འདི་ནི་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༩ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།
- ཝི་ཊོ་རི་ཡས་དེ་རིང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་འཕར་བ་བརྟེན་དམ་བསྒྲགས་ལྷོད་དུ་གཏང་རྒྱུ་ངང་སྒུག་བྱས་པ།
- ནིའུ་སའོ་ཐི་ཝལ་མངའ་སྡེས་གནས་སྡོད་བྱེད་མཁན་རྣམས་ཀྱིས་ཡི་ཤུའི་ཆོས་བྱེད་པ་ཚོའི་དུས་ཆེན་ Halloween སྲུང་བརྩི་ཏོག་དབྱིབས་སྔོན་འགོག་དང་མཐུན་པ་བྱེད་དགོས་པའི་འབོད་སྐུལ།
- ཝི་ཊོ་རི་ཡས་ཏོག་དབྱིབས་འགོག་ཁབ་སྨན་བཅོས་ལས་གཞན་དམ་བསྒྲགས་ཤུགས་ཆེ་གནང་ཡོད་པ་རེད།
ཝི་ཊོ་རི་ཡ། VICTORIA
དེ་རིང་ཝི་ཊོ་རི་ཡའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༦༥༦ ཐོན་ཡོད་པ་དང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་མི་གྲངས་ ༡༠ འདས་གྲོངས་སུ་ཕྱིན་ཡོད་པ་རེད། མངའ་སྡེའི་དམ་བསྒྲགས་འཕར་མ་དེ་བཞིན་དེ་རིང་མཚན་མོ་ཆུ་ཚོད་ ༦ པ་ནས་ལྷོད་དུ་གཏོང་འཆར།
གལ་གནད་ཅན་མིན་པའི་ཞབས་ཞུའི་རིགས་དཔེར་ན། ཟ་ཁང་དང་འཚིག་ཇ་ཁང་། སྤྲོ་སྐྱིད་ཁང་སོགས་བདུན་ཕྲག་འདིའི་ནང་སྒོ་ཕྱེ་རྒྱུ་དང་དེ་ཡང་མི་གྲངས་ཀྱི་ཚད་གཞི་ཡར་སྤར་འཆར་ཡོད་འདུག
མེལ་བྷོན་ནས་ཝི་ཊོ་རི་ཡའི་ས་གནས་གཞན་ཁག་ལ་འགྲོ་བསྐྱོད་བཀག་བསྡོམས་མཇུག་སྒྲིལ་རྒྱུ་དང་། ཝི་ཊོ་རི་ཡ་ཁྱོན་དུ་བྱེད་སྒོ་ཚང་མ་དམ་བསྒྲགས་མེད་པ་སྤེལ་ཆོག་རྒྱུ་མ་ཟད། རྒྱལ་ས་གྲོང་ཁྱེར་ནས་ས་གནས་གཞན་ཁག་ལ་གཟའ་འཇུག་ཏུ་ཕར་ཚུར་འགྲོ་བསྐྱོད་ཆོག་གི་ཡོད་པ་རེད།
རིང་མིན་ཁང་པའི་ནང་ལོག་ལས་ཁང་པའི་ཕྱི་རོལ་ཏུ་ཁ་རས་གྱོན་དགོས་ཀྱི་མེད་པ་རེད།
དྲ་ཐག་འདི་ནས་ book your vaccine appointment ཁྱེད་རང་གི་འགོག་ཁབ་ཐོ་འགོད་བྱོས།
ནིའུ་སའོ་ཐི་ཝལ་མངའ་སྡེ། New South Wales
དེ་རིང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱབིས་ནད་པ་གསར་པ་ ༢༦༨ ཐོན་ཡོད་པ་དང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་དེ་རིང་མི་ ༢ འདས་གྲོངས་སུ་ཕྱིན་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེས་གཟའ་འཇུག་འདིར་ཡི་ཤུའི་ཆོས་ལུགས་ཀྱི་ Halloween དུས་ཆེན་དེ་བཞིན་ཏོག་དབྱིབས་སྔོན་འགོག་གི་སྒྲིག་གཞི་དང་མཐུན་པ་གནང་དགོས་པའི་འབོད་སྐུལ་དང་། མཉམ་འཛོམས་བྱེད་སྒོ་དེ་དག་ཁང་པའི་ཕྱི་རོལ་ཏུ་གཏོང་དགོས་པ། ཕན་ཚུན་རྔན་པ་ཁག་ཐུམ་སྒྲིལ་བརྒྱབ་པ་ཁོ་ན་སྤྲོད་དགོས་པ་སོག་སཀྱི་འབོད་སྐུལ་ལམ་སྟོན་གནང་འདུག
དྲ་ཐག་འདི་ vaccination centre ཁྱེད་རང་གི་ཉེ་འགྲམ་ཏོག་དབྱིབས་འགོག་ཁབ་རྒྱག་ས་འཚོལ།