བདག་དབང་དང་། གྲོས་དོན། ངོས་འཛིན། ག་རེ་བྱས་ནས་ཕྱི་ཟླ་ ༡ ཚེས་ ༢༦ དེ་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ལ་དཀའ་ཁག་ཆེ་བའི་དུས་ཚེས་ཤིག་རེད་དམ།

Watu washiriki katika maandamano ya "siku ya uvamizi" kwenye siku kuu ya Australia mjini Melbourne 26 January, 2018. Source: Getty

ལོ་ལྟར་ཕྱི་ཟླ་ ༡ ཚེས་ ༢༦ དེ་ཨོ་སི་ཊོ་ལི་ཡས་དབྱིན་ཇིས་ཕྱི་ལོ་ ༡༧༨༨ ལོར་མི་སེར་སྤེལ་ཡུལ་འགོ་འཛུགགས་བྱས་པའི་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད། དེ་ལ་དབྱིན་ཇིས་མི་སེར་སྤེལ་ཡུལ་"ཨོ་སི་ཊོ་ལི་ཡའི་ཉིན་མོ་"ཞེས་རྩོད་རྙོག་ཡོད། ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ཀྱིས་ཕྱི་ལོ་ ༡༩༣༨ ནས་བཟུང་ཕྱི་ཟླ་ ༡ ཚེས་ ༢༦ དེ་"མྱ་ངན་གྱི་ཉིན་མོ་"ཞེས་ངོ་རྒོལ་བྱེད་བཞིན་པ་དང་། ཉེ་བའི་ཆར་མི་མང་པོ་ཞིག་གིས་ཉིན་མོ་དེ་ནི་"བཙན་འཛུལ་གྱི་ཉིན་མོ་"ཡང་ན་"གསོན་གནས་"ཀྱི་ཉིན་མོ་ཞེས་འབོད་དགོས་སྐོར་བརྗོད་ཀྱི་ཡོད།

ཕྱི་ཟླ་ ༡ ཚེས་ ༢༦ ཉིན་མོ་དེ་མི་སྒེར་དང་ཚོགས་པ་ཁག་གི་རྒྱབ་ལོགས་ནས་འགྲེལ་བརྗོད་མི་འདྲ་བ་ཇི་ལྟར་བརྒྱབ་རུང་། ནང་དོན་ས་ཆའི་བདག་དབང་ཐད་ཀྱི་ལྟ་ཚུལ་ལ། ཡོ་རོབ་བ་རྣམས་མ་འབྱོར་གོང་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ཐད་ནས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ཁོང་ཚོའི་ས་ཆ་དང་། ཤེས་ཡོན། ཁྲིམས་ལུགས། སྲིད་ཇུས། འཕྲོད་བསྟེན་སོགས་ཀྱི་རྣམ་པ་གསལ་པོ་ཡོད་པས་མ་ཚད། ཁོང་ཚོས་དེ་དག་ནམ་ཡང་བློས་གཏོང་བྱས་མེད། 

ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ཀྱི་ཐོབ་ཐང་སྐོར་གྱི་རྩོད་གླེང་སྐབས་ཁོང་ཚོའི་བདག་དབང་ཐད་མི་མང་པོས་བསམ་ཚུལ་གཅིག་མཐུན་ཡོད་ཀྱང་། གདོད་མའི་མི་རིགས་ནང་ལོགས་ནས་བདག་དབང་ངོས་འཛིན་སྟངས་ཐད་ལྟ་ཚུལ་མ་འདྲ་བ་ཡང་ཡོད་པ་རེད། 

འདི་ནི་ཨོ་སི་ཊོ་ལི་ཡའི་མི་མང་ནང་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ཀྱི་ངོས་འཛིན་དང་། གྲོས་དོན། འབོད་སྒྲ། བདེན་པ་བཅས་ཀྱི་ཐད་བགྲོ་གླེང་དང་ལྟ་ཚུལ་སྣ་ཚོགས་སྐོར་ཡིན།

Australians Celebrate Australia Day As Debate Continues Over Changing The Date
Australians Celebrate Australia Day As Debate Continues Over Changing The Date
Getty Images

 ‘ངོས་འཛིན།’

གདོད་མའི་མི་རིགས་རྣམས་ཀྱི་ངོས་འཛིན་འགྱུར་བ་གཏོང་བའི་ལམ་ཁ་གཅིག་ནི་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་འགྱུར་བ་གཏོང་དགོས་པ་ཡིན། ཕྱི་ལོ་ ༢༠༢༠ ལོར་རྩ་ཁྲིམས་སྒྱུར་བཅོས་སྐབས་ཆེད་མཁས་མི་སྣས་བགྲོ་གླེང་མང་པོ་བྱས། གྲོས་ཚོགས་གོང་མས་དེའི་ཐད་འདྲི་ཞིབ་དང་། རྩ་ཁྲིམས་ལྷན་ཚོགས་དང་རྒྱལ་འབངས་བསམ་ཤོག་འཚོལ་བསྡུ་ལྷན་ཁང་། སྙན་ཐོ་ཁག གཞན་ཡང་ངོ་སྤྲོད་རྒྱབ་གཉེར་བཅས་ནས་ཕྱི་ལོ་ ༡༩༨༠ ནང་ནས་འགོ་བཙུགས་ཏེ་གདོད་མའི་མི་རིགས་ཀྱི་ངོས་འཛིན་ཐད་ལས་དོན་བྱེད་མུས་ཡིན། 

ཡོངས་གྲགས་ཆེ་ཤོས་ཀྱི་དཔེ་མཚོན་ཞིག་ནི་དེ་སྔོན་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླེང་ཕྲན་གྱི་མི་རྣམས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག་ཉིན་གྲངས་ ༣ རིང་བགྲོ་གླེང་དང་མཇུག་ཏུ་ཨུ་ལུ་རུ་སེམས་ཀྱི་བསྒྲགས་གཏམ་ The Uluru Statement from the Heart’, ཞེས་པའི་གྲོས་ཆོད་གསལ་བསྒྲགས་དེ་ཡིན།

0:00

 ཨུ་ལུ་རུ་སེམས་ཀྱི་བསྒྲགས་གཏམ་གྱི་འགན་འཛིན་ཌན་པཱ་ཁིན་ Dean Parkin ལགས་ཀྱིས་ཨུ་ལུ་རུའི་བསྒྲགས་གཏམ་ལ་མི་མང་ནང་དོ་སྣང་ཡོང་བའི་ལས་འགུལ་ཞིག་སྤེལ་རྒྱུ་དང་། དེ་ནི་གྲོས་ཚོགས་ནང་འབོད་སྒྲ་སླེབས་པར་མི་མང་གི་རྒྱབ་སྐྱོར་གོང་མཐོར་གཏོང་རྒྱུ་དེ་ཡིན་སྐོར་གསུངས་འདུག 

 ཁོང་གིས་"ང་ཚོའི་མང་མོས་བསམ་ཚུལ་ནི་བརྒྱ་ཆ་བརྒྱ་ཐམ་པ་ཨུ་ལུ་རུའི་བསྒྲགས་གཏམ་དེ་ཡིན། དེར་བརྟེན་བདེན་པའི་འབོད་སྒྲའི་གྲོས་དོན་ནི་ང་ཚོའི་གྲོས་གཞིའི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད་པ་ང་ཚོས་དེའི་ནང་བཤད་ཡོད། གྲོས་ཚོགས་ལ་བསམ་འཆར་ཕུལ་བའི་འབོད་སྒྲ་ནི་གྲོས་ཚོགས་ནང་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་སྐུ་ཚབ་དགོས་ཤིང་གྲོས་ཚོགས་ནང་གནད་དོན་གླེང་སློང་བྱེད་དགོས། ཨོ་སི་ཊོ་ལི་ཡའི་མང་གཙོ་ནང་གླེང་སློང་དང་དེས་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་སྲུང་སྐྱོབ་ཆགས་ཡོད། དེ་ལྟ་བྱུང་ཚེ་འདས་པའི་དངོས་ཡོད་གནས་ཚུལ་དང་ཐ་དད་དུ་འགྲོ་གི་མ་རེད་ཅེས་གསུངས་འདུག

‘'འབོད་སྒྲ།"

རྩ་ཁྲིམས་ནང་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ལ་ངོས་འཛིན་ཡོང་ཐབས་ཀྱི་བསྒྲུབ་བྱ་གཙོ་བོ་ནི་གདོད་མའི་མིགས་རྣམས་ཀྱིས་ཁོང་ཚོའི་ཚོགས་སྡེ་ཁག་ལ་དོ་འཁུར་དང་གནད་དོན་དེའི་ཐད་ཐག་གཅོད་ཅིག་ཡོང་བར་ཤུགས་རྐྱེན་ཐེབས་རྒྱུ་དེ་ཡིན། 

ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་བློན་ཆེན་ཁེན་ཝ་ཊི་ Ken Wyatt ལགས་ཀྱིས་མི་ཁག་ཅིག་གིས་གྲོས་ཚོགས་ལ་འབོད་སྒྲ་སྒྲོགས་རྒྱུའི་ཚབ་ལ་གཞུང་ལ་འབོད་སྒྲ་སྒྲོགས་ཚེ་གྲུབ་འབྲས་ཐོན་གྱི་རེད་བསམས་ཀྱི་ཡོད་པ་རེད་ཅེས་གསུངས་དོན།་

ཁོང་གིས་"དོན་དངོས་ཐོག་གྲོས་ཚོགས་ལ་འབོད་སྒྲ་སྒྲོགས་དགོས་པ་ཡིན། འོན་ཀྱང་གཞུང་ལ་འབོད་སྒྲ་སྒྲོགས་པ་ནི་སྐབས་དེའི་གཞུང་འཛིན་ཆབ་སྲིད་ཚོགས་པ་བྱེ་བྲག་པ་དེའི་སྐབས་ཡིན་པ་དང་། ཁོང་ཚོ་ནི་སུ་ཞིག་གིས་དངུལ་ཁུག་གི་ཁ་སྐུད་ལྟ་བུ་ཡིན་ཞིང་། ཁོང་ཚོས་སྲིད་ཇུས་ལ་ཚད་འཛིན་བཟོ་བ་དང་སུ་ཞིག་གི་ཁྲིམས་བཟོས་ལ་འགྲེལ་བཤད་རྒྱག་གི་རེད། 

"དེར་བརྟེན་སུ་ཞིག་་གིས་གཞུང་ལ་ཤུགས་རྐྱེན་ཐེབས་པར། གྲོས་ཚོགས་བརྒྱུད་ནས་གཞུང་ལ་འབོད་སྒྲ་དེ་སླེབས་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

Minister for Indigenous Australians Ken Wyatt speaks to the media during a press conference at Parliament House in Canberra, Tuesday, August 17, 2021.
Minister for Indigenous Australians Ken Wyatt speaks to the media during a press conference at Parliament House in Canberra, Tuesday, August 17, 2021.
AAP Image/Lukas Coch

 འོན་ཀྱང་ཨ་བྷོ་རི་ཇི་ནལ་གྱི་མི་རིགས་ཀྱི་ནང་གསེས་བྷང་དྷ་ཇཱ་ལང་ Bungdjalung ཀོན་གྷ་རཱ་ཁན་བུད་མེད་ཀྱི་ཁྲིམས་དོན་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ཌ་ནེ་ལཱར་ཀིན་ Dani Larkin ལགས་ཀྱིས་སྐུ་ཞབས་ཝ་ཡཱ་ཊི་ཡིས་གདོད་མའི་མི་རིགས་ཀྱི་ངོས་འཛིན་རྩ་ཁྲིམས་ནང་བཅུག་རྒྱུ་ལས་ཀྱང་ཁྲིམས་སྲོལ་ཞིག་འཛུགས་དགོས་གསུངས་པ་ནི་"གནས་ཚུལ་ཐབས་སྡུག"ཞིག་དང་"བློ་ཕམ་གྱི་གནས་"ཤིག་རེད་ཅེས་གསུངས་འདུག

ཡང་ཁོ་མོས་"གྲོས་ཚོགས་ལ་རྩ་ཁྲིམས་ནང་བཅུག་དགོས་པའི་བསམ་འཆར་དེའི་ཐད་དེ་སྔོན་རྒྱབ་སྐྱོང་གནང་མཁན་མང་པོ་ཞིག་ཡོང་གི་ཡོད་ཀྱང་ཁོང་གི་བསམ་ཚུལ་དེས་རྒྱབ་སྐྱོར་རྩ་མེད་བཟོ་བཞིན་ཡོད་སྐོར་དང་། ངའི་བསམས་པར་གནས་ཚུལ་དེ་ནི་སྟབས་མི་ལེགས་པ་དང་མི་རྣམས་ལ་ཏོག་ཙམ་བློ་ཕམ་སྐྱེ་བའི་རྒྱུར་ཡོང་གི་ཡོད་པ་རེད་"ཅེས་གསུངས་འདུག

‘གྲོས་དོན།’

རྩོད་གླེང་ཆེ་ཤོས་གཞན་ཞིག་ནི་"གྲོས་དོན་"རེད། དེ་ནི་སྔོན་མ་ཨོ་སི་ཊོ་ལི་ཡ་གཞུང་དང་གདོད་མའི་མི་རིགས་དབར་གྱི་ཆིངས་ཡིག་དེ་རེད། དེའི་ནང་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླེང་ཕྲན་གྱི་མི་རྣམས་ནི་དབྱིན་ཇིའི་བཙན་བཟུང་མ་བྱས་པའི་སྔོན་དུ་ཡིན་པ་ངོས་འཛིན་དང་། དེ་རྗེས་ལུང་པའི་མི་རིགས་དང་པོ་དེའི་རྩ་ནས་ས་ཆའི་བདག་དབང་བཙན་འཕྲོག་བྱས་པ་ངོས་འཛིན་བྱས་ཡོད། 

དཔེར་ན་ནིའུ་ཛི་ལན་ཌི་དང་། ཨ་རི། ཁེ་ན་ཌ་ལྟར་བུར། མི་མང་པོ་ཞིག་གི་ངོས་ནས་མཚོན་ན་ལུང་པའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་དང་པོ་དེའི་རང་དབང་གཙ་མའི་བདག་དབང་ངོས་འཛིན་ཐད་རྒྱལ་ཁབ་ཅིག་དང་ཡང་ན་ལུང་པ་ཞིག་གི་ཆིངས་དོན་དེ་ནི་ (གྲོས་ཚོགས་ལ་འབོད་སྐུལ་ཞུ་བ་ལས་) གཙོ་བོར་བདེན་དོན་ལ་གཞིར་བཅོལ་དགོས་པ་ཡིན། 

དེར་བརྟེན་ད་ལྟའི་ཆར་ཝི་ཊོ་རི་ཡ་ནས་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་གྷན་དྷི་ཇཱ་མཱ་རཱའི་མི་རིགས་ཡིན་པ་བུད་མེད་ལི་དྷའ་ཐོར་ཕི་ལགས་ཐེའི་གྷན་ནའེ་དང་ཝི་ཊོ་རི་ཡའི་སྐུ་ཚབ་བཅས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཚོ་ཁག་ཅིག་དེ་སྔོན་ཕྱི་ལོ་ ༢༠༡༧ ལོར་ལྷན་ཚོགས་གནང་བའི་ཨུ་ལུ་རུའི་གྲོས་མཐུན་ནས་ཕྱིར་ཐོན་ཡོད་པ་རེད། 

Lidia Thorpe
Senator Lidia Thorpe during a smoking ceremony at the Aboriginal Tent Embassy at Parliament House in Canberra.
Getty Images

 ཁོང་མོས་ད་དུང་མི་རིགས་ཚོ་ཁག་དང་ཆ་འབངས་ཀྱི་ཆེད་དུ་ད་དུང་གྲོས་བསྡུར་ལྷུག་པོ་ཞིག་དགོས་ཀྱི་ཡོད་སྐོར་གསུངས་འདུག

ཁོ་མོས་"ཁོང་ཚོ་ལ་ག་རེ་དགོས་པ་དང་ག་རེ་འདོད་པ་ཐག་གཅོད་བྱ་རྒྱུར་ཁོང་ཚོ་ལ་ཐོབ་ཐང་ཡོད་པ་རེད། ངའི་བསམས་པར་ང་ཚོས་ངེས་པར་དུ་མི་དང་གུས་ཞབས་ལྡན་པའི་ཐོག་ནས་སྐད་ཆ་ཞིག་བྱེད་དགོས་ཀྱི་འདུག་པ་དང་། གདན་ཞུས་མ་ཡིན་པར་མི་ཚང་མ་མདུན་ལྕོག་ཐོག་ཡོང་ནས་ཡོང་དུ་བཅུག་དགོས་ཀྱི་འདུག གཞི་རྩའི་ཐོག་ནས་མི་རྣམས་ལ་འགོག་རྐྱེན་མང་པོ་ཞིག་ཐེབས་ཀྱི་འདུག་"ཅེས་གསུངས་འདུག

བདག་དབང་གི་གནད་དོན་གླེང་སྐབས། གཞི་རྩའི་དཀའ་སྡུག་འཕྲད་པའི་ཨ་གྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ལ་དུས་ཡུན་རིང་པོ་རྗེས་ནས་རྒྱབ་ལོགས་ནས་སྟོབས་ཤུགས་ཤིག་གི་འཚོ་བའི་གནས་སྟངས་ཇེ་ལགས་སུ་ཕྱིན་ཡོད། 

ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་ན་གཞོན་ཚོགས་པ་ཁག་གིས་གྲོས་མཐུན་གྱི་གོ་དོན་དང་བསམ་འཆར་མོས་མཐུན་མེད་པའི་གོ་དོན་དེ་ལ་དགའ་མོས་བྱེད་བཞིན་ཡོད་པ་རེད། ཁོང་ཚོའི་ལྟ་ཚུལ་ལ་མི་སེར་སྤེལ་བའི་བདག་སྐྱོང་དབང་ཆ་དང་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཀྱི་བདག་དབང་ནི་དེའི་སྔའི་རང་ཐག་རང་གཅོད་ཀྱི་བདག་དབང་གཉིས་འགལ་བ་ཞིག་མཐོང་གི་ཡོད་པ་རེད། 

གཞོན་ནུའི་ཚོགས་པ་འདི་དག་གིས་དྲ་ལམ་དང་སྤྱི་ཚོགས་ཀྱི་དྲ་རྒྱ་བརྒྱུད་ནས་ཆབ་སྲིད་ཀྱི་རྣམ་པ་གསར་བཟོ་བྱེད་བཞིན་ཡོད་ལ། ཁྲོམ་གཞུང་དང་ལས་འགུལ་སྤེལ་ནས་འགྱུར་བ་གཏོང་དགོས་པའི་ངོ་རྒོལ་བྱེད་བཞིན་ཡོད་པ་རེད། 

དེ་ཡང་རྩ་ཁྲིམས་དང་མཐུན་པའི་ངོས་འཛིན་ལ་ངོ་རྒོལ་བྱེད་མཁན་གྱི་མདུན་མཆོང་པ་ཨ་གྷོ་རི་ཇི་ནལ་འགོག་རྒོལ་དམག་ WAR ཞེས་ཀྱང་ཟེར། ཨ་བྷོ་རི་ཇི་ནལ་གྱི་མི་རིགས་བྱེ་བྲག་པ་གྷ་མི་ལཱ་རའེ་ Gamilaraay དང་། ཀོའོ་མཱ་ Kooma དེ་བཞིན་མུ་རུ་ཝ་རེ་ Muruwari ཡི་བརྒྱུད་པ་ཡིན་པ་སྐྱེས་པ་བྷུའེ་སི་པིརམ་ Boe Spearim ལགས་ཀྱིས་ཨ་བྷོ་རི་ཇི་ནལ་གྱི་འགོག་རྒོལ་དམག་མི་ WAR ནས་སྔ་ནས་ད་བར་དེ་ལ་ངོ་རྒོལ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཁོང་གིས་"ངས་ཚོད་དཔག་བྱས་པ་ལྟར་ན་དེ་ནི་སྤྱི་ཚོགས་དང་གླེང་མོལ་ཇི་ལྟར་བྱ་རྒྱུ་དེ་ཡིན་ཞིང་། ངའི་བསམས་པར་ཐབས་ཤེས་གཞན་དག་ཞིག་ལ་བརྟེན་ནས་གླེང་མོལ་བྱ་དགོས་པའི་ངེས་པ་མེད། དེ་ནི་ང་ཚོས་འཚོལ་བཞིན་པའམ་ཡང་ན་གྲོས་བསྡུར་བྱེད་འདོད་པ་ཞིག་མ་རེད། ཆིངས་ཡིག་ནི་རྟགས་ཏུ་སྒོ་བྱང་ཐོག་དང་གྲོས་བསྡུར་གྱི་ཆ་ཤས་དེ་ཆགས་ཀྱི་ཡོད་པ་རེད་"ཅེས་གསུངས་འདུག

Protest against Australia Day in Melbourne
Indigenous activists and supporters protesting in Melbourne on 26 January 2019.
Getty Images

 WAR's ཡི་གཞུང་འབྲེལ་གྱི་ལམ་ཕྱོགས་ནི་བཙན་འཛུལ་བའི་སྒྲོམ་གཞི་ཞིག་ལ་མོས་མཐུན་མེད་པར། འོན་ཀྱང་སྐུ་ཞབས་བྷོ་ Boe ལགས་ཀྱིས་གོ་དོན་ནི་རང་ཐག་རང་གཅོད་ཅེས་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ལ་ཁོང་ཚོ་སོ་སོ་སོ་སོ་ཐག་གཅོད་བྱེད་དུ་འཇུག་དགོས་ཀྱི་ཡོད་པ་དེ་ཡིན།

ཏཱ་ས་མ་ནིང་ཡའི་ནང་ཨ་བྷོ་རི་ཇི་ནལ་གྱི་ས་ཁམས་ལྷན་ཁང་གི་ཚོགས་གཙོ་དང་ལས་འགུལ་བ་ཁྲིམས་རྩོད་པ་བཅས་ཡིན་པའི་ཨ་བྷོ་རི་ཇི་ཇལ་གྱི་མི་རིགས་བྱེ་བྲག་པ་པཱ་ལཱ་ཝ་ Palawa མི་རིགས་ཡིན་པ་སྐུ་ཞབས་མེ་ཤལ་ Michael Mansell  ལགས་ཀྱིས་ཨ་བྷོ་རི་ཇི་ནལ་མི་རྣམས་ལ་མཚོན་དོན་ཙམ་དང་ཡང་ན་དོན་དང་ལྡན་པའི་ངོས་འཛིན་དགོས་པ་གཉིས་དབང་བདམ་ག་ཡོད་པའི་ཡིད་ཆེས་བྱེད་བཞིན་ཡོད་ཟེར།

ཁོང་གིས་"མཚོན་དོན་ཙམ་གྱི་ངོས་འཛིན་ནི་དཔེར་ན་དེ་སྔོན་ཕྱི་ལོ་ ༢༠༠༧ ལོར་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཁེ་ཝིན་རུ་ཌི་  Kevin Rudd ལགས་ཀྱིས་ཨ་གྷོ་རི་ཇི་ནལ་མི་རིགས་ལ་གཞུང་འབྲེལ་ཐོག་ནས་དགོངས་སེལ་ཞུས་པ་"ལྟར་བུར་རེད་ཅེས་དང་། སྐུ་ཞབས་མེ་ཤལ་ལགས་ཀྱིས་དོན་དང་ལྡན་པའི་ཨ་བྷོ་རི་ཇིལ་ནལ་ངོས་འཛིན་ཇི་ལྟར་དགོས་མིན་ཞིབ་ཕྲ་གསུངས་དོན།

ཁོང་གིས་"གལ་ཏེ་ཆིངས་ཡིག་དེ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ལ་བཞག་ན་དེ་ནི་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ཞིག་མ་རེད། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ལ་ཡིད་ཆེས་འཕེལ་བའི་རྒྱལ་ཁབ་ཀྱི་འཐུས་མི་ཨ་བྷོ་རི་ཇི་ནལ་གྱི་འཐུས་ཚབ་འཛུགས་རྒྱུའི་ཁྲིམས་འཛུགས་བྱེད་དུ་བཅུག་ན། ཨ་བྷོ་རི་ཇི་ཇལ་གྱི་ཚོགས་སྡེ་ཡར་རྒྱས་འགྲོ་བ་བྱེད་དགོས་"ཞེས་གསུངས་འདུག

"གཉིས་ནི་ཕི་ཌི་རལ་གྱི་གྲོས་ཚོགས་ཀྱི་ངོས་ནས་ཆིངས་ཡིག་ལྷན་ཚོགས་ཤིག་འཛུགས་ནས། ཆིངས་ཡིག་ལྷན་ཚོགས་དེས་གྲོས་དོན་འཆར་ཟིན་འགོད་དགོས་པ་ཡིན། ངའི་བསམས་པར་དོན་དག་དེ་གཉིས་ཀྱིས་དངོས་གནས་ཨོ་བྷོ་རི་ཇི་ནལ་མི་རྣམས་ཀྱི་འཚོ་བར་འགྱུར་བ་གཏོང་ཐུབ་ཀྱི་རེད་ཅེས་"ཁོང་གིས་སླར་ཡང་འགྲེལ་བརྗོད་གནང་འདུག

Scenes In The Winter Light Of Australia
The red rock face of Uluru at sun set, the sacred home for thousands of years of the Yankunytjatjara and Pitjantjatjara people in the central Australian desert.
Getty Images AsiaPac

གནད་དོན་དེ་ར་གྲུབ་འབྲས་ཐོན་པར་དགེ་རྒན་ཆེན་མོ་ཁལ་མཱ་ Professor Calma ལགས་ཀྱིས་ཨ་བྷོ་རི་ཇི་ནལ་མི་རྣམས་ཀྱིས་གོ་སྐབས་དེ་དམ་འཛིན་བྱེད་དགོས་པ་རེད་ཅེས་གསུངས་འདུག

ཁོང་གིས་"ངས་བལྟས་ན་ང་ཚོས་བསྒྲུབ་དགོས་པ་ནི་འདི་དང་ད་ལྟ་གཉིས་ཀས་བལྟ་དགོས་པ་དེ་རེད། ང་ཚོས་ཅི་ཞིག་མངོན་འགྱུར་བྱེད་ཐུབ་བམ། ང་ཚོ་ཨ་བྷུ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ཀྱི་མངོན་འདོད་འབད་བརྩོན་ལ་གྲུབ་འབྲས་ཅི་ཞིག་ཐོབ་སྲིད་དམ།"

"ང་ཚོ་ལ་སྲིད་བློན་མཆོག་གི་གདོད་མའི་རིགས་རིགས་ཀྱི་གནད་དོན་ལ་རྒྱབ་སྐྱོར་གྱིས་བློན་ཆེན་བསྐོ་བཞག་བྱས་ཡོད་པས། གཞུང་དང་གྲོས་ཚོགས་ལ་འབོད་སྒྲ་སྔར་ལས་ཇེ་ཆེར་གཏོང་དགོས། ང་ཚོས་གང་ཐུབ་གོ་སྐབས་དེ་བཟུང་དགོས་པ་ཡིན་"ཞེས་གསུངས་འདུག

ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ཀྱིས་ཨོ་རོབ་ཀྱི་མི་རྣམས་ཨ་བྷོ་རི་ཇི་ནལ་གྱི་མཚོ་འགྲམ་སླེབས་པ་ནས་བཟུང་ཨ་བྷོ་རི་ཇི་ནལ་གྱི་བདག་དབང་ལ་འཐབ་རྩོད་བྱས་ཡོད།

ཨོ་སི་ཊོ་ལི་ཡའི་ལོ་རྒྱུན་ནང་ནམ་ཞིག་ངོས་འཛིན་བྱེད་སྟངས་མ་འདྲ་བའི་དབར་ཐག་གཅོད་དང་། ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་ཚོགས་སྡེ་ཁག་གིས་དོན་དང་ལྡན་པའི་ངོས་འཛིན་ལ་མོས་མཐུན། གཞུང་གིས་རྒྱལ་ཡོངས་རང་བཞིན་གྱི་ངོས་འཛིན་གྱི་ལས་དོན་ཞིག་ག་དུས་འགོ་འཛུགས་རྒྱུ་རེད་དམ།

This story is also available in other languages.