ཨོ་སི་ཊོ་ལི་ཡའི་གསར་འགོད་པ་གཉིས་ཛ་དྲག་ངང་རྒྱ་ནག་ནས་ཐོན་དགོས་བྱུང་འདུག

ཨོ་སི་ཊོ་ལི་ཡའི་ ABC གསར་ཁང་གི་གསར་འགོད་པ་བྷིལ་བྷར་ཊལ་ Bill Birtles ལགས་དང་། ཨོ་སི་ཊོ་ལི་ཡའི་དཔལ་འབྱོར་བསྐྱར་ཞིབ་གསར་ཁང་ (AFR) གི་གསར་འགོད་པ་མེལ་ཤལ་སི་མི་ཐི་ Michael Smith ལགས་གཉིས་རྒྱ་ནག་གཞུང་གི་སུན་བཙིར་བཟོས་པར་བརྟེན། ཁོང་གཉིས་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་པར་དོགས་ནས་གློ་བུར་རྒྱ་ནག་ནས་ཐོན་དགོས་བྱུང་ཡོད་འདུག

ABC journalist Bill Birtles and Australian Financial Review journalist Michael Smith.

ABC journalist Bill Birtles and Australian Financial Review journalist Michael Smith. Source: ABC/Twitter

ཕྱི་ཚེས་ ༨ ཉིན་གྱི་ཞོགས་པར་གསར་འགོད་པ་གཉིས་ཕྱིར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་དུ་འབྱོར་ཡོད་པ་དང་། གསར་འགོད་པ་སི་མི་ཐི་ Smith ལགས་ཀྱིས་འདས་པའི་ཉིན་གྲངས་ ༥ ཡི་རིང་དཀའ་ལས་ཁག་པོ་བྱུང་རྗེས། དེ་རིང་ཕྱིར་ནང་ལ་བདེ་འཇགས་ངང་ལོག་ཐུབ་པར་དགའ་པོ་བྱུང་ཞེས་ AFR གསར་ཁང་ལ་འགྲེལ་བརྗོད་གནང་འདུག

ཡང་ཁོང་གིས་ཁ་སང་དགོང་མོ་ངའི་ནང་ལ་ཉེན་རྟོག་པ་ཡོང་ནས་འཇིགས་སྐུལ་དང་། ད་ལྟའི་ཆར་རྒྱ་ནག་ནང་ཕྱི་རྒྱལ་གྱི་གསར་འགོད་པ་ཚང་མར་དགོས་མེད་ཀྱིས་དམིགས་བསལ་གནོན་ཤུགས་སྤྲོད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག དེ་བཞིན་གསར་འགོད་པ་བྷིལ་ཊལ་ནང་ལའང་ཉེན་རྟོག་པ་འབྱོར་ནས་དེ་མཚུངས་བསུན་གཙེར་བཟོས་ཡོད་འདུག

དེ་སྔོན་རེས་གཟའ་ཕུར་བུ་ཉིན་ཨོ་སི་ཊོ་ལི་ཡ་ཕྱི་སྲིད་ལས་དོན་ལྷན་ཁང་གིས་ ABC གསར་ཁང་གི་གསར་འགོད་པ་བྷིལ་བྷར་ཊལ་ Bill Birtles ལགས་རྒྱ་ནག་ནས་ཐོན་དགོས་སྐོར་ཉེན་བརྡ་བཏང་ཡང་།  དེ་ཉིན་མཚན་མོ་ཉེན་རྟོག་པ་བདུན་ཁོང་གི་སྡོད་གནས་སུ་འབྱོར་ནས། ཁོང་ལ་རྒྱ་ནག་ནས་ཐོན་རྒྱུ་བཀག་འགོག་བྱས་ཡོད་སྐོར་བརྗོད་ཡོད་འདུག

བྷི་བྷར་ཊལ་ལགས་ཀྱིས་རྒྱ་ནག་པེ་ཅིང་དུ་ཡོད་པའི་ཨོ་སི་ཊོ་ལི་ཡའི་གཞུང་ཚབ་ཁང་ལ་ཁ་པར་བཏང་ནས་བདུན་ཕྲག་རྗེས་མར་ཁོང་ལ་འདྲི་བརྩད་མ་བྱས་གོང་རྒྱ་ནག་ནས་ཐོན་ཆོག་པའི་ནང་འགྲིག་གནང་རོགས་ཞེས་རེ་སྐུལ་ཞུས་ཡོད་འདུག

དེར་བརྟེན་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་དང་གྲོས་མོལ་བྱས་ནས་ཁོང་གཉིས་ཀྱིས་འདྲི་བརྩད་མོས་མཐུན་བྱས་རྗེས། ཁོང་གཉིས་ཀ་རྒྱ་ནག་ནས་ཐོན་ཆོག་པའི་རེ་སྐུལ་བྱས་ཡོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་  Zhao Lijian ཡིས་གསར་འགོད་པར་རྒྱ་ནག་གཞུང་གིས་ཁ་ཐུག་ཁྲིམས་ལུགས་ལག་ལེན་བརྒྱུད་ནས་ཁོང་ཚོ་ལ་འདྲི་བརྩད་བྱས་ཡོད་པ་དང་། གལ་སྲིད་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་ཁྲིམས་ལ་བརྩི་སྲུང་དང་ཁྲིམས་དང་མཐུན་པའི་གནས་ཚུལ་འགོད་སྤེལ་བྱས་ཚེ་སེམས་ཁྲལ་བྱེད་དགོས་པ་མེད་སྐོར་འགྲེལ་བརྗོད་བྱས་འདུག

རྒྱ་ནག་དང་ཨོ་སི་ཊོ་ལི་ཡ་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ནས་ཕྱོགས་གཉིས་དབར་འགལ་བ་ཛ་དྲག་ཆགས་བཞིན་ཡོད་པ་དང་། དེ་བཞིན་ཉེ་ཆར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཨ་རིའི་གསར་འགོད་པ་རྣམས་ལ་གསར་འགོད་པའི་ལག་འཁྱེར་དུས་འགྱང་མ་བྱས་པའི་གནས་སྟངས་སོགས་ཆགས་ཡོད་པ་རེད།


Share

Published

Presented by Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service
ཨོ་སི་ཊོ་ལི་ཡའི་གསར་འགོད་པ་གཉིས་ཛ་དྲག་ངང་རྒྱ་ནག་ནས་ཐོན་དགོས་བྱུང་འདུག | SBS Tibetan