆག་གྱོང་གུད་རོགས་དངུལ་ཨོ་སྒོར་ ༡༥༠༠ རེ་སྤྲོད་རྒྱུ་ཡིན་འདུག

རོགས་དངུལ་དེ་བཞིན་ཁོང་ཚོ་དུས་ཡུན་ཉིན་གྲངས་ ༡༤ ཟུར་བཀག་དུ་སྡོད་དགོས་བྱུང་བའི་སྐབས་སུ་སྤྲོད་རྒྱུ་ཡིན་འདུག

ཞིབ་ཕྲ་གནས་ཚུལ་འདི་ནས་གཟིགས་ https://www.servicesaustralia.gov.au/individuals/services/centrelink/pandemic-leave-disaster-payment-tasmania

འདུ་འཛོམས་ཚད་གཞི།

  • ནང་ལ། ནང་མི་མཉམ་དུ་གནས་སྡོད་བྱེད་མཁན་མ་བརྩིས་པའི་དུས་ཚོད་གང་རུང་གཅིག་ལ་མི་གྲངས་ ༢༠ མན་འདུ་འཛོམས་བྱེད་ཆོག
  • ཕྲུ་གུ་དམར་འབྱར་དང་། བྱིས་པ། དང་བླངས་བ། ལས་བྱེད་ཐེ་བའི་མི་གྲངས་ངེས་ཅན་འདུ་འཛོམས་བྱེད་ཆོག

ཚོང་ལས་དང་སྤྲོ་སེང་།

  • ཚོང་ལས་ཁག་ལ་ཁང་པའི་ནང་ལ་མི་གྲངས་ ༢༥༠ མན་དང་། ཁང་པའི་ཕྱི་རོལ་ཏུ་མི་གྲངས་ ༥༠༠ མན་དུས་གཅིག་ཏུ་འདུ་འཛོམས་བྱེད་ཆོག
  • མི་གཅིག་གི་སྡོད་སའི་བར་སྟོང་རྨིད་གྲུ་བཞི་མ་ ༢ དགོས་ཀྱི་ཡོད། ཞིབ་ཕྲ་གནས་ཚུལ་འདི་ནས་གཟིགས་ https://www.coronavirus.tas.gov.au/families-community/gatherings-density-and-physical-distancing
  • ཆོག་མཆན་ལག་འཁྱེར་སྤྲད་ཡོད་པའི་བྱེད་སྒོ་ཁག་ལ་རང་དབང་ངང་འགྲོ་བསྐྱོད་བྱེད་ཆོག་ཀྱང་། ཆང་རག་འཐུང་མཁན་རྣམས་ངེས་པར་དུ་སྡོད་དགོས་ཀྱི་ཡོད་པ་རེད།
  • ཞིབ་པྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.coronavirus.tas.gov.au/business-and-employees/business-restrictions

འགྲུལ་བཞུད་དམ་བསྒྲགས།

ཕྱི་ཟླ་ ༡༠ ཚེས་ ༢༦ ནས་བཟུང་ཏཱ་སི་མ་ནི་ཡ་མངའ་སྡེས་འགྲུལ་བཞུད་ཀྱི་སྒྲིག་ལམ་གསར་པ་ཞིག་བཟོས་ཡོད་པ་དང་། "Tas e- Travel" དེ་ད་ལྟའི་ཆར་ཏོག་དབྱིབས་ནད་པ་ཉུང་སའི་ས་གནས་(རྒྱལ་ས་མངའ་ཁུལ་དང་། བྱང་ཁུལ་མངའ་སྡེ། ཁུན་སི་ལན་ཌི། ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེ། ནུབ་ཕྱོགས་མངའ་སྡེ། དེ་བཞིན་ནེའུ་ཛི་ལན་ཌི་) བཅས་ནས་ཐོ་འགོད་ངོས་ལེན་དང་ས་མཚམས་དེ་དག་དམ་བསྒྲགས་ལྷོད་དུ་བཏང་ཡོད།

ཞིབ་ཕྲ་གནས་ཚུལ་འདི་ནས་གཟིགས་ https://www.coronavirus.tas.gov.au/travellers-and-visitors/coming-to-tasmania/low-risk-areas

  • ཕྱི་ཟླ་ ༡༢ པའི་ཚེས་་༡ ཉིན་ནས་ཏཱ་སི་མ་ནིང་ཡའི་མངའ་སྡེའི་ས་མཚམས་ཁག་ལྷོད་ཡངས་གཏོང་རྒྱུ།
  • ཏཱ་སི་མ་ནི་ཡའི་ནང་ཁྱེད་རང་གང་དུ་ཡང་གནས་སྡོད་དང་འགྲུལ་བཞུད་བྱེད་ཆོག་ཀྱང་། འདུ་འཛོམས་དང་ཁྱིམ་ཚང་ནང་འགྲོ་བསྐྱོད་དམ་བསྒྲགས་ཐད་ངེས་པར་བརྩི་སྲུང་བྱེད་དགོས་པ་ཡིན།

ཏཱ་ས་མ་ནི་ཡར་འགྲུལ་བཞུད།

  • ཕྱི་ཟླ་ ༡༠ པའི་ཚེས་ ༢༦ ནས་བཟུང་ནིའུ་ཛི་ལན་ཌིའི་མི་རྣམས་ཟུར་བཀག་མེད་པའི་ཐོག་ཏཱ་སི་མ་ནི་ཡའི་ནང་འགྲོ་འོངས་བྱེད་ཆོག
  • ས་གནས་གཞན་ནས་ཡོང་མཁན་ཚོ་ཏཱ་སི་མ་ནི་ཡའི་ས་མཚམས་སུ་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད།
  • འགྲུལ་པ་རྣམས་ངེས་པར་དུ་ནིའུ་ཛི་ལན་ཌིའི་ནང་འདས་པའི་དུས་ཡུན་ཉིན་གྲངས་ ༡༤ ནང་ཏོག་དབྱིབས་ནད་པ་མང་ས་དང་འགྲོ་སྐྱོད་གནས་སྡོད་བྱེད་མཁན་ཞིག་མ་ཡིན་པ་དགོས།

ཏཱ་སི་མ་ནི་ཡའི་ནང་འགྲུལ་བཞུད་ཐད་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://www.coronavirus.tas.gov.au/travellers-and-visitors/coming-to-tasmania

ཏཱ་སི་མ་ནི་ཡའི་ནང་ས་མཚམས་ཁག་རིམ་པ་གསུམ་གྱི་ཐོག་ནས་དམ་བསྒྲགས་ལྷོད་དུ་གཏང་རྒྱུ།

རིམ་པ་ ༡ པོ།

  • ཕྱི་ཟླ་ ༩ ཚེས་ ༢༠ རེས་གཟའ་ཉི་མ་ནས་བཟུང་། ཏཱ་སི་མ་ནི་ཡའི་མི་རྣམས་ཝི་ཊོ་རི་ཡ་དང་གཞན་ཏོག་དབྱིབས་ནད་པ་མང་ཤོས་ཐོན་སའི་ས་གནས་ཁག་ཕུད། གཞན་ས་གནས་ཁག་ལ་ལས་ཀ་ཆེད་འགྲོ་བསྐྱོད་བྱེད་མཁན་རྣམས་འགྲོ་འོངས་སྐབས་ཟུར་བཀག་དུ་སྡོད་མི་དགོས་པར་ཁ་ཐུག་འགྲོ་བསྐྱོད་བྱེད་ཆོག
  • ཡོང་རྒྱུའི་དུས་ཚིགས་དང་བསྟུན་ནས་ལས་ཀ་བྱེད་མཁན་རྣམས་ཏཱ་སི་མ་ནི་ཡའི་ནང་འགྲོ་འོངས་བྱེད་ཆོག་གི་ཡོད་པ་དང་དེ་ཡང་ཏོག་དབྱིབས་ན་ཚ་སྔོན་འགོག་ལག་བསྟར་བྱེད་དགོས་པ་ཡིན།

རིམ་པ་ ༢ པ།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་ནས་བཟུང་། ཏོག་དབྱིབས་ནད་ཡམས་འགོས་ཁྱབ་གཟན་ནན་འོག ཏོག་དབྱིབས་ན་ཚ་ཕོག་མཁན་ཅུང་ཉུང་བའི་ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེ་དང་། ནུབ་ཕྱོགས་མངའ་སྡེ། བྱང་ཁུལ་མངའ་སྡེ། ཁུན་སི་ལན་ཌི། རྒྱལ་ས་མངའ་ཁུལ། ཅིག་བྱས་ནས་ནེའུ་སོ་ཐི་ཝལ་མངའ་སྡེ་བཅས་ཀྱི་ས་མཚམས་སྒོ་ཕྱེ་རྒྱུ་ཡིན་པ་རེད།

རིམ་པ་ ༣ པ།

ཕྱི་ཟླ་ ༡༢ པའི་ཚེས་ ༡ ནས་ཏཱ་སི་མ་ནི་ཡ་མངའ་སྡེས་ཝི་ཊོ་རི་ཡ་དང་གཞན་ཏོག་དབྱིབས་ན་ཚ་མང་ཤོས་ཐོན་སའི་ས་ཁུལ་བཅས་དང་ས་མཚམས་དམ་བསྒྲགས་ལག་བསྟར་མཇུག་སྒྲིལ་རྒྱུའི་རེ་བ་རྒྱག་གི་ཡོད་འདུག

དྲ་ཐོག་ཏུ་འགྲིམ་འགྲུལ་དམ་བསྒྲགས་སྐོར།

  • ས་གནས་གཞན་དང་རྒྱལ་ཁབ་གཞན་ནས་ཏཱ་སི་མ་ནི་ཡར་འགྲུལ་བཞུད་བྱ་རྒྱུ་ཡིན་ཚེ་ངེས་པར་དུ་ G@G PASS ཞེས་ https://www.g2gpass.com.au དྲ་ཚིགས་འདིའི་ཐོག་དྲ་ཐོག་ནས་གསར་དུ་འཛུལ་ཞུགས་ཆོག་མཆན་ཐོ་འགོད་བྱེད་དགོས་པ་ཡིན།
  • འགྲུལ་པ་རྣམས་ས་གནས་གང་ནས་ཡོང་གི་ཡོད་མེད་སོགས་གཉེན་ཆས་ཐོག་ནས་ཐོ་འགོད་བྱེད་ཆོག་ལ། འདས་པའི་ཉིན་གྲངས་ ༡༤ ནང་འགྲུལ་པ་རྣམས་ས་གནས་གང་དུ་བསྐྱོད་ཡོད་མེད་བཀོད་དགོས་པས་མ་ཚད། གལ་སྲིད་གནས་ཚུལ་རྫུན་མ་བཀོད་ཚེ་ཨོ་སྒོར་ ༡༦༨༠༠ དང་ཡང་ན་དེ་ལས་མང་བ་དང་དུས་ཡུན་ཟླ་བ་ ༦ རིང་བཙོན་འཇུག་བྱེད་སྲིད།

སློབ་གྲྭ་ཁག

  • ཏཱ་སི་མ་ནི་ཡ་ནང་སློབ་གྲྭ་ཁག་ཚང་མ་འགོ་འཛུགས་དང་སློབ་ཕྲུག་ཚང་མ་སློབ་གྲྭར་བསྐྱོད་བཞིན་ཡོད།

ཞིབ་ཕྲ་གནས་ཚུལ་ཁག་དྲ་ཐག་འདི་ནས་གཟིགས་རོགས།  http://www.premier.tas.gov.au/releases/tasmanias_roadmap_to_recovery 

བྱང་ཁུལ་མངའ་སྡེ། Northern Territory

འདུ་འཛོམས་ཚད་བཀག

  • ཨོ་སི་ཊོ་ལི་ཡ་བྱང་ཁུལ་དུ་འདུ་འཛོམས་ཚད་བཀག་བཟོས་མེད་ཀྱང་མི་མང་རྣམས་སྤྱི་ཚོགས་རྒྱང་བཀྱེད་ལག་བསྟར་གྱིས་མི་ཕན་ཚུན་དབར་བར་ཐག་མི་གྲངས་ ༡ དང་ཕྱེད་ཀ་འཇོག་དགོས་ཀྱི་ཡོད།
  • དུར་་མཆོད་དང་གཉེན་སྒྲིག་མཛད་སྒོ་མུ་མཐུད་གཉེར་ཆོག་གི་ཡོད་པ་རེད།

ཚོང་ལས་དང་སྤྲོ་སེང་།

  • ལུས་རྩལ་དང་། ཕྱི་རོལ་འདུ་འཛོམས། ཆུ་རྐྱལ། ཉ་འཛིན། གྲུ་གཏོང་སོགས་བྱེད་ཆོག་གི་ཡོད།
  • འཁྱགས་ཤུད་གློད་ས་དང་། ཆུ་རྐྱལ་ཁང་། རྩེད་ཐང་། ཁང་པའི་ཕྱི་རོལ་གྱི་ལུས་རྩལ་ལྟེ་གནས་སོགས་སྒོ་ཕྱེ་ཆོག་གི་ཡོད།
  • འཚིག་ཇ་ཁང་དང་། ཟ་ཁང་། ཨར་ཁང་། རྩེད་མོ་སྦྱོང་བརྡར་ལྟེ་གནས། ཁང་པའི་ནང་གི་ཚོང་རྭ་དང་། ལུས་སྦྱོང་ཁང་། དཔེ་མཛོད་ཁང་། པར་ཁང་། འགྲེམས་སྟོན་ཁང་སོགས་སྒོ་ཕྱེས་ཡོད་པ་རེད།

འགྲིམ་འགྲུལ་དམ་བསྒྲགས།

རྒྱལ་ཁབ་གཞན་ནས་བྱང་ཁུལ་མངའ་སྡེའི་ནང་འབྱོར་མཁན་རྣམས་ Howard Springs ཞེས་པའི་ཟུར་བཀག་ལྟེ་གནས་སུ་ཟུར་བཀག་མཐུན་རྐྱེན་བསྐྲུན་ཡོད་པ་དང་། དེ་ཡང་ཨོ་སྒོར་ ༢༥༠༠ ཐམ་པ་མཐུན་རྐྱེན་ཆེད་སྤྲོད་དགོས་ཀྱི་ཡོད་པ་རེད།

བྱང་ཁུལ་མངའ་སྡེའི་ནང་འབྱོར་མཁན་ཚོས་གཤམ་གྱི་གོམ་སྟབས་དོན་ཚན་དྲུག་ལག་བསྟར་གནང་དགོས་ཀྱི་ཡོད་པ་རེད།

  • ཟུར་བཀག་གྱི་དགོས་དོན་ལམ་སྟོན་ཁག་ཞིབ་འཇུག
  • ས་མཚམས་འཛུལ་ཞུགས་ཀྱི་འགེང་ཤོག་བསྐོང་དགོས།
  • ཁྱེད་རང་གི་འགེང་ཤོག་པར་སློག་རྒྱག་དགོས།
  • ག་དུས་འབྱོར་མིན་སོགས་གསལ་འདེབས་མིང་རྟགས་བཀོད་དགོས།
  • ཁྱེད་རང་གི་འཕྲོད་བསྟེན་ལྟ་ཞིབ་བྱེད་དགོས།
  • ས་གནས་གང་ཞིག་ཏུ་ཉེན་ཁ་ཆེ་བ་ཡོད་མེད་གནས་ཚུལ་གསར་སྣོན་བྱེད་དགོས།

གོམ་སྟབས་དྲུག་སྐོར་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས་ https://coronavirus.nt.gov.au/travel/quarantine

གཞན་ས་མཚམས་ཁག་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་ནས་སྒོ་ཕྱེས་ཡོད་པ་དང་། བྱང་ཁུལ་མངའ་སྡེའི་ཉེན་རྟོག་པ་རྣམས་ཀྱིས་རྒྱུན་དུ་ས་མཚམས་དང་གནམ་ཐང་ཁག་ལ་བལྟ་ཞིབ་བྱེད་མུས་ཡིན་པ་རེད། 

ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༨ པ་ནས་བཟུང་ཨོ་སི་ཊོ་ལི་ཡ་བྱང་ཁུལ་མངའ་སྡེས་ཏོག་དབྱིབས་ནད་ཡམས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་པའི་མངའ་སྡེ་ཁག་ལས་ད་དུང་ཉུང་མཐར་ཡང་དུས་ཡུན་ཟླ་བ་ ༡༨ རིང་ས་མཚམས་སྒོ་རྒྱག་རྒྱུ་ཡིན་པ་རེད།

ཏོག་དབྱིབས་ན་ཚའི་ཤུགས་ཆེ་ཁྱབ་ས་ནས་ད་དུང་བྱང་ཁུལ་མངའ་སྡེ་ལ་འཛུལ་ཞུགས་བྱེད་ཆོག་གི་ཡོད་ཀྱང་། སོ་སོ་རང་ངོས་ནས་འགྲོ་སོང་བཏང་ནས་དུས་ཡུན་ཉིན་གྲངས་ ༡༤ རིང་ངེས་པར་དུ་ཟུར་བཀག་ལ་སྡོད་དགོས་ཀྱི་ཡོད་པ་རེད།

ཨོ་གླིང་དང་ནེའུ་ཛི་ལན་ཌིའི་དབར་འགྲུལ་བཞུད།

  • ཕྱི་ཟླ་ ༡༠ ཚེས་ ༡༦ ནས་བཟུང་ནེའུ་ཛི་ལན་ཌིའི་མི་རྣམས་ཨོ་སི་ཊོ་ལི་ཡའི་བྱང་ཁུལ་མངའ་སྡེ་ནང་འགྲུལ་བཞུད་བྱེད་པར་ཟུར་བཀག་དུ་སྡོད་དགོས་ཀྱི་མེད།
  • འགྲུལ་པ་རྣམས་འདས་པའི་ཉིན་གྲངས་ ༡༤ ནང་ནེའུ་ཛི་ལན་ཌིའི་ནང་ཏོག་དབྱིབས་ནད་པ་ཐོན་སའི་ས་ཆ་ནས་ངེས་པར་དུ་མིན་པ་དགོས་ཀྱི་ཡོད།

སློབ་གྲྭ་ཁག

  • ཨོ་སི་ཊོ་ལི་ཡ་བྱང་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་མ་ཚང་མ་དངོས་སུ་སློབ་གྲྭར་ཞུགས་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད།
  • ཕྲུ་གུ་སློབ་གྲྭར་གཏོང་འདོད་མེད་པའི་སློབ་མ་རྣམས་མུ་མཐུད་ནང་ནས་སློབ་སྦྱོང་བྱེད་བཞིན་ཡོད།

ཨོ་སི་ཊོ་ལི་ཡ་བྱང་ཁུལ་གྱི་སློབ་གྲྭ་ཁག་གི་ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས་རོགས་ https://education.nt.gov.au/publications/information-for-term-2-2020?SQ_VARIATION_814972=0
བྱང་ཁུལ་གྱི་ལམ་གྱི་ས་ཁྲ་ : https://coronavirus.nt.gov.au/steps-to-restart/roadmap-new-normal
གཞན་ཡང་དྲ་ཐག་འདི་ནས་གཟིགས་རོགས་ : https://coronavirus.nt.gov.au/__data/assets/pdf_file/0007/819106/roadmap-faqs.pdf 

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ། Australian Capital Territory

 འདུ་འཛོམས་ཚད་བཀག

  • ནང་ལ་འགྲོ་འོངས་ཀྱི་ཚད་བཀག་མེད།
  • དུར་མཆོད་སོགས་མི་མང་འདུ་འཛོམས་ལྟེ་གནས་ཁག་ཚང་མར་ཁྱོན་མི་གྲངས་ ༡༠༠ བར་འདུ་འཛོམས་བྱེད་ཆོག འོན་ཀྱང་ཁང་པ་ཕྱི་ནང་གཉིས་ཀར་མི་རེའི་དབར་བར་སྟོང་རྒྱ་ཁྱོན་རྨིད་གྲུ་བཞི་མ་ ༤ ཡོད་དགོས། 

འདུ་འཛོམས་སྐོར་ཞིབ་ཕྲ་གནས་ཚུལ་འདི་ནས་གཟིགས། https://www.covid19.act.gov.au/community/groups-and-gatherings

འགྲིམས་འགྲུལ།

ཁུན་སི་ལན་ཌི་དང་ནེའུ་སོ་ཐི་ཝལ་མངའ་སྡེ་ནས་རྒྱལ་ས་མངའ་ཁུལ་འཛུལ་ཞུགས། མི་སུ་ཞིག་དུས་ཡུན་ཉིན་གྲངས་ ༡༤ ནང་སིཌ་ནི་ཡི་ཏོག་དབྱིབས་ན་ཚའི་ཉེན་ཁ་ཆེན་པོ་ཡོད་ས་དང་། སྨན་ཁང་ཁག རྒས་གསོ་ཁང་བཅས་ལ་འགྲོ་བསྐྱོད་མ་བྱས་པ་ཞིག་དགོས་ཀྱི་ཡོད།

ཟུར་བཀག་མི་དགོས་པ་ཁག་ནི།

ཝི་ཊོ་རི་ཡ་ནས་རྒྱལ་ས་མངའ་ཁུལ་འགྲུལ་བཞུད། 

རྒྱལ་ས་མངའ་ཁུལ་འཕྲོད་བསྟེན་བརྟག་དཔྱད་ཆོག་མཆན་ཐོབ་པ་དང་། རྒྱལ་ས་མངའ་ཁུལ་ལ་གནས་སྡོད་བྱེད་མཁན་ཞིག་ཡིན་ན་མ་གཏོགས། སུ་ཞིག་ཝི་ཊོ་རི་ཡ་ནས་རྒྱལ་ས་མངའ་ཁུལ་ལ་འགྲུལ་བཞུད་བཀག་འགོག་བྱས་ཡོད། 

ད་ལྟའི་ཆར་ཝི་ཊོ་རི་ཡ་ནས་རྒྱལ་ས་མངའ་ཁུལ་ལ་གནམ་ཐོག་ནས་འགྲུལ་བཞུད་གཅིག་པུ་ཆོག་གི་ཡོད།

རྒྱལ་ས་མངའ་ཁུལ་ལ་གནས་སྡོད་བྱེད་མཁན་རྣམས་ཝི་ཊོ་རི་ཡ་ནས་འབྱོར་ཚེ་དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་དུ་སྡོད་དགོས་པ་དང་། འགྲུལ་བཞུད་ཀྱི་དུས་ཚེས་ལས་འགན་འཁུར་མི་སྣར་དུས་ཡུན་ཆུ་ཚོད་ ༧༢ སྔོན་ནས་བརྡ་ལན་སྤྲད་དགོས་པ་ཡིན།

སློབ་གྲྭ་ཁག

  • མི་མང་སློབ་གྲྭའི་འཛིན་གྲྭ་ཁག་ཚང་མ་ཕྱིར་སློབ་གྲྭར་འཛོམས་དགོས་ཀྱི་ཡོད།
  • ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱལ་སྤྱིའི་སློབ་མ་ལས་དོན་སྒོ་བརྒྱབ་ཡོད་པའི་སྐབས། རྒྱལ་ས་མངའ་ཁུལ་གྱིས་ ༢༠༢༠ ཟླ་ ༧ པའི་ནང་རྒྱལ་སྤྱི་སློབ་མའི་སྐོར་བསྐྱར་དུ་འགྲེལ་བརྗོད་བྱེད་མཁན་མངའ་སྡེ་ཐོག་མ་དེ་ཆགས་ཡོད།

ཚོང་ལས་དང་སྤྲོ་སེང་། 

  • རྒྱལ་ས་མངའ་ཁུལ་གྱི་ཚོང་ལས་བྱེད་སྒོ་སྐོར་ལམ་སྟོན་ https://www.covid19.act.gov.au/signs-and-factsheets
  • ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༨ ནས་བཟུང་ཁེན་བྷེ་རའི་ནང་ཟ་ཁང་དང་། འཚིག་ཇ་ཁང་། ཆང་ཁང་སོགས་ཀྱི་ནང་ས་ཁྱོན་ཇི་ལྟར་ཡིན་མིན་ལ་མ་བལྟོས་པར་ཚད་གཞི་མི་གྲངས་ ༢༥ མན་ཡིན།
  • ཨ་ཁང་དང་། སྤྲོ་སྐྱིད་ཁང་ཚོས་ཨ་རག་ཚོང་གཉེར་བྱེད་ཆོག་ཀྱང་དུས་གཅིག་ལ་མི་གྲངས་ ༡༠ ལས་མང་བས་མཉམ་དུ་མངག་མི་ཆོག

གཤམ་གསལ་ཁག་སྒོ་ཕྱེ་ཆོག་གི་ཡོད། འོན་ཀྱང་མི་རེའི་སྡོད་གནས་བར་སྟོང་རྨིད་གྲུ་བཞི་མ་ ༤ ཡོད་དགོས་པ་དང་། ལས་བྱེད་ཐེ་བའི་ཁྱོན་མི་གྲངས་ ༡༠༠ ལས་བརྒལ་མི་ཆོག་ལ་ལག་བསྟར་བྱེད་དགོས། དེ་དག་ནི།

  • གསོལ་མཆོད་དང་ཆོས་ལུགས་ཀྱི་བྱེད་སྒོ།
  • གློག་བརྙན་ཁང་དང་ལྟད་མོ་ཁང་ཟློས་གར་ཁང་།
  • ལུས་སྦྱོང་ཁང་དང་། འཕྲོད་བསྟེན་ལྟེ་གནས། ལུས་བཟོ་ཁང་། ཞབས་བྲོ་ཁང་།
  • ཆུ་བཀྱལ་ཁང་།
  • སྤྱི་དམངས་ལུས་རྩལ་དང་རྩེད་རིགས་གོ་སྒྲིག་བྱེད་སྒོ། 

ཨོ་སི་ཊོ་ལི་ཡའི་ནང་མི་རྣམས་ངེས་པར་དུ་མི་གཞན་དང་བར་ཐག་རྨིད་ ༡།༥ བཞག་དགོས་པ་དང་། ཁྱེད་རང་གི་མངའ་སྡེ་དང་ས་ཁུལ་ནང་འདུ་འཛོམས་ཚད་བཀག་སྐོར་མངའ་སྡེ་གཞུང་གི་བཀོད་ཁྱབ་བརྟག་དཔྱད་བྱེད་དགོས་པ་ཡིན་ https://www.sbs.com.au/language/english/how-are-coronavirus-restrictions-changing-in-your-state-or-territory

གལ་སྲིད་ཁྱེད་རང་ལ་ཆམ་པ་དང་ཡང་ན་རིམས་ཆམ་ནད་རྟགས་ཐོན་ཚེ། བརྟག་དཔྱད་བཀོད་སྒྲིག་ཆེད་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་གནས་ཚུལ་མཁོ་སྤྲོད་ཛ་དྲག་འབྲེལ་གཏུགས་ཨང་གྲངས་ 1800 020 080 ཐོག་ནས་འབྲེལ་བ་བྱེད་དགོས་པ་ཡིན། 

SBS གསར་ཁང་གིས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གི་འཕེལ་རིམ་སྐོར་གནས་ཚུལ་གསར་ཤོས་མཁོ་སྤྲོད་བྱེད་བཞིན་ཡོད། ཏོག་དབྱིབས་ནད་དུག་སྐོར་གསར་འགྱུར་དང་གནས་ཚུལ་ཁག་དྲ་ཚིགས་ sbs.com.au/coronavirus ཐོག་སྐད་ཡིག་ ༦༣ ནང་ཡོད་པ་ཡིན།