ནེའུ་སོ་ཐི་ཝལ་མངའ་སྡེས་རྒྱལ་སྤྱིའི་སློབ་ཕྲུག་ཕྱིར་ཡོང་རྒྱུའི་ལས་རིམ་གྲ་སྒྲིག་དང་ཝི་ཊོ་རི་ཡས་མོ་ཌེ་ན་སྨན་ཁབ་རྒྱག་སའི་ས་ཚིགས་སྒོ་ཕྱེས་པ།

Victorian Police officers patrol through Bourke Street Mall ahead of a planned rally in Melbourne, Friday, September 24, 2021. Source: AAP/James Ross

འདི་ནི་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༤ ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

  • ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་ལོ་ན་ ༡༢ ནས་ ༡༥ བར་གྱི་ཕྲུ་གུ་སུམ་ཆ་གཅིག་ཙམ་ལ་ཏོག་དབྱིབས་འགོག་ཁབ་དང་པོ་དེ་རག་ཡོད།
  • ཝི་ཊོ་རི་ཡ་མངའ་སྡེས་མོ་ཌེ་ན་ཏོག་དབྱིབས་འགོག་ཁབ་ཁ་སྣོན་བྱས་ཡོད་སྐོར་གསལ་བསྒྲགས་བྱས།
  • ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དུ་ཏོག་དབྱིབས་ནད་པ་ཇེ་མང་དུ་ཕྱིན་པ།
  • ཨོ་སི་ཊོ་ལི་ཡའི་ནང་འགོག་ཁབ་རྒྱག་འོས་ཅན་གྱི་མི་གྲངས་བརྒྱ་ཆ་ ༥༠ ལ་ཏོག་དབྱིབས་འགོག་ཁབ་ཐེངས་གཉིས་ཀ་རག་ཚར་ཡོད།།

ནིའུ་སོ་ཐི་ཝལ་མངའ་སྡེ། New South Wales 

དེ་རིང་ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༠༤༠ ཏོན་ཡོད་པ་དང་། ཏོག་དབྱིབས་ན་ཚའི་རྐྱེན་པས་མི་གྲངས་ ༡༡ འདས་གྲོངས་སུ་ཕྱིན་ཡོད་པ་རེད།

ནིའུ་སོ་ཐི་ཝལ་མངའ་སྡེས་ཏོག་དབྱིབས་ཀྱི་འགོག་ཁབ་ཕི་ཛར་དང་། ཨ་སི་ཋར་རྫ་ནིང་ཀ་། མོ་ཌེ་ན་བཅས་གང་རུང་བརྒྱབ་ཚར་བའི་རྒྱལ་སྤྱིའི་སློབ་ཕྲུག་གྲངས་ ༥༠༠ ཙམ་ཕྱིར་བླངས་རྒྱུའི་ལས་རིམ་སྒྲིག་བཞིན་ཡོད་འདུག   

དྲ་ཐག་འདི་ནས་ book your vaccine appointment ཁྱེད་ཀྱིས་ཏོག་དབྱིབས་འགོག་ཁབ་ཐོ་འགོད་གནང་རོགས་ 

ཝི་ཊོ་རི་ཡ། Victoria

ཝི་ཊོ་རི་ཡའི་ནང་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༧༣༣ ཐོན་ཡོད་པ་དང་། དེ་རིང་ན་ཚ་གསར་པ་ཕོག་མཁན་བརྒྱ་ཆ་ ༨༤ ནི་ལོ་ན་ ༥༠ འོག་ཡིན་འདུག གཞན་ཡང་དེ་རིང་ཏོག་དབྱིབས་ནད་པ་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག

འཕྲོད་བསྟེན་བློན་ཆེན་མཱ་ཊིན་པོ་ལའེ་ Martin Foley ལགས་ཀྱིས་མངའ་སྡེའི་ནང་སྨན་རིགས་ཚོང་ཁང་དང་ཡང་ན་སྨན་བཅོས་ཁང་ ༧༠༠ ཙམ་གྱི་ནང་མོ་ཌེར་ནའི་ཏོག་དབྱིབས་འགོག་ཁབ་གྲངས་ ༣༠༠༠༠༠ ཙམ་ཞིག་ཡོང་རྒྱུ་བསྡད་པའི་བདུན་ཕྲག་དེའི་ནང་འབྱོར་གྱི་ཡོད་སྐོར་གསུངས་འདུག མ་ཚད་མོ་ཌེར་ནའི་སྨན་ཁབ་གྲངས་ ༣༢༠༠༠ ཙམ་ཞིག་འགོག་ཁབ་རྒྱག་སའི་ལྟེ་གནས་སུ་བགྲོ་འགྲེམས་བྱས་བྱ་རྒྱུ་དང་དེ་ཡང་ལོ་ན་ ༡༢ ནས་ ༥༩ བར་སུ་ཡིན་རུང་སྨན་ཁབ་དེ་རྒྱག་ཆོག་གི་ཡོད་འདུག 

ཁྱེད་རང་གི་ཉེ་འགྲམ་ནས་ཏོག་དབྱིབས་འགོག་ཁབ་རྒྱག་སའི་ས་གནས་དྲ་ཐག་ vaccination centre འདི་ནས་འཚོལ་རོགས།

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ། Australian Capital Territory

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དུ་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༡༩ ཐོན་ཡོད་པ་རེད།

ཁལ་ཝ་རེ་ཧེ་ཌོན་ Calvary Haydon རྒན་ཡོལ་བ་སྡོད་སའི་ཚོགས་སྡེ་ཞིག་ཏུ་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་བའི་སྨན་ཞབས་མ་ཞིག་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དུ་ད་ཡོད་ཏོག་དབྱིབས་ནད་པ་གྲངས་ ༤༥༠ ཆགས་ཡོད་པ་རེད། 

དྲ་ཐག་འདི་ནས་ book your COVID-19 vaccination ཁྱེད་རང་གི་ཏོག་དབྱིབས་འགོག་ཁབ་ཐོ་འགོད་གནང་རོགས།

འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཨོ་སི་ཊོ་ལི་ཡ་ཁྱོན་དུ། 

  • ཏཱ་སི་མ་ནིང་ཡ་མངའ་སྡེས་རང་ཁྱིམ་དུ་ཟུར་བཀག་དེ་རིང་ནས་འགོ་འཛུགས་གནང་ཡོད་པ་དང་། ཆ་རྐྱེན་ནི་འགྲུལ་པ་ཚོར་བརྟག་དཔྱད་སྐབས་ཏོག་དབྱིབས་ན་ཚ་འགོས་མེད་པ་དང་། དེ་བཞིན་གནམ་ཐང་ནས་རང་ཁྱིམ་བར་སྒེར་གྱི་རླངས་འཁོར་གྲ་སྒྲིག་དགོས་པ་ལས་སྤྱི་བསྐྱོད་རླངས་འཁོར་བརྒྱུད་ནས་འགྲོ་འོངས་བྱེད་ཆོག་གི་མེད་པ་རེད། 
     
    COVID-19 myths
    SBS
     
ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ། 

ནིའུ་སོ་ཐི་ཝལ་མངའ་སྡེ། NSW Travel & transport and Quarantine
ཝི་ཊོ་རི་ཡ་མངའ་སྡེ། VIC Travel permitOverseas travellers and Quarantine
རྒྱལ་ས་མངའ་ཁུལ། ACT Transport and Quarantine
བྱང་ཕྱོགས་མངའ་སྡེ། NT Travel and Quarantine
ཁུན་སི་ལན་ཌི་མངའ་སྡེ། QLD Travel and Quarantine
ལྷོ་ཕྱོགས་མངའ་སྡེ། SA Travel and Quarantine
ཏཱ་སི་མ་ནིང་ཡ་མངའ་སྡེ། TAS Travel and Quarantine
ནུབ་ཕྱོགས་མངའ་སྡེ། WA Travel and Quarantine

གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་ Click here ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་ Smart Traveller ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།


  •  sbs.com.au/coronavirus ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
  • མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས། NSW, VictoriaQueenslandWestern AustraliaSouth AustraliaNorthern TerritoryACTTasmania.  
  • ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། COVID-19 vaccine in your language.

ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།

ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག COVID-19 Vaccination Glossary
དུས་ཆད་དྲན་སྐུལ་ལག་ཆ། Appointment Reminder Tool.


མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག

ནིའུ་སོ་ཐི་ཝལ་ངམའ་སྡེ། NSW 
ཝི་ཊོ་རི་ཡ་མངའ་སྡེ། Victoria 
ཁུན་སི་ལན་ཌི་མངའ་སྡེ། Queensland 
ལྷོ་ཕྱོགས་མངའ་སྡེ། South Australia 
རྒྱལ་ས་མངའ་ཁུལ། ACT 
ནུབ་ཕྱོགས་མངའ་སྡེ། Western Australia 
ཏཱ་སི་མ་ནིང་ཡ་མངའ་སྡེ། Tasmania
བྱང་ཕྱོགས་མངའ་སྡེ། Northern Territory 


ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།

ནིའུ་སོ་ཐི་ཝལ་མངའ་སྡེ། NSW 
ཝི་ཊོ་རི་ཡ་མངའ་སྡེ། Victoria 
ཁུན་སི་ལན་ཌི་མངའ་སྡེ། Queensland 
ལྷོ་ཕྱོགས་མངའ་སྡེ། South Australia 
རྒྱལ་ས་མངའ་ཁུལ། ACT 
ནུབ་ཕྱོགས་མངའ་སྡེ། Western Australia 
ཏཱ་སི་མ་ནིང་ཡ་མངའ་སྡེ། Tasmania
བྱང་ཁུལ་མངའ་སྡེ། Northern Territory 

 
This story is also available in other languages.