སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་ནི་གལ་ཆེན་པོ་ཡིན་ནམ།

Over 50 per cent of all Australians have private health insurance. But experts say not everyone uses it to pay for the cost of their medical treatment. Source: Getty Images/Ariel Skelley

སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་ Health Insurance ནི་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ཐོབ་ཐང་མེད་པ་དང་། ཛ་དྲག་མིན་པའི་སྨན་བཅོས་རིགས་དུས་ཡུན་རིང་པོར་སྒུག་མི་དགོས་པའི་ཕན་ཐོགས་ཆེན་པོ་ཡོད་པ་རེད།

འཕྲོད་བསྟེན་ཉེན་སྲུང་མ་འཇོག་ཆེད་ཟླ་རེའི་སྤྲོད་དངུལ་དེ་ལ་གཞུང་གི་དཔྱ་ཁྲལ་ཆགས་ཡང་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ནང་མི་འབོར་ཕྱེད་ཀ་ཙམ་ཞིག་ལ་གཅིག་གྱུར་གཞུང་གི་འཕྲོད་བསྟེན་ལྟ་སྐྱོང་ཐོབ་ཐང་ཡོད་པའི་ཐོག ད་དུང་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་ཀྱང་བཟོས་ཡོད་འདུག

གཞུང་གི་སྨན་བཅོས་ལྟ་སྐྱོང་། Medicare

གཞུང་གི་སྨན་བཅོས་ལྟ་སྐྱོང་ཐོབ་ཐང་དེའི་ཐོག་ནས་སྤྱི་ཡོངས་ཀྱི་སྨན་པ་བསྟེན་གཏུགས་དང་། ནད་གཞི་བརྟག་དཔྱད། སྨན་བཅོས། སྤྱི་དམངས་སྨན་ཁང་ཁག་ནང་སྡོད་སའི་མཐུན་རྐྱེན། ད་དུང་སྨན་ཚོང་ལས་འཆར་འོག་ཡོད་པའི་སྨན་རིན་མང་པོ་ཞིག་གི་སྨན་རིན་ཐོབ་ཐང་ཡང་ཡོད་པ་ཡིན། 

གཞུང་གི་སྨན་བཅོས་ལྟ་སྐྱོང་ཐོབ་ཐང་དེ་ཨོ་སི་ཊོ་ལི་ཡའི་མི་སེར་དང་གཏན་འཇགས་གནས་སྡོད་བྱེད་མཁན་ཙམ་མ་ཟད། ཁག་ཅིག་གནས་སྐབས་གནས་སྡོད་བྱེད་མཁན་དང་། བཟའ་ཟླའི་མཐོང་ཆེན་བརྒྱུད་ནས་ཡོང་མཁན་སོགས་ལའང་མཐུན་རྐྱེན་དེ་རག་གི་ཡོད་པ་རེད།


གཙོ་དོན་ཁག་ཅིག

  • ཨོ་སི་ཊོ་ལི་ཡའི་ནང་ཧ་ལམ་མི་འབོར་བརྒྱ་ཆ་ ༥༣ ཙམ་ལ་སྒེར་གྱི་སྨན་བཅོས་ཉེན་སྲུང་མ་འཇོག་ཡོད་པ་དང་། མི་འབོར་བརྒྱ་ཆ་ ༤༤ ཙམ་ལ་སྒེར་གྱི་སྨན་ཁང་གི་སྨན་རིན་འགན་ལེན་ཡོད་འདུག
  • ཨོ་སི་ཊོ་ལི་ཡ་གཞུང་གིས་མི་མང་ཚོས་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་བཟོ་དགོས་པའི་སྐུལ་འདེད་དང་དེའི་ཐོག་ནས་དཔྱ་ཁྲལ་དམིགས་བསལ་ཆགས་ཡང་སྤྲོད་བཞིན་ཡོད།
  • ཆེད་མཁས་པ་ཚོས་མི་མང་པོ་ཞིག་གིས་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་ཉོ་བཞིན་ཡོད་ཀྱང་དེ་དཔྱ་ཁྲལ་ཆགས་ཡང་ཆེད་དུ་ལས་འཕྲོད་བསྟེན་སྨན་བཅོས་ཆེད་བེད་སྤྱོད་བྱེད་བཞིན་མེད་སྐོར་ཡང་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་མི་མང་གི་འཕྲོད་བསྟེན་ལྟ་སྐྱོང་ལམ་ལུགས་ནི་འཛམ་གླིང་ནང་ཡག་ཤོས་གྲས་ཡིན། འོན་ཀྱང་སྲོག་ཉེན་ལ་ཐུག་མེད་པའི་སྨན་བཅོས་རིགས་དཔེར་ན་དཔྱི་མགོ་བརྗེ་སྤོ་དང་། མིག་སྐྱ་འགྲིབ་གཤག་བཅོས་སོགས་སྨན་བཅོས་བྱེད་པར་སྨན་བཅོས་ལྟ་སྐྱོང་དེའི་ཐོག་ནས་དུས་ཡུན་རིང་པོ་སྒུག་དགོས་ཀྱི་ཡོད་པ་རེད། 

གཉིས་ནི་གཞུང་གི་སྨན་བཅོས་ལྟ་སྐྱོང་དེའི་ཐོག་ནས་མྱུར་སྐྱོབ་རླངས་འཁོར་གྱི་འགྲོ་སོང་དང་། མིག་ཤེལ། རུས་ནད་སྨན་བཅོས་སོགས་ལ་ཐོབ་ཐང་མེད། 

Medicare card
Medicare is Australia's universal health insurance that guarantees health services at low or no cost.
AAP Image/Mick Tsikas

 སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་མ་འཇོག Private health insurance

སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་དེ་ཡོད་ཚེ་དེས་ཁྱེད་རང་སྒེར་གྱི་སྨན་ཁང་ཁག་གི་ནང་ལ་ཡང་སྨན་བཅོས་རིན་པ་སྤྲོད་ཀྱི་ཡོད་པས་མ་ཚད། བཤག་བཅོས་སོགས་ལ་དུས་ཡུན་རིང་པོ་སྒུག་དགོས་ཀྱི་མེད། མ་ཚད་ཁྱེད་རང་ལ་སྨན་པ་སུ་ཞིག་དགོས་ཀྱི་མེད་བདམ་ག་ཡང་བྱེད་ཆོག 

ད་དུང་ཐོབ་ཐང་འཕར་མ་ཞིག་ནི་ཁྱེད་རང་གི་སོའི་སྨན་བཅོས་དང་། མིག་ཤེལ་བཟོ་རྒྱུ་སོགས་གཞུང་གི་སྨན་བཅོས་ལྟ་སྐྱོང་འོག་ཐོབ་ཐང་མེད་པའི་མཐུན་རྐྱེན་ཁག་ཅིག་སྒེར་གྱི་འཕྲོད་བསྟེན་མ་འཇོག་ཐོག་ནས་རག་གི་ཡོད་པ་རེད། 

གསར་འགོད་པ་རྒན་པ་དང་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་སྐོར་ཆེད་མཁས་པ་ཨུ་ཊ་མེ་ཧམ་ Uta Mihm ལགས་ཀྱིས་མི་རྣམས་ཀྱིས་སྨན་བཅོས་ཀྱི་རིན་པ་འགྲོ་སོང་ཉུང་དུ་གཏོང་ཆེད་འཕྲོད་བསྟེན་ཉེན་སྲུང་མ་འཇོག་འཕར་མ་བཟོ་ཆོག་གི་ཡོད་སྐོར་གསུངས་འདུག ཁོང་གིས་"འཕྲོད་བསྟེན་ཉེན་སྲུང་མ་འཇོག་འཕར་མ་ནི་དཔེར་ན་ཕྱེད་ཆགས་ཀྱི་འཛིན་བྱང་ལྟར་བུ་རེད། འགྲོ་ལུགས་མང་ཆེ་བ་ཞིག་ནི་ཁྱེད་རང་ལ་བརྒྱ་ཆ་ངེས་གཏན་ཞིག་མར་གཅོག་བཞིན་ཡོད། དཔེར་ན། ཕྱི་བཅོས་གསོ་ཐབས་ཆེད་མཁས་པས་ཁྱེད་རང་གི་ས་ནས་ཨོ་སྒོར་ ༡༠༠ ཐམ་པ་བླངས་ཡོད་ཚེ། ཁྱེད་རང་ལ་ཨོ་སྒོར་ ༦༠ ཐམ་པ་ཕྱིར་རག་གི་ཡོད་པ་དང་། ཁྱེད་རང་གི་དངོས་སུ་ཨོ་སྒོར་ ༤༠ སྤྲད་པ་ལྟ་བུ་རེད། ཅེས་གསུངས་འདུག 

ཨོ་སི་ཊོ་ལི་ཡའི་སྒེར་གྱི་འཕྲོད་བསྟེན་མ་འཇོག་བྱེད་ས་ཚོང་ལས་ཁང་ཆེ་ཤོས་མེ་ཌེ་བྷན་ཀི་ Medibank ཡི་ལས་བྱེད་རྒན་པ་མེ་ལོ་ཤེ་ Milosh Milisavljevic ལགས་ཀྱིས་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་བྱེད་མིན་ནི་ཨོ་སི་ཊོ་ལི་ཡའི་མི་སྒེར་གྱི་འདོད་མོས་ཡིན་ཞིང་། དེས་མི་མང་གི་འཕྲོད་བསྟེན་ལམ་ལུགས་ཀྱི་འཁུར་པོ་ཡང་དུ་གཏོང་བཞིན་ཡོད་པ་རེད་ཅེས་གསུངས་འདུག

Medibank private
The government encourages Australians to take out private insurance to reduce burden on the public health system.
AAP Image/Dan Himbrechts

ཨོ་སི་ཊོ་ལི་ཡའི་ཕི་ཌི་རལ་གཞུང་གིས་མི་སྒེར་གྱིས་འཕྲོད་བསྟེན་ཉེན་སྲུང་མ་འཇོག་ཉོ་བར་སྐུལ་འདེད་ཆེད་དཔྱ་ཁྲལ་ཆགས་ཡང་གཏོང་བཞིན་ཡོད། 

གལ་སྲིད་ཁྱེད་རང་ལ་སྒེར་གྱི་སྨན་ཁང་གི་སྨན་རིན་འགན་སྲུང་མེད་ཚེ། མི་རྐྱང་ཞིག་གིས་ལོ་གཅིག་ནང་ཁྲལ་སྤྲད་དགོས་པའི་ཡོང་འབབ་ཨོ་སྒོར་ ༩༠༠༠༠ དང་ཁྱིམ་ཚང་ཞིག་གི་ལོ་གཅིག་ནང་ཡོང་འབབ་ཨོ་སྒོར་ ༡༨༠༠༠༠ བསགས་ཡོད་ཚེ། གཞུང་གི་སྨན་བཅོས་ལྟ་སྐྱོང་ལ་ཁྲལ་འབབ་བརྒྱ་ཆ་ ༡ ནས་ ༡་༥ བར་སྤྲོད་དགོས་པ་ཡིན།  

Woman at a dental clinic
Private health insurance helps people avoid long wait times for non-urgent medical procedures.
Getty Images/Luis Alvarez

གཞུང་གི་སྨན་བཅོས་ལྟ་སྐྱོང་གི་ཁྲལ་འབབ་ཚད་གཞི་དང་བཅད་མཚམས།

མི་རྐྱང་ཞིག་ལ་ལོ་གཅིག་ནང་ཡོང་འབབ་ཨོ་སྒོར་ ༩༠༠༠༠ མན་དང་ཁྱིམ་ཚང་ཞིག་ལ་ལོ་གཅིག་ནང་ཡོང་འབབ་ཨོ་སྒོར་ ༡༨༠༠༠༠ མན་ཡིན་ཚེ་གཞུང་གི་སྨན་བཅོས་ལྟ་སྐྱོང་ལ་དཔྱ་ཁྲལ་སྤྲད་མི་དགོས།

  • མི་རྐྱང་ལ་ལོ་གཅིག་ནང་ཡོང་འབབ་ཨོ་སྒོར་ ༩༠༠༠༡ ནས་ ༡༠༥༠༠ བར་དང་། ཁྱིམ་ཚང་ལ་ལོ་གཅིག་ནང་ཡོང་འབབ་ཨོ་སྒོར་ ༡༨༠༠༠༡ ནས་ ༢༡༠༠༠༠ བར་ཡིན་ཚེ་དཔྱ་ཁྲལ་བརྒྱ་ཆ་ ༡ སྤྲད་དགོས།
  • མི་རྐྱང་ལ་ལོ་གཅིག་ནང་ཡོང་འབབ་ཨོ་སྒོར་ ༡༠༥༠༠༡ ནས་ ༡༤༠༠༠༠ བར་དང་། ཁྱིམ་ཚང་ལ་ལོ་གཅིག་ནང་ཡོང་འབབ་ཨོ་སྒོར་ ༢༡༠༠༠༠ ནས་ ༢༨༠༠༠༠ བར་ཡིན་ཚེ་དཔྱ་ཁྲལ་བརྒྱ་ཆ་ ༡་༢༥ སྤྲད་དགོས།
  • མི་རྐྱང་ལ་ལོ་གཅིག་ནང་ཡོང་འབབ་ཨོ་སྒོར་ ༡༤༠༠༠༡ དང་དེའི་ཡན་དང་། ཁྱིམ་ཚང་ལ་ལོ་གཅིག་ནང་ཡོང་འབབ་ཨོ་སྒོར་ ༢༨༠༠༠༡ དང་དེའི་ཡན་ཡིན་ཚེ་དཔྱ་ཁྲལ་བརྒྱ་ཆ་ ༡་༥ སྤྲད་དགོས་པ་ཡིན། 
This story is also available in other languages.