Feature

ཨོ་སི་ཊོ་ལི་ཡ་ནས་ཕྱི་ལོ་ ༢༠༢༡ བར་ཕྱི་ལོགས་ལ་འགྲུལ་བཞུད་ཐུབ་རྒྱུ་ཁག་པོ་ཡིན་སྐོར་གསུངས་འདུག

ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཕྱི་ལོ་ ༢༠༢༡ བར་ཨོ་སི་ཊོ་ལི་ཡ་ནས་རྒྱལ་ཁབ་དང་ལུང་པ་གཞན་ལ་རྒྱུན་ལྡན་གྱི་འགྲུལ་བཞུད་ཐུབ་རྒྱུ་ཁག་པོ་ཆགས་སྲིད་སྐོར་འགྲེལ་བརྗོད་གནང་འདུག

OCI card which is meant to be a lifelong visa, and an Australian passport

OCI card, which is meant to be a lifelong visa to travel to India, and an Australian passport Source: SBS

ཉེ་ཆར་ཨོ་སི་ཊོ་ལི་ཡའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སི་མོན་སྦིར་མིན་གྷམ་ Simon Birmingham  མཆོག་གིས། ཡེ་ཤུའི་འཁྲུངས་སྐར་དུས་ཆེན་དང་གུང་སེང་གཞན་སོགས་ཀྱི་ཆེད་མི་སེར་རྣམས་ཀྱིས་འགྲུལ་བཞུད་ཀྱི་པཱ་སི་སོགས་སྔོན་མངགས་གནང་རྒྱུ་མེད་པའི་འབོད་སྐུལ་དང་། ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཕྱི་ལོ་ ༢༠༢༡ བར་ཨོ་སི་ཊོ་ལི་ཡ་ནས་རྒྱལ་ཁབ་དང་ལུང་པ་གཞན་ལ་རྒྱུན་ལྡན་གྱི་འགྲུལ་བཞུད་ཐུབ་རྒྱུ་ཁག་པོ་ཆགས་སྲིད་སྐོར་འགྲེལ་བརྗོད་གནང་འདུག

ཡང་ཁོང་གིས་འགྲིམ་འགྲུལ་བཀག་བསྡོམས་དེ་ག་དུས་ཕྱིར་འཐེན་བྱ་རྒྱུ་ཡིན་མིན་ད་ལྟ་བཤད་ཐུབ་རྒྱུ་ཁག་པོ་ཡིན་ཞིང་། དེ་ནི་སྐབས་དེའི་འཕྲོད་བསྟེན་གྱི་གནས་སྟངས་ལ་བསྟུན་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ཏོག་དབྱིབས་ནད་དུག་དང་ཨོ་སི་ཊོ་ལི་གཞུང་གིས་ཕྱི་ལོགས་འགྲིམ་འགྲུལ་དམ་དྲག་དེས་ཁྱོན་མི་སེར་ ༡༦༠༠༠ ཙམ་གྱི་ཡུལ་སྐོར་སྤྲོ་འཆམ་དང་གུང་སེང་འཆར་གཞི་སོགས་ལ་འགོག་རྐྱེན་བཟོས་ཡོད་འདུག

ཨོ་སི་ཊོ་ལི་ཡ་ནས་ཕར་ཚུར་འགྲུལ་བཞུད་ལ་དམ་དྲག་ཡོད་ཀྱང་། ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་མི་སེར་ཚང་མ་དང་། གཏན་སྡོད་བྱེད་མཁན། ནང་མི་ཉེ་ཤོས། ལྟ་སྐྱོང་སྲུང་སྐྱོབ་བྱེད་མཁན་རྣམས་ལ་དམིགས་བསལ་ཆོག་མཆན་འོག་ཨོ་སི་ཊོ་ལི་ཡར་འཛུལ་ཞུགས་བྱེད་ཆོག་གི་ཡོད་པ་རེད།

གཞན་ཡང་ཨོ་སི་ཊོ་ལི་ཡ་ནང་སྲིད་ལྷན་ཁང་གིས་གལ་གནད་ཆེ་བའི་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དང་། འགྲོ་བ་མིའི་བདེ་རྩ་དང་བྱམས་བརྩེའི་གཞི་རྩ་ལྡན་པ་རྣམས་ལ་དམིགས་བསལ་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ཨོ་སི་ཊོ་ལི་ཡའི་ནང་ད་ལྟའི་ཆར་འགྲིལ་འགྲུལ་དམ་དྲག་དང་། སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་གཞི་དེ་ཚོས་རྐྱེན་པས་ཚོད་རྩིས་བྱས་ན་ཟླ་བ་རེ་ཁྱོན་ཨོ་སྒོར་ཐེར་འབུམ་ ༩ ཙམ་གྱོང་གུད་ཕོག་གི་ཡོད་འདུག


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service