ཨོ་སི་ཊོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་དུག་ལས་སྲུང་སྐྱོབ་ཆེད་གཉེན་ཆས་ (app) ཤིག་འགྲེམས་སྤེལ་བྱས་འདུག

ཨོ་སི་ཊོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་དུག་ལས་རང་ཉིད་སྲུང་སྐྱོབ་དང་ཁྱེད་རང་ལ་ནད་དུག་དེ་འགོས་ཉེན་ཡོད་པ་ཚུར་འབྲེལ་གཏུགས་ཆེད་ COVIDSafe ཟེར་བའི་གཉེན་ཆས་ App ཞིག་འགྲེམས་སྤེལ་བྱས་འདུག་པ་དང་། གཉེན་ཆས་དེ་ཁྱེད་ཀྱི་ཁ་པར་ནང་ཕབ་ལེན་བྱེད་ཆོག་གི་ཡོད་པ་རེད།

A close up of the government's coronavirus tracing app.

Source: SBS

ཀུ་ཤུའི་མ་ལག་ཆེད་འདི་ནས་ཕབ་ལེན་བྱོས་ Apple Store

ཨན་ཌོར་མ་ལག་ཆེད་འདི་ནས་ཕབ་ལེན་བྱོས་ Google Play

གཉེན་ཆས་དེ་གང་གི་ཆེད་དུ་བཟོས་པ་ཡིན་ནམ། 

གཉེས་ཆས་དེ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་མི་འགྲོ་ཆེད་དང་། ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་མི་སྒེར་དེ་འདྲ་ཁྱེད་རང་གི་ཉེ་སར་སླེབས་པའམ་འགྲེལ་གཏུགས་བྱས་ཚེ་འཕྲོད་སྟེན་འགན་འཁུར་མི་སྣས་ཡིག་ཆ་ཁ་པར་ཐོག་ནང་འཇུག་བྱས་ཡོད་ཚེ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་འདུག

གལ་སྲིད་མི་ཕན་ཚུན་དབར་བར་ཐག་རྨིད་ ༡།༥ ལས་ཉེ་བ་ཡོད་པ་དང་། མི་ཕར་ཕྱོགས་དེས་ཀྱང་མཉེན་ཆས་དེ་ཁ་ཕྱེས་ཡོད་ཚེ་ཉུང་མཐར་སྐར་མ་ ༡༥ རིང་གནས་ཚུལ་སྡུད་འཇུག་བྱེད་ཐུབ་ཀྱི་ཡོད་འདུགཨོ་སི་ཊོ་ལི་ཡ་གཞུང་གིས་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བྱེད་མཁན་ཚང་མས་གཉེན་ཆས་དེ་ཕབ་ལེན་གནང་དགོས་པའི་འབོད་སྐུལ་གནང་འདུག གང་ཡིན་ཟེར་ན། མི་མང་པོས་གཉེན་ཆས་དེ་བེད་སྤྱོད་བྱས་པ་བརྒྱུད་ནད་དུག་གི་གནས་སྟངས་ཤེས་རྟོགས་ཐུབ་རྒྱུ་ཕན་ཐོགས་ཡོད་འདུག

འབྲེལ་ཡོད་འགན་འཁུར་བས་ཏོག་དབྱིབས་ནད་དུག་བདེ་འཇགས་གནས་ཚུལ་ COVIDSafe  ལག་བསྟར་གང་འདྲ་བྱེད་ཀྱི་ཡོད་དམ།

COVIDSafe གཉེན་ཆས་དེས་མི་སུ་ཞིག་ཏོག་དབྱིབས་ནད་དུག་དང་ཐག་ཉེ་འབྲེལ་བ་བྱེད་བཞིན་པ་མགྱོག་པོ་ཤེས་རྟོགས་ཐུབ་ཆེད་ཡིན། བརྒྱུད་རིམ་འདིའི་ཐོག་ནས་སྣང་མེད་ཐོག་ནས་སྤྱི་ཚོགས་ནང་ཏོག་དབྱིབས་ནད་དུག་དེ་ནང་མི་དང་། གྲོགས་པོ། མི་གཞན་བཅས་ལ་བགོས་པའི་ཉེན་ཁ་ཆུང་དུ་གཏོང་ཆེད་ཡིན།

གལ་སྲིད་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་མིས་མོས་མཐུན་བྱུང་ནས་གནས་ཚུལ་མཉེན་ཆས་དེའི་ནང་ཡར་འཇུག་བྱས་ཡོད་ཚེ། མངའ་སྡེ་དང་ས་ཁུལ་གྱི་འཕྲོད་བསྟེན་འགན་འཛིན་མི་སྣ་ཁོ་ནས་མཉེན་ཆས་འདིའི་ནང་གི་གནས་ཚུལ་བལྟ་ཀློག་ཐུབ་ཀྱི་ཡོད་འདུག འཕྲོད་བསྟེན་འགན་འཛིན་མི་སྣ་ཁོ་ནས་མཉེན་ཆས་དེའི་ནང་གནས་ཚུལ་བེད་སྤྱོད་དང་། བརྟག་དཔྱད་དང་སྔོན་འགོག་རོགས་རམ་བྱེད་ཐུབ་ཀྱི་ཡོད།

 COVIDSafe གཉེན་ཆས་འདི་ཨོ་སི་ཊོ་ལི་ཡ་གཞུང་གིས་གསར་བཟོ་འགྲེམས་སྤེལ་བྱས་པ་ཞིག་དང་། གནས་ཚུལ་དེ་ལས་མང་བ་དྲ་ཚིགས་འདི་ནས་གཟིགས་རོགས།  COVIDSafe app Health Department website.

COVIDSafe ཞེས་པའི་གཉེན་ཆས་དེའི་ནང་ཁྱེད་ཀྱིས་མི་སྒེར་གྱི་གནས་ཚུལ་གང་ཞིག་མཁོ་སྤྲོད་བྱེད་དགོས་སམ།

མཉེན་ཆས་དེ་ཕབ་ལེན་གྲུབ་རྗེས། ཁྱེད་རང་གི་མིང་དང་། ཁ་པར་ཨང་གྲངས། དེ་བཞིན་ས་གནས་ཀྱི་སྦྲགས་ཨང་། དེ་རྗེས་ཁྱེད་རང་ལོ་ཚད་གང་གི་ཁོངས་སུ་གཏོགས་མིན་འདེམས་དགོས། མཉེན་ཆས་དེའི་ཐོག་ཁྱེད་རང་གི་ཐོ་འགོད་གྲུབ་རྗེས་ཁ་པར་ཐོག་ནང་འཇུག་ལེགས་གྲུབ་བྱུང་སོང་ཞེས་འཕྲིན་ཐུང་དང་ཨང་གྲངས་ཤིག་འབྱོར་ངེས་ཡིན།

COVIDSafe མཉེན་ཆས་དེ་ངོས་འཛིན་ཐུབ་པར་ Bluetooth སོ་སྔོན་ཡོ་ཆས་ཁ་འབྱེད་དགོས་པ་ཡིན། དེ་ནས་མཉེན་ཆས་དེས་སྤྱོད་མཁན་གཞན་དང་འབྲེལ་འདྲིས་བྱས་པའི་དུས་ཡུན་དང་། བར་ཐག ཟླ་དུས་ཚེས་གྲངས།  འབྲེལ་སྦྱོར་ཨང་གྲངས་བཅས་ངོས་འཛིན་བྱེད་ཀྱི་ཡོད། མཉེན་ཆས་དེས་སྤྱོད་མཁན་གྱི་སྡོད་གནས་མཁོ་སྒྲུབ་ཚོད་དཔག་བྱེད་ཀྱི་མེད།

ཨོ་སི་ཊོ་ལི་ཡ་གཞུང་གིས་ཁ་པར་ཐོག་ནང་འཇུག་བྱས་པའི་གནས་ཚུལ་རྣམས་ཉིན་གྲངས་ ༢༡ ནང་རེས་མོས་ཀྱི་གཙང་གསུབ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

མཉེན་ཆས་སྤྱོད་མཁན་བརྟག་དཔྱད་ནད་རྟགས་ཐོན་ཚེ་ག་རེ་ཆགས་ཀྱི་ཡོད་དམ།

མི་ཞིག་ཏོག་དབྱིབས་ནད་གཞི་བརྟག་དཔྱད་བྱས་པ་དང་། གལ་སྲིད་དོ་བདག་གིས་མོས་མཐུན་བྱུང་ཚེ་གནས་ཚུལ་རྣམས་མཉེན་ཆས་ནང་ཡར་འཇུག་བྱེད་ཀྱི་ཡོད་པ་དང་། དེ་རྗེས་མངའ་སྡེ་དང་ས་ཁུལ་སོ་སོའི་འཕྲོད་བསྟེན་ལས་བྱེད་པས།

  • མཉེན་ཆས་ཐོག་ལ་ཡོད་པའི་འབྲེལ་གཏུགས་ཨང་གྲངས་བརྒྱུད་རྗེས་འདེད་འབྲེལ་བ་དང་རོགས་རམ་བྱེད་དགོས།
  • མི་དེར་ཁ་པར་བཏང་ནས་ཁོང་དང་ཁོང་གི་ཕ་མ་དང་ལྟ་རྟོགས་བྱེད་མཁན་ཚོར་ན་ཚ་མངོན་ཡོད་པ་ཤེས་སུ་འཇུག་དགོས།
  • མཉེན་ཆས་དེ་ནས་གོམས་སྟབས་རྗེས་མ།
  • ག་རེའི་ཆེད་བལྟ་གི་ཡོད།
  • ག་དུས། གང་འདྲ། གང་དུ་བརྟག་དཔྱད་བྱས་པ།
  • ནད་རྟགས་མངོན་རྗེས་ཁྱེད་རང་གི་ནང་མི་དང་གྲོགས་པོ་སྲུང་སྐྱོབ་གང་འདྲ་བྱེད་དགོས།
  • འཕྲོད་བསྟེན་ལས་བྱེད་པས་ན་ཚ་འགོས་ཡོད་པའི་མིའི་མིང་སྟོན་གྱི་མེད།

གལ་སྲིད་ཁྱེད་རང་སྒེར་གྱི་གནས་ཚུལ་སྐོར་སེམས་འཁུར་ཡོད་ཚེ་གནས་ཚུལ་ཞིབ་ཕྲ་འདི་ནས་གཟིགས་རོགས།


1 min read

Published

Updated

By Sangyal Dorjee


Share this with family and friends


Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now