ཏོག་དབྱིབས་ནད་དུག་གི་ངོ་བོ་དང་། རྟགས་མཚན། ཞབས་ཞུ་དང་སྤྱི་ཚོགས་རྒྱང་བཀྱེད།

Woman in quarantine Source: Getty Images/Jasmin

SBS གསར་ཁང་གིས་ཁྱེད་ཀྱི་སྐད་ཡིག་ཐོག་ནས། ཏོག་དབྱིབས་ནད་དུག COVID-19 གི་རྒྱ་ཁྱབ་དང་སྔོན་འགོག་སྐོར་ཁྱེད་ལ་ཡིད་ཆེས་འཕེལ་བའི་གནས་ཚུལ་མཁོ་སྤྲོད་ཞུ་བཞིན་ཡོད། ཡིག་ཆ་འདི་བཞིན་སྤྱི་ཚོགས་ནང་མི་ཚང་མས་མཁྱེན་དགོས་པ་གལ་ཆེན་པོ་ཆགས་ཡོད།

  •  ནང་ལ་སྡོད། བདེ་འཇགས་ངང་ནས་སྡོད། འབྲེལ་བ་བྱོས། རང་གཞན་གྱི་ཚེ་སྲོག་སྐྱོབས། 
  • དཔལ་འབྱོར་དཀའ་ངལ།
  • བྱུང་ཉེས་ཛ་དྲག་རོགས་དངུལ།

ཨོ་སི་ཊོ་ལི་ཡ་གཞུང་གིས་(བྱུས་ཉེས་རོགས་དངུལ་) ཞེས་ཏོག་དབྱིབས་ནད་དུག་གི་རྐྱེན་པས་དགོངས་ཞུ་ངལ་སེལ་ཆེད་ཨོ་སྒོར་ ༡༥༠༠ རེར་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་པ་དང་། རོགས་དངུལ་དེ་ནི་ཝི་ཊོ་རི་ད་། ཏཱ་སི་མ་ནི་ཡ། ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེ་དང་། གང་མགྱོག་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༩ དང་ ༡༠ པའི་ནང་ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ལག་བསྟར་གནང་རྒྱུ་ཡིན་འདུག

ཁུན་སི་ལན་ཌི་མངའ་སྡེས་དབུས་གཞུང་དང་གྲོས་མོལ་གྱིས་གང་མགྱོག་ལས་འཆར་དེའི་ནང་ཞུགས་སྲིད་སྐོར་བརྗོད་འདུག

ལས་མི་སུ་ཞིག་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཟུར་བཀག་དུ་སྡོད་དགོས་བྱུང་ཡང་། ལས་འཚོལ་དང་ལས་མིའི་རོགས་དངུལ་མེད་མཁན་རིགས་ལ་རག་གི་ཡོད་པ་མ་ཚད། དུས་ཐུང་མཐོང་ཆེན་འཛིན་མཁན་རིགས་ལའང་དེ་མཚུངས་རོགས་དངུལ་དེ་རག་གི་ཡོད་འདུག

གལ་སྲིད་ཁྱེད་ལ་དཔལ་འབྱོར་ཐད་དཀའ་ངལ་ཡོད་ན་དྲ་ཚིགས་ https://moneysmart.gov.au/ འདི་དང་ཡང་ན་རྒྱལ་ཡོངས་བུན་ལོན་རོགས་རམ་འབྲེལ་གཏུགས་ཁ་པར་ 1800 007 007 ཐོག་འབྲེལ་བ་གནང་དགོས།

ཨོ་སི་ཊོ་ལི་ཡ་གཞུང་གིས་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བྱེད་མཁན་མི་ཚང་མས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་བཟོས་པའི་མཉེན་ཆས་དེ་ཁ་པར་ནང་ཕབ་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། མཉེན་ཆས་དེའི་སྐོར་ཞིབ་ཕྲ་གནས་ཚུལ་འདི་ནས་གཟིགས།

  • ཏོག་དབྱིབས་ནད་དུག་ COVID-19 གི་ནད་རྟགས་གང་འདྲ་ཡིན་ནམ།

ཏོག་དབྱིབས་ནད་དུག་གི་ནད་རྟགས་ནི་གློ་ཚད་ཀྱི་ངོ་བོ་ཞིག་གི་ཐོག་ནས་རིམ་བཞིན་ཐོན་གྱི་ཡོད་སྐོར་ཨོ་གླིང་གཞུང་འབྲེལ་དྲ་ཚིགས་ཐོག་བཀོད་འདུག


ཏོག་དབྱིབས་ནད་དུག COVID-19 གི་ནད་རྟགས་དེ་བཞིན་ཆམ་པའམ་རིམས་ཆམ་དང་འདྲ་པོ་ཡོད་པ་དང་གཞན་ཡང་།

  • ཚ་བ་འཕར་བ།
  • མིད་པ་ཚ་བ།
  • གློ་རྒྱག་པ།
  • ཐང་ཆད་པ།
  • དབུགས་གཏོང་ལེན་དཀའ་བ།
  • གཞན་ཡང་ནད་རྟགས་སྣ་ཆུ་འཛག་པ་དང་། མགོ་ན་བ། ཤ་ཚུགས་དང་ལྷུ་ཚིགས་ན་བ། ཞེ་མེར་ལངས་བ། གྲོད་ཁོག་བཤལ་བ། རོ་དྲི་དང་བྲོ་བ་བརླག་པ། ཡི་ག་མེད་པ། ཐང་ཆད་པ་སོགས་འབྱུང་གི་ཡོད།

  • གལ་སྲིད་ང་ལ་ནད་རྟགས་ཐོན་ཚེ་ངས་ག་རེ་བྱེད་དགོས་སམ།

གལ་སྲིད་ཁྱེད་རང་ལ་ནད་རྟགས་ཐོན་ནས་ཉིན་ ༡༤ ནང་ཨོ་སི་ཊོ་ལི་ཡའི་ནང་འབྱོར་བའམ། ཡང་ན་ཉིན་ ༡༤ ནང་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་མི་དང་འབྲེལ་འདྲིས་བྱུང་ཡོད་ཚེ། ཛ་དྲག་ཐོག་སྨན་པར་བསྟེན་གཏུགས་བཀོད་སྒྲིག་བྱས་ནས་བརྟག་དཔྱད་བྱེད་དགོས་པ་ཡིན།


སྨན་པར་ཁ་པར་བཏང་ནས་དུས་ཚོད་བཟོ་བའམ་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་ཛ་དྲག་འབྲེལ་གཏུགས་ཨང་གྲངས་ 1800 020 080 ཐོག་འབྲེལ་བ་བྱེད་དགོས་པ་ཡིན། མ་གཏོགས་སྨན་ཁང་དང་སྨན་དཔྱད་ཁང་དེ་འདྲར་ཁྱེད་རང་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་ཚུལ་བརྡ་ལན་གང་ཡང་མ་སྤྲད་པར་ཁ་ཐུག་འགྲོ་མི་རུང་། གོང་གི་ཁ་པར་དེ་ཆུ་ཚོད་ ༢༤ རིང་ཞབས་ཞུ་ཡོད།

ཁྱེད་རང་གི་སྡོད་ས་ཉེ་འཁོར་གྱི་མངའ་སྡེ་དང་ས་ཁུལ་གྱི་སྨན་ཁང་ལ་ཐོ་འགོད་དུས་ཆད་གང་འདྲ་བྱེད་ནས་བཟོས་དགོས་མིན་དྲ་ཐག་འདི་ནས་ལ་གཟིགས། 

གལ་སྲིད་ཁྱེད་རང་གི་ས་ཁུལ་དེར་མེད་ཚེ་འདི་ནས་ཁ་ཐུག་མངའ་སྡེའི་འཕྲོད་བསྟེན་དྲ་ཚིགས་ལ་གཟིགས།

ཁྱེད་རང་སྨན་ཁང་ལ་མ་འབྱོར་གོང་ཁ་པར་བརྒྱུད་ནས་སྨན་ཁང་དང་ཡང་ན་སྨན་དཔྱད་ཁང་ལ་ཁྱེད་རང་གི་འགྲུལ་བཞུད་ལོ་རྒྱུས་དང་། ཁྱེད་རང་ཏོག་དབྱིབས་ནད་དུག་འགོས་ཡོད་པ་གཏན་འཁེལ་བྱས་པའི་མི་དང་འབྲེལ་བ་བྱུང་ལུགས་འགྲེལ་བརྗོད་བྱེད་དགོས་པ་ཡིན།

གལ་སྲིད་ཁྱེད་རང་དབུགས་གཏོང་ལེན་ལ་དཀའ་ངལ་དང་གཟུགས་གཞིའི་གནས་སྟངས་ཛ་དྲག་ཆགས་ཚེ་ཁ་པར་ཨང་གྲངས་ 000 ཐོག་ནས་འབྲེལ་བ་བྱེད་དགོས། 

  • སུ་ལ་ནད་དུག་དེ་ཉེན་ཁ་ཆེ་ཤོས་ཆགས་ཀྱི་ཡོད་དམ། 

མི་ཁ་ཤས་ལ་ནད་དུག་དེ་འགོས་ཀྱང་ན་ཡི་མེད་པ་དང་། ཁ་ཤས་གལ་ལེར་ནད་རྟགས་ཐོན་ཡང་ལས་སླ་མོས་དྲག་འགྲོ་ཡི་ཡོད། འོན་ཀྱང་ཁ་ཤས་མགྱོག་པོ་དང་ཚབས་ཆེན་ན་ཡི་ཡོད་པ་རེད། དེ་སྔོན་ཏོག་དབྱིབས་ནད་དུག་ན་མཁན་གཞན་དེ་ཚོར་བལྟས་པ་ཡིན་ན། ཏོག་དབྱིབས་ནད་དུག་གི་ཉེན་ཁ་ཆེ་ཤོས་ཁག་ནི།

  • ལུས་ཟུངས་འགོག་སྲུང་ཉམས་དམས་ཕྱིན་པ། དཔེར་ན་སྐྲན་ནད་ཅན།
  • ལོ་ན་རྒས་འཁོག
  • ཨ་བྷོ་རི་ཇི་ནལ་དང་ཐོ་རིས་གླིང་ཕྲན་གྱི་མི་གཅོང་ནད་ན་ཚའི་ཚད་གཞི་མཐོ་པོར་སླེབས་པ།
  • གཅོང་ནད་ཀྱི་ན་ཚ་ཅན།
  • ནང་གཅིག་ལ་མི་མང་པོ་མཉམ་སྡོད་བྱེད་མཁན།
  • བཀག་ཉར་བྱས་པའི་མི།
  • ལོ་ན་ཧ་ཅང་ཆུང་ཆུང་དང་བྱིས་པ་དམར་འབྱར།

ཁྱེད་ཀྱིས་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་སྔོན་འགོག་ལ་རོགས་རམ་ཇི་ལྟར་བྱེད་ཐུབ་བམ།

ཁྱེད་རང་ན་ནས་ཧབ་སྦྲིད་དང་གློ་རྒྱག་དུས་ལག་ལེན་ཚུལ་བཞིན་བྱེད་ནས་མི་གཞན་དང་རྒྱང་ཐག་བཞག་རྒྱུ་ནི་ན་ཚ་ཁྱབ་པར་གདོང་ལེན་ཡག་ཤོས་དེ་ཡིན། དེར་བརྟེན་ཁྱེད་རང་གིས།

  • ཁ་ལག་མ་བཟའ་སྔོན་དང་བཟས་རྗེས། དེ་བཞིན་གསང་སྤྱོད་ནང་ཕྱིན་རྗེས་ཆུ་དང་དག་རྫས་ཀྱིས་ལག་པར་ཡང་ཡང་བཀྲུ་དགོས།
  • ཧབ་སྦྲིད་དང་གློ་རྒྱག་དུས་བཀབ་དགོས་པས་མ་ཚད་གཙང་ཤོག་གིས་ཕྱིས་རྗེས། ཨ་རག་ཡོད་པའི་ནད་འགོག་ལག་ཕྱིས་བེད་སྤྱོད་བྱེད་དགོས།
  • གལ་སྲིད་ཁྱེད་རང་མ་བདེ་བ་བྱུང་དུས་མི་གཞན་དང་འབྲེལ་འདྲིས་བྱེད་མི་རུང་། (མི་གཞན་དང་བར་ཐག་རིང་ཚད་མི་ཊར་ ༡།༥ ཙམ་བཞག་དགོས།)
  • ལུས་སྦྱོང་བྱ་རྒྱུ་རང་ཉིད་ཀྱི་འགན་འཁུར་དང་གང་ཐུབ་ནང་ལ་སྡོད་དགོས་པ་ཡིན།

  • སུ་ཞིག་ཟུར་བཀག་བྱེད་དགོས་སམ།

ཕྱི་ལོ་ ༢༠༢༠ ཟླ་ ༣ པའི་ཚེས་ ༡༥ ཉིན་གྱི་མཚན་གུང་ནས་བཟུང་ཨོ་སོ་ཊོ་ལི་ཡའི་ནང་འབྱོར་མཁན་ཚང་མ་དང་། ཏོག་དབྱིབས་ནད་དུག་འགོས་ཡོད་པ་གཏན་འཁེལ་བྱུང་བའི་མི་དང་ཐག་ཉེ་འབྲེལ་འདྲིས་བྱུང་བའི་མི་རྣམས། དུས་ཡུན་ཉིན་གྲངས་ ༡༤ རིང་རང་ཉིད་ཁེར་རྐྱང་ཟུར་བཀག་དུ་སྡོད་དགོས་ཀྱི་ཡོད་པ་རེད།

གལ་སྲིད་ཁྱེད་རང་ཏོག་དབྱིབས་ཀྱི་ནད་རྟགས་བྱུང་ཚེ་ངེས་པར་དུ་ནང་ལ་སྡོད་དགོས་པ་ཡིན།

  • ལས་གནས་དང་སློབ་གྲྭ། ཚོང་རྭ། བུ་བཅོལ་ཁང་། གཙུག་ལག་སློབ་གཉེར་ཁང་སོགས་མི་མང་འདུ་འཛོམས་བྱེད་སར་འགྲོ་རྒྱུ་མེད།
  • མི་ཞིག་ལ་ཞལ་ལག་དང་དགོས་མཁོའི་ཅ་དངོས་གཞན་ཁྱེད་རང་གི་སྒོའི་མདུན་དུ་བཞག་རོགས་ཞེས་མངག་བྱ་བྱེད་དགོས་པ་ཡིན།
  • ནང་ལ་ཁྱེད་རང་དང་མཉམ་དུ་རྒྱུན་དུ་སྡོད་མཁན་ཁོ་ན་ལས། མི་གཞན་ནང་ལ་ཡོང་བཅུག་མི་རུང་།

  • གང་འདྲ་ཞིག་ལ་སྤྱི་ཚོགས་དང་བར་ཐག་བཞག་པ་ཟེར། 

སྤྱི་ཚོགས་དང་བར་ཐག་བཞག་པ་ནི་ཏོག་དབྱིབས་ནད་དུག་སྔོན་འགོག་དང་འགོས་ཁྱབ་དལ་རུ་གཏོང་བའི་ཐབས་ལམ་ཞིག་ཡིན། དེ་ནི་ཁྱེད་རང་བདེ་པོ་མེད་དུས་ནང་ལ་སྡོད་པ་དང་། དགོས་གལ་མེད་དུས་འདུ་འཛོམས་ཆེ་བའི་མི་མང་ལས་གཡོལ་བ། ད་དུང་སྤྱི་ཚོགས་དང་བར་ཐག་བཞག་པ་ནང་ཏོག་དབྱིབས་ནད་དུག་ཕོག་པའི་མིས་ཧབ་སྦྲིད་དང་གློ་བརྒྱབ་ནས་གཙོག་པ་བཟོས་པའི་ཅ་དངོས། དཔེར་ན་སྒོའི་ལག་བཟུང་དང་ཅོག་རྩེ་སོགས་ལ་ལག་པས་ཐུག་རེག་བྱ་རྒྱུ་གཡོལ་དགོས་པ་ཚུད་ཡོད། ཁྱེད་དང་མི་གཞན་དབར་བར་ཐག་ཇི་ཙམ་རིང་ན་དེ་ཙམ་གྱིས་ནད་དུག་འགོས་ཁྱབ་འགྲོ་དཀའ་བ་ཡོད་པ་རེད།

 རང་ཁྱིམ་ནང་སྡོད་དགོས།

ཨོ་སི་ཊོ་ལི་ཡའི་བློན་ཆེན་ལྷན་ཚོགས་ནས་གཤམ་གསལ་ལས་དོན་དེ་དག་ཕུད་གཞན་རང་ཁྱིམ་ནང་སྡོད་དགོས་པའི་གལ་ནན་མཛུབ་སྟོན་བྱས་དོན།

༡༽ ཁྱེད་རང་ལ་དགོས་མཁོ། དཔེར་ན་བཟའ་བཅའ་དང་གཞན་ཡོ་བྱད་ཁག་ཉོ་བར་བསྐྱོད་པ།

༢༽ སྨན་བཅོས་དང་འཕྲོད་བསྟེན་དགོས་མཁོ། བྱམས་བརྩེའི་རོགས་རམ་སོགས།

༣༽ ལུས་སྦྱོང་ཆེད།

༤༽ ཐག་རིང་ནས་ལས་ཀ་དང་སློབ་སྦྱོང་བྱེད་མི་ཐུབ་པ་ཁག བཅས་མ་གཏོགས་གཞན་ནང་ལ་སྡོད་དགོས་པ་ཡིན།

རྒན་གསོ་ཁང་ནང་གྲོགས་པོ་དང་ནང་མི་ཐུག་འཕྲད་བྱེད་པར་འགྲོ་ཆོག་གམ།

སྤྱི་བཏང་ཨོ་སི་ཊོ་ལི་ཡའི་ནང་སྒྲིག་གཞི་ཏེ། གལ་སྲིད་ཁྱེད་རང་གཤམ་གསལ་གྱི་གནས་ཚུལ་དེ་དག་ལྡན་ཚེ་རྒས་གསོ་ཁང་ནང་འགྲོ་བསྐྱོད་བྱེད་མི་རུང་།

  • ཉིན་གྲངས་ ༡༤ ནང་ཚུད་དུ་རྒྱལ་ཁབ་གཞན་ནས་འབྱོར་བ།
  • ཉིན་གྲངས་ ༡༤ ནང་ཚུད་དུ་ཏོག་དབྱིབས་ནད་པ་དང་འབྲེལ་འདྲིས་བྱུང་བ།
  • ཚ་བ་འཕར་བ་དང་ནད་རྟགས་གཞན་མངོན་པ། དཔེར་ན། གློ་རྒྱག་པ་དང་། མིད་པ་ཚ་བ། དབུགས་མ་འདང་བ།

ཕྱི་ཟླ་ ༤ ཚེས་ ༡ ནས་བཟུང་ཁྱེད་རང་རྒས་གསོ་ཁང་གང་འདྲ་ཞིག་ལ་བསྐྱོད་དགོས་ཚེ་ཆམ་རིམས་སྔོན་འགོག་སྨན་ཁབ་ (Influenza vaccination) ངེས་པར་དུ་བརྒྱབ་ཚར་དགོས་ཀྱི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་སོ་སོར་འགྲོ་ལུགས་མ་འདྲ་བ་ཡོད་པས་དེར་གཟིགས་ཞིབ་གནང་དགོས་པ་ཡིན། 

  • ངས་གཤག་བཅོས་སྐབས་ཀྱི་ཁ་རས་དེ་འདྲ་གྱོན་དགོས་སམ།

ཉེ་བའི་ཆར་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་ཁ་ཤས་ནང་ཏོག་དབྱིབས་ནད་དུག་ཕོག་མཁན་ནད་པ་གསར་པའི་གྲངས་འབོར་འཕར་བཞིན་ཡོད་སྟབས། མངའ་སྡེ་དང་ས་ཁུལ་ཁ་ཤས་ནས་ཁ་རས་གྱོན་དགོས་པའི་བཀོད་མངག་བཏང་ཡོད།

དེ་ཡང་ཝི་ཊོ་རི་ཡའི་ནང་ཁ་རས་གྱོན་དགོས་པའི་བཀོད་མངག་དང་དགོས་འདུན་བཏོན་ཡོད། (གཙོ་བོར་ཁྱེད་རང་ས་གནས་གང་དུ་བསྡད་ཡོད་མེད་ལ་རག་ལུས་) ཡོད་པ་དང་། དེ་ཡང་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་གསར་པ་མང་ཤོས་ཐོན་མཁན་སྐོར་དྲ་ཚིགས་འདིར་གཟིགས་ https://www.dhhs.vic.gov.au/face-coverings-covid-19

ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ནད་པ་མང་ཤོས་ཐོན་སའི་ས་གནས་ཁག་ལ་ཁ་རས་གྱོན་དགོས་མིན་བསམ་བློ་གཏོང་བཞིན་ཡོད་པ་དང་། དེ་ཡང་ལས་ཀ་བྱེད་ས་སོགས་ལུས་པོ་བར་ཐག་གཅིག་པུས་འགྲིག་གི་མེད་པའི་གནས་སྟངས་ཁག

ཁ་རས་གྱོན་ཚེ་ཉེན་ཁ་ལས་མང་དུ་གཡོལ་ཐུབ་ཀྱི་ཡོད་པས་ཁྱེད་ཀྱིས་ངེས་པར་དུ་མུ་མཐུད་ལག་ལེན་བསྟར་དགོས་པ་ཡིན།

གལ་སྲིད་གཟུགས་པོ་བདེ་པོ་མེད་ཚེ་ནང་ལ་སྡོད་དགོས་པ་ཡིན།

ལུས་པོ་དབར་བར་ཐག་འཇོག་རྒྱུ་མུ་མཐུད་ལག་བསྟར་དང་། དེ་ཡང་མི་གཞན་དང་བར་ཐག་ཉུང་མཐར་རྨིད་ ༡་༥ བཞག་དགོས་པ་ཡིན། 

ཁང་པའི་ནང་ལ་འདུ་འཛོམས་ཆེན་པོ་དང་མི་ཚོགས་མང་པོ་བཅས་ལ་གཡོལ་དགོས་པ་ཡིན།

ལག་པ་དུག་སེལ་ཡང་ཡང་བྱེད་དགོས་པ་ཡིན།

གལ་སྲིད་ཁྱེད་རང་གི་མངའ་སྡེ་དང་ས་ཁུལ་ནང་སྒྲིག་གཞི་འགྱུར་བ་ཕྱིན་ཚེ་ཁ་རས་གྱོན་དགོས་མིན་སྐོར་ལ་ཡང་འགྱུར་བ་འགྲོ་སྲིད་པ་ཡིན། ཁྱེད་རང་གི་མངའ་སྡེ་དང་ས་ཁུལ་ནང་གི་ལམ་སྟོན་དུས་ཐོག་ཏུ་ཉན་དགོས། 

  • ཨོ་སི་ཊོ་ལི་ཡ་ནས་ཕར་ཚུར་འགྲུལ་བཞུད།

ཨོ་སི་ཊོ་ལི་ཡའི་མི་མང་ཚོས་གནས་ཚུལ་གལ་ཆེན་མིན་ཚེ་རྒྱལ་ནང་དུ་འགྲུལ་བཞུད་མཚམས་འཇོག་དགོས་ཤིང་། དཔེར་ན་མངའ་སྡེའི་ས་མཚམས་སོགས་ལ་མངའ་སྡེ་དང་ས་ཁུལ་སོ་སོ་ནས་བཀག་འགོག་བྱེད་ཆོག 

གནས་ཚུལ་ཡིག་ཆ་བསྡུ་རུབ།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡ ནས་ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་ནང་ཁུལ་དུ་འཕུར་བསྐྱོད་བྱེད་བཞིན་པའི་གནམ་གྲུ་ནང་གི་འགྲུལ་པའི་འབྲེལ་གཏུགས་ཁ་པར་དང་། མིང་། གློག་འཕྲིན་ཁ་བྱང་། སྡོད་གནས་མངའ་སྡེའི་ཁ་བྱང་བཅས་འབྲི་བཀོད་བྱེད་དགོས་ཀྱི་ཡོད་འདུག

 རྒྱལ་ནང་སྤྱི་དམངས་འགྲིམ་འགྲུལ་རྩ་འཛིན།

སྤྱི་དམངས་འགྲིམ་འགྲུལ་ཞབས་ཞུ་སྡེ་ཚན་ཁག་གིས་མངའ་སྡེ་དང་ས་ཁུལ་ཁག་ཏུ་རྒྱལ་ཡོངས་བློན་ཆེན་ལྷན་ཚོགས་ནས་ལས་བྱེད་དང་མི་མང་གི་འཕྲོད་བསྟེན་བདེ་འཇགས་སྐོར་རྩ་འཛིན་ལམ་སྟོན་དེ་བཞིན་སྤྱི་དམངས་དབོར་འདྲེན་འབྲེལ་མཐུད་ཁག་དབར་གྱིས་འགན་འཁུར་གནང་དགོས་པ་དང་། དེ་ཡང་། བདེ་ཐང་མིན་པའི་སྐབས་འགྲུལ་བཞུད་བྱ་རྒྱུ་མེད། ཁ་ལོ་བ་དང་འགྲུལ་པ་གཞན་དབར་རྒྱང་བཀྱེད་མུ་མཐུད་གནང་དགོས་པས་མ་ཚད། ཤོག་དངུལ་སྤྲོད་ལེན་ལས་བྱ་རྒྱུ་མེད། མི་མང་འགྲིམ་འགྲུལ་བ་རྣམས་ཁ་རས་གྱོན་དགོས་པའི་གཏན་འབེབས་མེད་ཀྱང་རང་ངོས་ནས་མ་སྐུལ་དང་བླངས་ཐོག་གྱོན་ན་དགེ་མཚན་ཆེ། ཏོག་དབྱིབས་ནད་དུག་སྐབས་སྤྱི་དམངས་འགྲིམ་འགྲུལ་རྩ་འཛིན་ལམ་སྟོན་སྐོར་ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས་རོགས།  https://www.infrastructure.gov.au/transport/files/COVID19_public_transport_principles_29052020.pdf

རྒྱལ་སྤྱི་འགྲིམ་འགྲུལ།

  • ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༤ བར་རྒྱལ་སྤྱི་ནས་ཨོ་གླིང་ནང་འགྲུལ་བཞུད།
  • Melbourne མེལ་བྷོན། ད་ལྟའི་ཆར་རྒྱལ་སྤྱི་ནས་འགྲུལ་བཞུད་མེད།
  • Sydney སིཌ་ནི། ཉིན་རེ་འགྲུལ་པ་འབྱོར་ཚད་ ༣༥༠ ཡིན།
  • Perth ཕེར་ཐི། བདུན་ཕྲག་རེར་འགྲུལ་པ་འབྱོར་ཚད་གྲངས་ ༥༢༥ ཡིན།
  • Brisbane བྷེར་སི་བྷན། བདུན་ཕྲག་རེར་འགྲུལ་པ་གྲངས་ ༥༠༠ ཡིན།
  • Adelaide ཨ་དྷེ་ལཱ་དྷི། བདུན་ཕྲག་རེར་འགྲུལ་པ་འབྱོར་ཚད་ ༥༠༠ ཡིན།
  • Hobart ཁེན་བྷེ་ར། དྷར་ཝན། གནམ་འགྲུལ་ཐེངས་རེའི་ཐོག་ནས་འགྲུལ་པ་འབྱོར་ཚད་གྲོས་བསྡུར་བྱེད་དགོས་ཀྱི་ཡོད།
  • ཧར་བྷར་ཊི། རྒྱལ་སྤྱིའི་འགྲུལ་བཞུད་མེད།

གནས་ཚུལ་གསར་ཤོས།

  • ནེའུ་སོ་ཐི་ཝལ་མངའ་སྡེས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༧ ཉིན་ནས་བདུན་ཕྲག་རེར་མི་གྲངས་ ༥༠༠ སྤར་འཆར་ཡོད་འདུག
  • ཁུན་སི་ལན་ཌི་མངའ་སྡེ་དང་ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེ་གཉིས་ནས་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་ནས་བཟུང་བདུན་ཕྲག་རེར་ཁྱོན་མི་གྲངས་ ༢༠༠ སྤར་འཆར་ཡོད་འདུག
  • ཁུན་སི་ལན་ཌི་ཕྱི་ཟླ་ ༡༠ ཚེས་ ༤ དང་ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེ་ཕྱི་ཟླ་ ༡༠ ཚེས་ ༡༡ བཅས་ནས་མི་གྲངས་ ༣༠༠ སྤར་ནས་ཉིན་རེའི་འགྲུལ་པ་མི་གྲངས་ ༥༠༠ བར་ཆགས་རྒྱུ་ཡིན་པ་རེད།

རྒྱལ་སྤྱི་ནས་ཨོ་སི་ཊོ་ལི་ཡར་འབྱོར་བའི་འགྲུལ་པ་ཚང་མ་ནང་ལ་མ་འགྲོ་གོང་ངེས་པར་དུ་དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་དུ་སྡོད་དགོས་ཀྱི་ཡོད་པ་རེད།

འགྲུལ་པ་ཚང་མར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་དང་ཕྱི་ལ་མ་ཐོན་སྔོན་ཟུར་བཀག་ཁང་ནས་ཞུགས་དགོས་པ་ཡིན། 

ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་གཞུང་སོ་སོས་ཟུར་བཀག་སྟངས་འཛིན་སྐོར་མངའ་སྡེ་སོ་སོའི་དྲ་ཚིགས་ཁག་ལ་གཟིགས། 

NSW: https://www.nsw.gov.au/covid-19/travel-and-transport-advice

VIC: https://www.dhhs.vic.gov.au/information-overseas-travellers-coronavirus-disease-covid-19

ACT: https://www.covid19.act.gov.au/community/travelling-and-transport

NT: https://coronavirus.nt.gov.au/stay-safe/quarantine

QLD: https://www.qld.gov.au/health/conditions/health-alerts/coronavirus-covid-19/protect-yourself-others/quarantine

SA: https://www.covid-19.sa.gov.au/restrictions-and-responsibilities/travel-restrictions

TASMANIA:https://www.coronavirus.tas.gov.au/travellers-and-visitors

WA: https://www.wa.gov.au/organisation/department-of-the-premier-and-cabinet/covid-19-coronavirus-travel-wa

ཨོ་སི་ཊོ་ལི་ཡའི་མི་སེར་དང་གཏན་སྡོད་བྱེད་མཁན་རྣམས་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་རྒྱལ་ཁབ་གཞན་ལ་འགྲུལ་བསྐྱོད་བྱེད་ཐུབ་ཀྱི་མེད།

འོན་ཀྱང་གལ་སྲིད་ཁྱེད་རང་ཨོ་སི་ཊོ་ལི་ཡ་ནས་ཐོན་འགྲོ་རྒྱུ་ཡིན་ཚེ་གཤམ་གསལ་གྱི་ཆ་རྐྱེན་དོན་ཚན་དེ་དག་གི་འོག་ནས་དྲ་ཐོག་ནས་སྙན་ཞུ་འབུལ་དགོས་པ་ཡིན།

  • ཁྱེད་རང་གི་འགྲུལ་བཞུད་དེ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་དང་འབྲེལ་བ་ཡོད་པ་དཔེར་ན། སྔོན་འགོག་སྨན་བཅོས་ཆེད།
  • ཁྱེད་རང་གི་འགྲུལ་བཞུད་དེ་བཟོ་ལས་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་ཛ་དྲག་དང་་འབྲེལ་བ་ཡོད་པ།
  • ཁྱེད་རང་འགྲུལ་བཞུད་དེ་ཛ་དྲག་སྨན་བཅོས་དང་འབྲེལ་བ་ཡོད་པ་དེ་ཡང་ཨོ་སི་ཊོ་ལི་ཡའི་ནང་མཐུན་རྐྱེན་མེད་པ།
  • ཁྱེད་རང་གི་འགྲུལ་བཞུད་དེ་སྒེར་གྱི་ཚོང་ལས་དང་གཡོལ་ཐབས་མེད་པའི་ཛ་དྲག་ཅན།
  • དགེ་རྩ་དང་འགྲོ་བ་མིའི་བཟང་སྤྱོད་ཀྱི་ལས་དོན་དང་འབྲེལ་བ་ཡོད་པ།
  • ཁྱེད་རང་གི་འགྲུལ་བཞུད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ།
  • འགྲིམ་འགྲུལ་སྒྲིག་སྲོལ་ཁག་འགྱུར་བ་གཏོང་གི་ཡོད་པ་དང་། གལ་སྲིད་ཁྱེད་རང་ཨོ་སི་ཊོ་ལི་ཡར་ཕྱིར་ལོག་བྱ་རྒྱུ་ཐག་གཅོད་བྱས་ཡོད་ཚེ་གནས་ཚུལ་གཟིགས་དགོས་པ་ཡིན།
  • ཁྱེད་རང་གི་འགྲུལ་ལམ་བརྟག་དཔྱད་ནན་ཏན་བྱེད་དགོས་པས་མ་ཚད། གནམ་གྲུ་དང་འགྲིམ་འགྲུལ་ངོ་ཚབ་ལས་ཁུངས་སོགས་དང་འབྲེལ་བ་བྱེད་དགོས།
  • གནམ་ཐང་ས་ཚིགས་ནས་གཞུང་འབྲེལ་གསལ་བསྒྲགས་དང་འབྲེལ་ཡོད་གཞུང་འབྲེལ་འགན་འཁུར་མི་སྣའི་གསལ་བསྒྲགས་བཅས་ལ་དོ་སྣང་བྱེད་དགོས་པ་ཡིན།
  • གལ་སྲིད་ཕར་ཐོན་འགྲོ་བ་དང་ཕྱིར་ལོག་སྐབས་བཀའ་འདྲི་ཞུ་དགོས་ཚེ་ས་ཚིགས་ཀྱི་རྒྱལ་ཁབ་དེའི་གཞུང་ཚབ་ཁང་ཐག་ཉེ་ཤོས་དང་འབྲེལ་བ་བྱེད་དགོས་པ་ཡིན། 

ཞིབ་ཕྲ་གནས་ཚུལ་མཁྱེན་འདོད་ཡོད་ཚེ་དྲ་ཚིགས་ www.smartraveller.gov.au ནང་ཕེབས་རོགས།

 མཐོང་ཆེན་འཛིན་མཁན་ཁག 

  • གུང་སེང་དང་མཉམ་དུ་ལས་ཀའི་མཐོང་ཆེན་ཅན། གལ་སྲིད་ཁོང་ཚོ་གནད་འགག་ཆེ་བའི་ལས་ཀ་འཕྲོད་བསྟེན་དང་། རྒས་གསོ་ཁང་། དབང་པོ་སྐྱོན་ཅན་ལྟ་རྟོགས་བྱེད་མཁན། བུ་བཅོལ་ཁང་། ཞིང་ལས་དང་བཟའ་རིགས་ཐོན་བསྐྱེད་སོགས་ལ་ལས་ཀ་བྱེད་བཞིན་ཡོད་པ་དང་། ད་ལྟའི་མཐོང་ཆེན་དེ་ཉིད་ཟླ་བ་རྗེས་མའི་ནང་དུས་ཡུན་རྫོགས་འགྲོ་བཞིན་ཡོད་ཚེ། ལས་གནས་གཅིག་གི་ཆེད་སླར་ཡང་ཟླ་བ་དྲུག་བར་མཐོང་ཆེན་ཕྱི་འགྱང་ཞུས་ཆོག
  • ནམ་དུས་དང་འབྲེལ་བའི་ལས་འཆར་དང་ཞི་མཐུན་ངལ་རྩོལ་ལས་འཆར་མཉམ་ཞུགས་བྱེད་མཁན་ཀྱི་མཐོང་ཆེན་དུས་ཡུན་ལོ་གཅིག་བར་ཕར་འགྱང་ཞུས་ཆོག
  • ལག་རྩལ་ཅན་གནས་སྐབས་ཀྱི་མཐོང་ཆེ། ནང་གསེས་དོན་ཚན་ ༤༥༧ དང་ ༤༨༢ ཅན་རྣམས་ཀྱི་གལ་སྲིད་ལས་ཀ་ཤོར་ཡོད་ཚེ། ཉིན་གྲངས་ ༦༠ ནང་སྦྱིན་བདག་གཞན་ཞིག་འཚོལ་བའམ་ཡང་ན་ཨོ་སི་ཊོ་ལི་ཡ་ནས་ཐོན་འགྲོ་རྒྱུ།
  • ཡུལ་སྐོར་བ་རྣམས་སོ་སོའི་ལུང་པར་ཕྱི་ལོག་བྱེད་དགོས་ཤིང་། དམིགས་བསལ་ནང་མིས་རྒྱབ་སྐྱོར་མེད་མཁན་དེ་རིགས།

རྒྱལ་སྤྱིའི་སློབ་ཕྲུག

ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ལ་ཨོ་གླིང་ནང་ལས་ཀ་ཡོད་ཚེ་ད་དུང་གནས་སྡོད་བྱེད་ཆོག གལ་སྲིད་ལས་ཀ་དང་ནང་མིའི་རྒྱབ་སྐྱོར། གསོག་དངུལ་བཅས་མེད་ཚེ་བཀོད་སྒྲིག་གཞན་ཞིག་ལ་བསམ་མནོ་གཏོང་རྒྱུ།

རྒྱལ་སྤྱིའི་སློབ་ཕྲུག་ནང་རྒས་གསོ་ཁང་དང་། སྨན་ཞབས་སོགས་སུ་ལས་ཀ་བྱེད་མཁན་རྣམས་བདུན་ཕྲག་གཅིག་གི་ནང་དུས་ཡུན་ཆུ་ཚོད་ ༢༠ ལས་མང་བ་ལས་ཀ་བྱེད་ཆོག

ཝི་ཊོ་རི་ཡ་མངའ་སྡེའི་ནང་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ལ་ཝི་ཊོ་རི་ཡ་མངའ་སྡེ་གཞུང་ནས་སྐྱོབ་གསོ་ཨོ་སྒོར་༡༡༠༠ རེ་ཛ་དྲག་ཐོག་སྤྲད་འཆར་དང་དེ་ཡང་མངའ་སྡེའི་ནང་སློབ་ཕྲུག་སྟོང་ཕྲག་མང་པོར་ཁེ་ཕན་དེ་འཐོབ་རྒྱུ་ཡིན་འདུག

དེ་བཞིན་གལ་སྲིད་ཁོང་ཚོ་ཨོ་སི་ཊོ་ལིའི་ཡའི་ནང་ཉུང་མཐར་དུས་ཡུན་ཟླ་བ་ ༡༢ ལས་བརྒལ་ཡོད་ཚེ་རྒན་ཕོག་ཀྱང་རག་ངེས་ཡིན།

སྲིད་བློན་གྱིས་ཏོག་དབྱིབས་ནད་དུག་གསར་པ་ COVID-19 སྐོར་ཛ་དྲག་ཡ་ལས་འཆར་གཞི།

  • ལས་འཚོལ་བ་དང་ལས་ཀ་ཉར་མཁན་ལ་རོགས་དངུལ།

ལས་ཀ་ཉར་མཁན་ལ་རོགས་དངུལ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༣ པ་བར་དུ་སྤྲོད་རྒྱུ་དུས་འགྱང་དང་། ལས་ཀ་འཚོལ་མཁན་རྣམས་ལ་ཕྱི་ལོ་ ༢༠༢༠ ཟླ་ ༡༢ བར་སྤྲོད་རྒྱུ་དུས་འགྱང་གནང་ཡོད་འདུག ཟླ་བ་རྗེས་མའི་ནང་གཞུང་གིས་ཕྱི་ལོ་ ༢༠༢༡ ལོར་ལས་ཀ་འཚོལ་མཁན་རྣམས་ལ་འཆར་གཞི་གསལ་བསྒྲགས་གནང་རྒྱུ་ཡིན་འདུག

འོན་ཀྱང་ཕྱི་ལོ་ ༢༠༢༠ ཟླ་ ༩ པ་ནས་རོགས་དངུལ་དེ་བཞིན་ཉུར་འཕྲི་བྱ་རྒྱུ་ཡིན་འདུག

ལས་འཚོལ་བ་རོགས་དངུལ་ནི་ལོ་ན་ ༢༢ ནས་རྒས་ཡོལ་ཕོགས་ཐོབ་བར་ཡིན་ཞིང་། ཁྱེད་རང་ལ་ལས་ཀ་མེད་པ་དང་ལས་ཀ་འཚོལ་བཞིན་པ་ར་འཕྲོད་ཡོད་པ་ཡིན་དགོས་ཤིང་། མ་ཚད་ཁྱེད་རང་ནད་པ་ཆགས་དང་བརྡབ་སྐྱོན་བྱུང་ནས་དུས་རྒྱུན་གྱི་ལས་ཀ་དང་སློབ་སྦྱོང་མ་ཐུབ་པ་ལ་རག་གི་ཡོད་པ་རེད།

ལས་ཚོལ་བ། Jobseeker

  • ད་ལྟའི་ཆར་ཨོ་སྒོར་ ༡་༡༡༥ 
  • ཕྱི་ཟླ་ ༩ པ་ནས་ཨོ་སྒོར་ ༨༡༥ བར་མར་གཅོག་རྒྱུ།

ད་དུང་ཕྱི་ཟླ་ ༩ པའི་ཟླ་མཇུག་ནས་ལས་ཀ་འཚོལ་མཁན་ཚོས་བདུན་ཕྲག་གཉིས་རེའི་ནང་ཨོ་སྒོར་ ༣༠༠ རེ་བསགས་རུང་རོགས་དངུལ་ལ་ཤུགས་རྐྱེན་ཐེབས་ཀྱི་མེད། དེ་སྔོན་རོགས་དངུལ་ལ་ཤུགས་རྐྱེན་མི་ཐེབས་པའི་དངུལ་གསོག་གྲངས་དེ་ ༡༠༦ ཡིན་པ་རེད།

ཕྱི་ཟླ་ ༨ ཚེས་ ༤ ནས་སུ་ཞིག་ལས་མེད་ཀྱི་རོགས་དངུལ་རག་བཞིན་ཡོད་ཚེ། ངེས་པར་དུ་ལས་ཀ་འཚོལ་མཁན་ལས་ཁུངས་ལ་འབྲེལ་བ་བྱེད་དགོས་ཀྱི་ཡོད་པས་མ་ཚད། རོགས་དངུལ་མུ་མཐུད་རག་དགོས་ན་ཟླ་བ་རེའི་ནང་ལས་ཀ་ ༤ རེ་འཚོལ་དགོས་ཀྱི་ཡོད་པ་རེད། 

ལས་ཀ་ཉར་མཁན། Jobkeeper

དེ་ཡང་སྡེ་ཚན་གཉིས་སུ་ཕྱེས་ཡོད་པ་དང་། དེའི་ནང་དུས་ཚོད་ཆ་ཚང་ Full time ལས་ཀ་བྱེད་མཁན་དང་། དུས་ཚོད་ཆ་ཤས་ Part time ལས་ཀ་བྱེད་མཁན་གཉིས་ཡིན།

དུས་ཚོད་ཆ་ཚང་ལས་ཀ་བྱེད་མཁན་ལ་བདུན་ཕྲག་གཉིས་རེའི་ནང་སྤྲོད་འབབ།

  • ད་ལྟའི་ཆར་ཨོ་སྒོར་ ༡༥༠༠ 
  • ཕྱི་ལོ་ ༢༠༢༠ ཟླ་ ༩ པ་ནས་ཨོ་སྒོར་ ༡༢༠༠
  • ཕྱི་ལོ་ ༢༠༢༡ ཟླ་ ༡ པོ་ནས་ ༡༠༠༠ ཡིན་པ་རེད། 

དུས་ཚོད་ཆ་ཤས་ལས་ཀ་བྱེད་མཁན་ལ་བདུན་ཕྲག་གཉིས་རེའི་ནང་སྤྲོད་འབབ།

  • ད་ལྟའི་ཆར་ཨོ་སྒོར་ ༡༥༠༠ 
  • ཕྱི་ལོ་ ༢༠༢༠ ཟླ་ ༩ པ་ནས་ཨོ་སྒོར་ ༧༥༠
  • ཕྱི་ལོ་ ༢༠༢༡ ཟླ་ ༡ པོ་ནས་ ༦༥༠༠ ཡིན་པ་རེད། 

སེམས་ཁམས་འཕྲོད་བསྟེན་རོགས་རམ།

ཏོག་དབྱིབས་ནད་ཡམས་ཀྱི་གནོན་འཚེ་ཐེངས་གཉིས་པ་ཐེབས་ནས་དམ་དྲག་བྱེད་ཡུལ་་གྱི་མི་རྣམས་ལ་སེམས་ཁམས་གསོ་དཔྱད་ཨོ་སི་ཊོ་ལི་ཡ་གཞུང་གིས་སྨན་བཅོས་ལྟ་སྐྱོང་རིགས་ ༡༠ གསར་སྣོན་བྱས་ཡོད་འདུག

སེམས་ཁམས་འཕྲོད་བསྟེན་རོགས་རམ་དགོས་རིགས་རྣམས་ལ་འཆར་གཞི་དྲ་ཚིགས་འདི་ནས་གཟིགས་ https://www.healthdirect.gov.au/mental-health-care-plan སྨན་པས་མུ་མཐུད་བསྐྱར་ཞིབ་ཀྱིས་སེམས་ཁམས་དཀའ་ངལ་ཡོད་རིགས་ལ་སེམས་ཁམས་འཕྲོད་བསྟེན་སྨན་བཅོས་རོགས་རམ་གནང་རྒྱུ་ཡིན་འདུག

འཕྲོད་བསྟེན་སྐོར་ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས health.gov.au/news/health-alerts/novel-coronavirus-2019-ncov-health-alert 

  •  ཨོ་སི་ཊོ་ལི་ཡའི་དབུ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་འགོས་ཁྱབ་སྟངས་འཛིན་ཇི་ལྟར་གནང་གི་ཡོད་དམ།

 སྲིད་བློན་མཆོག་གི་ཏོག་དབྱིབས་དཔེ་གསར་ན་ཚ་དེར་གདོང་ལེན་ཛ་དྲག་འཆར་གཞི་ལག་བསྟར་བྱས་ཡོད།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ པ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༣ པ་བར་དུས་ཡུན་ཟླ་བ་དྲུག་རིང་དྲ་ལམ་འཕྲོད་བསྟེན་ཞབས་ཞུ་དང་། དེ་བཞིན་ཨོ་སི་ཊོ་ལིའི་འཕྲོད་བསྟེན་ཞབས་ཞུ་ཚན་པ་དང་། དམིགས་བསལ་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ཆེད་ཨོ་སྒོར་ཐེར་འབུམ་ ༢ མ་འཛུགས་བྱས་ཡོད་འདུག

དཔྱ་ཁྲལ་དང་གློག་རིན་ཆུ་རིན་དཀའ་ངལ་འཕྲད་རིགས་ལ་མཐུན་རྐྱེན་སྦྱར་རྒྱུ། ཚོང་ལས་ཆུང་ཆུང་དང་ཁྱིམ་ཚང་གི་དངུལ་རྩིས་དཀའ་ངལ་འཕྲད་རིགས་ཡོངས་ལ་རོགས་རམ་གནང་རྒྱུ།

  • དགོས་མཁོ་ཚད་བཀག་མཚམས་འཇོག་མ་བྱས་པ་དང་དངུལ་རྩིས་ལ་དཀའ་ངལ་ཆེ་རིགས།
  • དངུལ་འབབ་སྤྲོད་མཇལ་མ་ཐུབ་པས་ཕྱིར་འཐེན་བྱེད་བཞིན་པ།
  • སྤྲོད་དངོལ་རྗེས་ལུས་ཀྱིས་བདག་དབང་བློས་གཏོང་དང་བུ་ལོན་སྐྱེད་ཀ
  • ཛ་དྲག་གི་ལས་དོན་ཆེད་འཆར་གཞིར་མཐུན་རྐྱེན་མ་འདང་བ།

སུ་ཞིག་གིས་རང་གི་རིན་འབབ་དེ་དག་མུ་མཐུད་སྤྲད་ཐུབ་ཚེ་དེ་ལྟར་གནང་རྒྱུ་དང་། འདི་ནི་དགོས་གལ་ཆེ་བའི་ཞབས་ཞུ་མཁོ་སྤྲོད་རིགས་ད་ལྟའི་ཆར་རྒྱུན་གནས་ངེས་བརྟན་བཟོ་བར་ཁ་ཚ་དགོས་གཏུགས་ཆགས་ཡོད།

ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་གིས་ཏོག་དབྱིབས་ནད་དུག་ལ་ཛ་དྲག་ཁ་གཏད་འཆར་གཞི་ལག་བསྟར།

ཨོ་སི་ཊོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་དུག་སྟངས་འཛིན་གང་འདྲ་གནང་གི་ཡོད་མེད་དྲ་ཐག་འདི་ནས་གཟིགས།

གནས་ཚུལ་དེ་ལས་མང་བ་དབྱིན་ཡིག་གི་དྲ་ཚིགས་ health.gov.au/news/health-alerts/novel-coronavirus-2019-ncov-health-alert ཐོག་ཕེབས་རོགས།

གཞན་ཡང་ཏོག་དབྱིབས་ནད་དུག་སྐོར་གནས་ཚུལ་དེ་ལས་མང་བ་ཨོ་སི་ཊོ་ལི་ཡའི་ནང་སྲིད་ལྷན་ཁང་གི་བོད་ཡིག་ཐོག་བསྒྱུར་ཡོད་པའི་གནས་ཚུལ་འདི་ནས་གཟིགས་རོགས། 
ཏོག་དབྱིབས་ནད་དུག་དེར་སྨན་བཅོས་ཇི་ལྟར་གནང་དགོས། ཏོག་དབྱིབས་ནད་དུག་ལ་དམིགས་བསལ་སྨན་བཅོས་ཤིག་མེད། འོན་ཀྱང་ནད་རྟགས་མང་པོ་ཞིག་ལ་གསོ་དཔྱད་ཐོག་ནས་ཕན་ཐོགས་ཆགས་ཀྱི་ཡོད། ནད་འབུ་འགོག་སྨན་རིགས་ཀྱིས་ནད་དུག་དེར་ཕན་ནུས་ཐོན་གྱི་མེད།

ཨོ་སི་ཊོ་ལི་ཡའི་ནང་མི་རྣམས་ངེས་པར་དུ་མི་གཞན་དང་བར་ཐག་རྨིད་ ༡།༥ བཞག་དགོས་པ་དང་། འདུ་འཛོམས་ཚད་བཀག་སྐོར་མངའ་སྡེ་གཞུང་གི་བཀོད་ཁྱབ་བརྟག་དཔྱད་བྱེད་དགོས་པ་ཡིན། ཁྱེད་རང་གི་མངའ་སྡེའི་ནང་འདུ་འཛོམས་དམ་དྲག་སྐོར་ཞིབ་འཇུག་བྱེད་དགོས། https://aus01.safelinks.protection.outlook.com/GetUrlReputation གལ་སྲིད་ཁྱེད་རང་ལ་ཆམ་པ་དང་ཡང་ན་རིམས་ཆམ་ནད་རྟགས་ཐོན་ཚེ། བརྟག་དཔྱད་བཀོད་སྒྲིག་ཆེད་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་གནས་ཚུལ་མཁོ་སྤྲོད་ཛ་དྲག་འབྲེལ་གཏུགས་ཨང་གྲངས་ 1800 020 080 ཐོག་ནས་འབྲེལ་བ་བྱེད་དགོས་པ་ཡིན། 

ཨོ་སི་ཊོ་ལི་ཡ་གཞུང་གི་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་མཉེན་ཆས་ COVIDSafe དེ་ཁྱེད་ཀྱི་ཁ་པར་ཐོག་ཕབ་ལེན་བྱེད་ཆོག ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་མཉེན་ཆས COVIDSafe སྐོར་འདི་ནས་གཟིགས་རོགས།

SBS གསར་ཁང་གིས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གི་འཕེལ་རིམ་སྐོར་གནས་ཚུལ་གསར་ཤོས་མཁོ་སྤྲོད་བྱེད་བཞིན་ཡོད། ཏོག་དབྱིབས་ནད་དུག་སྐོར་གསར་འགྱུར་དང་གནས་ཚུལ་ཁག་དྲ་ཚིགས་ sbs.com.au/coronavirus ཐོག་སྐད་ཡིག་ ༦༣ ནང་ཡོད་པ་ཡིན།