SBS ཡི་ཁ་པར་གྱི་གཉེན་ཆས་གསར་པ་ཕབ་ལེན་གནང་རོགས།

Download the SBS Radio app from the App Store or Google Play and listen to your favourite programs anywhere. Source: SBS

SBS ཡི་རླུང་འཕྲིན་ཆེད་རྣམ་པ་མ་འདྲ་བའི་གཉེན་ཆས་ app ཞིག་གསར་བཟོ་བྱས་ཡོད་པས་དེའི་བརྒྱུད་སྒྲ་མཛོད་དང་ཐད་གཏོང་རླུང་འཕྲིན་གསར་འགྱུར། གཞན་ཡང་སྐད་ཡིག་ ༦༠ ལྷག་ནང་ཡོད་པའི་ SBS ཡི་རླུང་འཕྲིན་ ༡ དང་ ༢ པ། མ་ཚད་ SBS Arabic24 བཅས་ཉན་ཐུབ། 

དེ་བཞིན་ང་ཚོའི་རོལ་དབྱངས་ཀྱི་ལྟེ་གནས་ SBS PopAsia དང་ SBS PopDesi ད་དུང་ SBS Chill ཉན་ཐུབ། ཁྱེད་ཀྱིས་ད་དུང་ SBS ཡི་དབྱིན་སྐད་སྒྲ་མཛོད་ནང་ Eyes on Gilead དང་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བརྙན་འཕྲིན་ Take It Blak བཅས་ཉན་ཐུབ་ཀྱི་ཡོད།

SBS ཡི་རླུང་འཕྲིན་གཉེན་ཆས་གསར་པ་དེ་རིན་མེད་ཐོག་ཕབ་ལེན་བྱེད་ཆོག 

 

ཀུ་ཤུ་ཁ་པར་སྤྱོ་མཁན་ཚོས་གཉེན་ཆས་འདི་ནས་ཕབ་ལེན་གནང་རོགས། download the SBS Radio app from the App Store

ཨན་ཌོར་མ་ལག་ཅན་གྱི་ཁ་པར་སྤྱོད་མཁན་ཚོས་གཉེན་ཆས་དྲ་ཐག་འདི་ནས་ཕབ་ལེན་གནང་རོགས། download the SBS Radio app on Google Play

གལ་སྲིད་ཁྱེད་ཀྱི་ཁ་པར་ནང་གཉེན་ཆས་དེ་སྔོན་ནས་ནང་འཇུག་བྱས་ཚར་ཡོད་ཚེ་གསར་སྣོན་བྱེད་དགོས་པ་ཡིན། ཀུ་ཤུའི་གཉེན་ཆས་སྤྱོད་མཁན་ཚོས་ App Store དང་ཨན་ཌོ་མ་ལག་སྤྱོད་མཁན་ཚོས་ Google Play ནང་འགྲོ་ནས་འཆར་ངོས་དེ་ནས་གསར་སྣོན་ update བྱེད་ཆོག

ཁྱེད་རང་གི་སྐད་ཡིག་ནང་ལེ་ཚན་ཁག་གང་འདྲ་བྱེད་ནས་རྙེད་ཀྱི་ཡོད་དམ།

ཐོག་མར་ཁྱེད་རང་གི་གཉེན་ཆས་དེ་ཁ་ཕྱེ་བ་དང་། རིམ་བཞིན་སྐད་ཡིག་འདེམས་ས་ཞིག་ཤར་ངེས་ཡིན་པས་དེ་ནས་ Tibetan (བོད་

སྐད།) ཟེར་བ་དེ་བདམས་ནས་བསྣན་རྗེས་གཤམ་དུ་ Podcast ཟེར་བ་དེ་ནས་འགྲོ་ན་སྒང་དེར་ Tibetan  ཟེར་བ་ཞིག་ཤར་ཡོད་པས། དེ་ནས་འགྲོ་ན་ SBS བོད་སྐད་སྡེ་ཚན་གྱི་གསར་འགྱུར་དང་སྤྱི་ཚོགས་ལམ་སྟོན་སོགས་ཀྱི་ལས་རིམ་ཁག་གསན་ཆོག

གཉེན་ཆས་ནང་འཇུག་དང་གོ་རིམ་སྒྲིག་སྟངས་སོགས་གཤམ་གསལ་ལྟར་ཡིན།

SBS Tibetan
གཉེན་ཆས་ནང་འཇུག་དང་བསྐོལ་སྤྱོད་བྱེད་སྟངས།
SBS Tibetan