ཨོ་སི་ཊོ་ལི་ཡས་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ཕྱི་ཟླ་བདུན་པའི་ནང་འཛུལ་ཞུགས་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད་འདུག

ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱལ་ཁབ་གཞན་ནས་སློབ་ཕྲུག་དང་། གཞིས་སྤོ་བ། ཚོང་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་ཡོངས་སུ་བཀག་བསྡོམས་བྱས་ཡོད་ཀྱང་། ཕྱི་ཟླ་བདུན་པའི་ནང་རྒྱལ་སྤྱིའི་སློབ་ཕྲུག་ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་བྱེད་མཁན་རྣམས་འཛུལ་ཞུགས་ཐུབ་རྒྱུར་བསམ་བློ་གཏོང་གི་ཡོད་འདུག

International students in NSW

Source: SBS

ཉེ་ཆར་ཨོ་སི་ཊོ་ལི་ཡའི་སྲིད་བློན་སྐུ་ཞབས་སི་ཀོ་ཊི་མ་རེ་སོན་ Scott Morrison མཆོག་གིས་རྒྱལ་སྤྱི་སློབ་ཕྲུག་རྣམས་ཨོ་སི་ཊོ་ལི་ཡར་ཡོང་རྒྱུའི་འཆར་གཞི་དེ་ཨོ་སི་ཊོ་ལི་ཡ་གཞུང་གིས་ཉེ་ཆར་གསལ་བསྒྲགས་བྱས་པའི་ཏོག་དབྱིབས་ནད་དུག་གི་དམ་བསྒྲགས་རིམ་པ་གསུམ་པའི་རྗེས་ནས་ལག་བསྟར་ཐུབ་ཐབས་བྱ་རྒྱུ་དང་། དེ་ཡང་ཤེས་ཡོན་ལྟེ་གནས་ཁང་ཁག་དང་ལྷན་དུ་ལས་ཀ་བྱེད་ནས་གང་འདྲ་ཡོང་གི་འདུག་བལྟ་རྒྱུ་ཡིན། ལས་རིམ་མང་པོ་ཞིག་བརྒྱུད་ནས་འགྲོ་དགོས་པ་དང་། གོམ་པ་གཟབ་ནན་བྱེད་ནས་སྤོ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

ཨོ་སི་ཊོ་ལི་ཡ་ཤེས་ཡོན་ལྷན་ཁང་དང་། ལག་རྩལ་དང་ལས་མི་སྡེ་ཚན་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༩ ལོར་རྒྱལ་སྤྱིི་ནས་ཨོ་སི་ཊོ་ལི་ཡར་སློབ་སྦྱོང་ཐོ་འགོད་བྱེད་མཁན་སློ་ཕྲུག་གྲངས་ ༩༥༦༧༧༣ བྱུང་འདུག་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༡༢ པའི་གོང་དུ་ཨོ་སི་ཊོ་ལི་ཡའི་ནང་ཡོད་བཞིན་པའི་རྒྱལ་སྤྱིའི་སློབ་ཕྲུག་གྲངས་ ༧༥༨༡༥༤ ཆགས་འདུག

དེ་བཞིན་ཕྱི་ལོ་ ༢༠༢༠ ལོར་རྒྱལ་སྤྱིའི་སློབ་ཕྲུག་ཨོ་སི་ཊོ་ལི་ཡར་སློབ་སྦྱོང་ཆེད་འཛུལ་ཞུགས་ཐོ་འགོད་བྱེད་མཁན་སློབ་ཕྲུག་གྲངས་ ༦༢༥༢༡༩ བྱུང་ཡོད་འདུག་པ་དང་། འདི་ལོ་ཕྱི་ཟླ་ ༢ པའི་ནང་ཨོ་སི་ཊོ་ལི་ཡའི་ནང་ཡོད་བཞིན་པའི་རྒྱལ་སྤྱིའི་སློབ་ཕྲུག་གྲངས་ ༥༩༣༧༡༨ ཆགས་འདུག

རྒྱལ་སྤྱིའི་སློབ་ཕྲུག་ལས་ལོ་རེར་ཨོ་སི་ཊོ་ལི་ཡར་ཡོང་འབབ་ཨོ་སྒོར་ཐེར་འབུམ་ ༤༠ ཙམ་ཟིན་གྱི་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོའི་ལོ་སྟོད་དུ་ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་བྱེད་མཁན།
རྒྱ་ནག་ནས་སློབ་ཕྲུག་གྲངས་ ༡༧༠,༥༤༧
རྒྱ་གར་ནས་ ༦༤,༣༦༤
མ་ལེ་ཤི་ཡ་ནས་ ༢༥,༣༩༦
བལཡུལ་ནས་ ༢༣,༦༡༤
བྷེ་རྫལ་ནས་ ༢༣,༥༣༤
ཝི་ཏི་ནམ་ནས་ ༢༣,༢༧༠
ལྷོ་ཀོ་རི་ཡ་ནས་ ༢༢,༦༥༠
ཐའེ་ལན་ཌི་ནས་ ༢༢,༤༣༩ བཅས་བྱུང་འདུག


Share

Published

Updated


Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service