སིཌ་ནི་ཁུལ་དུ་གནས་སྡོད་བྱེད་མཁན་ཚོས་ཁང་པའི་ནང་ལོག་མི་མང་འདུ་འཛོམས་བྱེད་སར་ངེས་པར་དུ་ཁ་རས་གྱོན་དགོས།

Source: Getty Images - Morsa

སིཌ་ནི་ཁུལ་དང་དེ་བཞིན་ Wollongong དང་ Central Coast ད་དུང་ Blue Mountains བཅས་སུ་གནས་སྡོད་བྱེད་མཁན་ཚོས་ཁང་པའི་ནང་ལོག་དཔེར་ན། རང་འདེམས་ཚོང་ཁང་དང་། ཚོང་རྭ་ལྟེ་གནས། གློག་བརྙན་ཁང་། ཟློས་གར་ཁང་། སྤྱི་དམངས་འགྲིམ་འགྲུལ། སྐྲ་བཟོ་དང་མཛེས་བཟོ། གསོལ་མཆོད་དང་རྒྱན་རྩེད་ཁང་བཅས་སུ་ཁ་རས་གྱོན་དགོས་ཀྱི་ཡོད་འདུག

ཕྱི་ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ་ནས་བཟུང་སུ་ཞིག་གིས་ཁ་རས་མ་གྱོན་ཚེ་ཨོ་སྒོར་ ༢༠༠ ཆད་པ་གཅོད་རྒྱུ་རེད་འདུག ཕྲུ་གུ་ལོ་ན་ ༡༢ མན་ཆད་ལ་ཉེས་ཆད་མེད་ཀྱང་ཚང་མས་ཁ་རས་གྱོན་ཐུབ་ན་ཡག་པོ་ཡོད་སྐོར་ནེའུ་སོ་ཐི་ཝལ་མངའ་སྡེའི་དབུ་ཁྲིད་ཚོས་སྐུལ་འདེད་གནང་འདུག

མགྲོན་བསུ་སྣེ་ལེན་པ་དང་སྤྱི་པའི་སྤྲོ་ཁང་གི་ལས་བྱེད་ཚང་མས་ཁ་རས་གྱོན་དགོས་ཀྱི་ཡོད།

གསོལ་མཆོད་དང་གཉེན་སྒྲིག་མཛད་སྒོ། དེ་བཞིན་དུར་མཆོད་བཅས་སུ་མི་གྲངས་ ༡༠༠ ལས་བརྒལ་བ་ཚོས་མི་གཅིག་གི་སྡོད་སའི་ས་ཁྱོན་བར་སྟོང་རྨིད་གྲུ་བཞི་མ་ ༤ ཡོད་དགོས། མཚན་ཚོགས་ཡོངས་སུ་བཀག་བསྡོམས་བྱས་ཡོད། ལུས་སྦྱོང་འཛིན་གྲྭ་མི་གྲངས་ ༥༠ ནས་ ༣༠ ལ་མར་བཅག་ཡོད།

ཁང་པའི་ཕྱི་རོལ་གྱི་བྱེད་སྒོ་དང་ངོ་རྒོལ་ལས་འགུལ་སོགས་མི་གྲངས་མང་ཤོས་ ༥༠༠ ལ་མར་བཅག་ཡོད་ཅིང་། དེ་ཡང་མར་སྡོད་དགོས་པས་མ་ཚད་འཛིན་བྱང་གཏུགས་དགོས་པ་དང་། ཁང་པའི་ཕྱི་རོལ་ཏུ་མི་གྲངས་ ༢༠༠༠ འདུ་འཛོམས་དེ་མེད་པ་བཟོས་ཡོད།

ཨོ་སོ་ཊི་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་སོ་སོའི་གནས་ཚུལ་གསར་ཤོས་ཞིབ་ཕྲ་གཤམ་གསལ་དྲ་ཚིགས་ཁག་ལ་གཟིགས་རོགས།


 ཨོ་སི་ཊོ་ལི་ཡའི་ནང་རྣམས་ངེས་པར་དུ་མི་གཞན་ལས་བར་ཐག་རྨིད་ ༡་༥ བཞག་དགོས་པ་དང་། ཁྱེད་རང་གི་ས་གནས་སུ་དམ་བསྒྲགས་དང་འདུ་འཛོམས་ཚད་བཀག་སྐོར་རྒྱུན་དུ་ཞིབ་འཇུག་བྱེད་དགོས། གལ་སྲིད་ཁྱེད་རང་ཆམ་པ་དང་རིམས་ཆམ་གྱི་ནད་རྟགས་ཐོན་ཚེ་ནང་ལ་བསྡད་ནས་ཁྱེད་རང་གི་སྨན་པར་ཁ་པར་གཏོང་བའམ་ཡང་ན་ཛ་དྲག་ཏོག་དབྱིབས་འཕྲོད་བསྟེན་འབྲེལ་གཏུགས་ཁ་པར་ཨང་གྲངས་ 1800 020 080 ཐོག་འབྲེལ་བ་གནང་དགོས།

SBS གསར་ཁང་གི་གསར་འགྱུར་དང་ཏོག་དབྱིབས་ནད་དུག་སྐོར་སྐད་ཡིག་ཁག་ ༦༣ ནང་ཡོད་ཅིང་བོད་ཡིག་ཐོག་དྲ་ཚིགས་འདི་ནས་གཟིགས་ https://www.sbs.com.au/language/tibetan/coronavirus-updates