ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེས་ཏོག་དབྱིབས་ན་ཚ་འགོས་མཁན་དང་ཐག་ཉེར་འབྲེལ་འདྲིས་སྐོར་གྱི་གོ་དོན་དེར་མོས་མཐུན་མ་བྱས།

Prime Minister Scott Morrison holds a National Cabinet meeting in Canberra, 30 December. Source: AAP Image/Lukas Coch

  • གཞུང་འཛིན་ཚོགས་པས་ཏོག་དབྱིབས་ན་ཚ་འགོས་མཁན་རྣམས་ཟུར་བཀག་གི་ཉིན་མཐའ་མ་སྟེ་ཉིན་དྲུག་པར་ rapid antigen ཞེས་པའི་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་བྱེད་ས་དེ་ནས་བརྟག་དཔྱད་བྱེད་དགོས་པ་དེ་མེད་པ་བཟོས་ཡོད།
  • ནིའུ་སའོ་ཐི་ཝལ་མངའ་སྡེ་དང་། རྒྱལ་ས་མངའ་ཁུལ། ཝི་ཊོ་རི་ཡ། ཁུན་སི་ལན་ཌི་བཅས་ཀྱིས་ཏོག་དབྱིབས་ན་ཚ་འགོས་མཁན་མི་དང་ཐག་ཉེ་འབྲེལ་འདྲིས་སྐོར་གྱི་གོ་དོན་འགྲེལ་བཤད་དེར་མོས་མཐུན་དང་ལག་བསྟར་བྱེད་བཞིན་ཡོད།
  • ལྷོ་ཕྱོགས་མངའ་སྡེས་ཏོག་དབྱིབས་ན་ཚ་འགོས་མཁན་དང་ཐག་ཉེར་འབྲེལ་འདྲིས་སྐོར་གྱི་སྒྲིག་གཞི་མོས་མཐུན་མ་བྱས་པའི་སྐབས་དེར་ཏཱ་སི་མ་ནིང་ཡ་མངའ་སྡེས་སྒྲིག་གཞི་དེ་ཕྱི་ཟླ་ ༡ པོ་ཚེས་ ༡ ཉིན་ལག་བསྟར་བྱ་རྒྱུ་དང་། ནུབ་ཕྱོགས་མངའ་སྡེ་དང་བྱང་ཕྱོགས་མངའ་སྡེས་ཡོང་རྒྱུ་བསྡད་པའི་ཉི་མའི་ནང་གསལ་བསྒྲགས་བྱ་རྒྱུ་རེད་འདུག
  • ཏོག་དབྱིབས་ན་ཚ་འགོས་མཁན་དང་ཐག་ཉེར་འབྲེལ་འདྲིས་ཀྱི་གོ་དོན་ནི་སུ་ཞིག་ཏོག་དབྱིབས་ན་ཚ་འགོས་ནས་ཉུང་མཐར་དུས་ཡུན་ཆུ་ཚོད་ ༤ རིང་ཁང་པ་དང་ཁོར་ཡུག་གཅིག་གི་ནང་མཉམ་དུ་བྱུང་བ།
  • ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་འཕྲོད་བསྟེན་འགན་འཛིན་གྱིས་ཁ་སང་དགག་པ་བརྒྱབ་པའི་གསལ་བསྒྲགས་དེའི་ནང་། ཏོག་དབྱིབས་ན་ཚ་འགོས་མཁན་དང་ཐག་ཉེར་འབྲེལ་འདྲིས་ནི་མི་སུ་ཞིག་ཏོག་དབྱིབས་ན་ཚ་འགོས་ཡོད་པ་དངོས་སུ་གཏན་འཁེལ་བྱུང་བའི་མི་དང་དུས་ཡུན་སྐར་མ་ ༡༥ རིང་མཉམ་དུ་བྱུང་ཚེ་ཏོག་དབྱིབས་ན་ཚ་འགོས་མཁན་དང་འབྲེལ་བ་བྱུང་བ་བརྩི་རྒྱུ་ཡིན་སྐོར་བརྗོད་འདུག
  • མངའ་སྡེའི་མང་ཆེ་བའི་ཏོག་དབྱིབས་ན་ཚ་འགོས་མཁན་དང་ཐག་ཉེར་འབྲེལ་འདྲིས་བྱུང་མཁན་དང་དུས་ཡུན་ཉིན་གྲངས་ ༧ རིང་ཟུར་བཀག་དང་དེ་ནས་ཉིན་གྲངས་ ༦ པར་བརྟག་དཔྱད་རེ་བྱེད་དགོས་པ་དང་། ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་ཏོག་དབྱིབས་ན་ཚ་འགོས་མཁན་དང་ཐག་ཉེར་འབྲེལ་འདྲིས་བྱུང་མཁན་རྣམས་ད་དུང་མུ་མཐུད་དུས་ཡུན་ཉིན་གྲངས་ ༡༠ རིང་ཟུར་བཀག་དུ་སྡོད་དགོས་ཀྱི་ཡོད་པ་རེད། 
  • ནིའུ་སའོ་ཐི་ཝལ་མངའ་སྡེས་ཏོག་དབྱིབས་ན་ཚ་འགོས་མཁན་དང་ཐག་ཉེར་འབྲེལ་འདྲིས་བྱུང་བ་རྣམས་ད་དུང་གང་མགྱོག་ PCR ཞེས་པའི་བརྟག་དཔྱད་བྱེད་དགོས་སྐོར་བརྗོད་འདུག
  • ཏཱ་སི་མ་ནིང་ཡ་མངའ་སྡེས་ཕྱི་ཟླ་ ༡ པོ་ཚེས་ ༡ ནས་བཟུང་འགྲུུལ་པ་རྣམས་ཀྱིས་ PCR ཞེས་པ་དེ་བརྟག་དཔྱད་བྱེད་དགོས་ཀྱི་མེད་སྐོར་བརྗོད་འདུག
  • ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་ཏོག་དབྱིབས་ན་ཚ་འགོས་མཁན་ཕྲུ་གུ་ལོ་ན་ ༢ ཅན་ཞིག་འདས་གྲོངས་སུ་ཕྱིན་པར་བརྟེན་གནད་དོན་དེར་ད་དུང་ཐག་གཅོད་བྱས་མེད་པ་རེད།
  • ཨོ་སི་ཊོ་ལི་ཡའི་ནང་ལོ་ན་ ༡༦ ཡིན་གྱི་མི་གྲངས་སྤྱིའི་བརྒྱ་ཆ་ ༩༠ ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད་འདུག

མངའ་སྡེ་ཁག་གི་ནང་ཏོག་དབྱིབས་ན་ཚའི་གནས་སྟངས།

དེ་རིང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༢༡༡༥༡ བྱུང་ཡོད་པ་དང་ཏོག་དབྱིབས་ན་ཚའི་རྐྱེན་པས་མི་ ༦ འདས་གྲོངས་སུ་ཕྱིན། དེ་དང་ཆབས་ཅིག་ཝི་ཊོ་རི་ཡ་མངའ་སྡེའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༥༩༡༩ དང་མི་གྲངས་ ༧ འདས་གྲོངས་སུ་ཕྱིན་ཡོད་འདུག

ཁུན་སི་ལན་ཌིའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༣༡༡༨ དང་ཏཱ་སི་མ་ནིང་ཡའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༡༣༧ ཐོན་ཡོད་པ་རེད། 

ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཙུལ་ཁྱེད་རང་གི་སྐད་ཡིག་ནང་དྲ་ཚིགས་འདི་ནས་གཟིགས། here.


མངའ་སྡེ་སོ་སོའི་ནང་ཟུར་བཀག་དང་དམ་བསྒྲགས་སྐོར། 

ཁྱེད་རང་སྡོད་སའི་མངའ་སྡེ་དང་ས་ཁུལ་ཁག་གི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་དེ་ནས་གཟིགས། Find out what you can and can't do in your state or territory

འགྲིམ་འགྲུལ། 

ཁྱེད་རང་གི་སྐད་ཡིག་ནང་རྒྱལ་སྤྱིའི་འགྲིམ་འགྲུལ་གནས་ཚུལ་དང་ཏོག་དབྱིབས་ནད་ཡམས། དེ་བཞིན་འགྲིམ་འགྲུལ་སྐོར་གྱི་གནས་ཚུལ་ལ་གཟིགས། 

དཔལ་འབྱོར་རོགས་རམ།

མངའ་སྡེའི་ནང་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་པའི་བརྒྱ་ཆ་ ༧༠ དང་ ༨༠ ཟིན་ཚེ་ཏོག་དབྱིབས་ནད་ཡམས་སྐབས་ཀྱི་ངལ་སེལ་རོགས་དངུལ་འགྱུར་བ་གཏང་འཆར།  ཏོག་དབྱིབས་ནད་ཡམས་སྐབས་སྐད་ཡིག་ཁག་གི་ནང་ཞབས་ཞུ་སྐོར་དྲ་ཐག་འདི་ནས་གཟིགས། 

ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་འགོག་ཁབ་སྐོར་ལ་གཟིགས། COVID-19 vaccine in your language.

ནིའུ་སའོ་ཐི་ཝལ་མངའ་སྡེའི་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཁག་ལ་གཟིགས། 

COVID-19 Vaccination Glossary
Appointment Reminder Tool

མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག 

  • ནིའུ་སའོ་ཐི་ཝལ་མངའ་སྡེ། NSW
  • ཝི་ཊོ་རི་ཡ་མངའ་སྡེ། Victoria
  • ཁུན་སི་ལན་ཌི་མངའ་སྡེ། Queensland
  • ལྷོ་ཕྱོགས་མངའ་སྡེ། South Australia
  • རྒྱལ་ས་མངའ་ཁུལ། ACT
  • ནུབ་ཕྱོགས་མངའ་སྡེ། Western Australia
  • ཏཱ་སི་མ་ནིང་ཡ། Tasmania
This story is also available in other languages.