ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁག་ཅིག་གི་ནང་དམ་བསྒྲགས་ལྷོད་དུ་བཏང་འདུག

ཏོག་དབྱིབས་ནད་དུག་སྔོན་འགོག་དམ་བསྒྲགས་དེ་བཞིན་ད་ཆ་ཅུང་ཇེ་ལྷོད་དུ་བཏང་ཡོད་སྟབས། ཨོ་སི་ཊོ་ལི་ཡའི་ནང་མི་མང་ས་ཡ་མང་པོ་བདུན་ཕྲག་འདི་ནས་བཟུང་རང་དབང་དང་གུ་ཡངས་ཐོབ་རྒྱུ་ཡིན། འོན་ཀྱང་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་གི་སྒྲིག་གཞི་མ་འདྲ་བ་ཡོད་པ་རེད།

People in Brisbane this week

People in Brisbane this week. Source: AAP

ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དམ་བསྒྲགས་ཁག་ཅིག་ལྷོད་དུ་བཏང་འདུག འདི་ནས་བདུན་ཕྲག་འདིའི་ནང་ཁྱེད་རང་སྡོད་སའི་མངའ་སྡེའི་ནང་ག་རེ་བྱེད་ཆོག་གི་ཡོད་མེད་གསལ་ཡོད། ཏོག་དབྱིབས་ནད་དུག་སྔོན་འགོག་དམ་བསྒྲགས་དེ་བཞིན་ད་ཆ་ཅུང་ཇེ་ལྷོད་དུ་བཏང་ཡོད་སྟབས། ཨོ་སི་ཊོ་ལི་ཡའི་ནང་མི་མང་ས་ཡ་མང་པོ་བདུན་ཕྲག་འདི་ནས་བཟུང་རང་དབང་དང་གུ་ཡངས་ཐོབ་རྒྱུ་ཡིན། འོན་ཀྱང་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་གི་སྒྲིག་གཞི་མ་འདྲ་བ་ཡོད་པ་རེད།

ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་ཨོ་སི་ཊོ་ལི་ཡའི་ནང་བདུན་ཕྲག་ཁ་ཤས་རིང་དམ་བསྒྲགས་ཆེན་པོ་བྱས་ཡོད་ཀྱང་། ཉེ་བའི་ཆར་མངའ་སྡེ་དང་ས་ཁུལ་འགའ་ཤས་ནང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པའི་གྲངས་འབོར་གཏུད་མ་མར་ཆགས་ཡོད་སྟབས། ནིའུ་སོ་ཐི་ཝལ་ NSW མངའ་སྡེ་ནི་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པའི་གྲངས་འབོར་ 6762 ལས་ཕྱེད་ཀ་ཙམ་ཟིན་ཡོད། འོན་ཀྱང་མངའ་སྡེ་དང་ས་ཁུལ་གཞན་ལྟར་བདུན་ཕྲག་འདིའི་འགོ་སྟོད་ནས་བཟུང་སྤྱི་ཚོགས་དམ་བསྒྲགས་ཐད་འགྱུར་བ་ཆེན་པོ་ཕྱིན་ཡོད་སྐོར་ནིའུ་སོ་ཐི་ཝལ་མངའ་སྡེའི་བློན་ཆེན་ལྕམ་ Gladys Berejiklian མཆོག་གིས་གསལ་བསྒྲགས་བྱས་འདུག

དེ་ཡང་བདུན་ཕྲག་འདིའི་རེས་གཟའ་པ་སངས་ནས་བཟུང་། (སྤྱི་ཚོགས་ཟུར་བཀག་ལྷོད་ཡངས་དང་སེམས་ཁམས་འཕྲོད་བསྟེན་ཆེད་) མི་རྒན་པ་ ༢ དང་དེ་དག་གི་ཕྲུ་གུ་རྣམས་ཁྱིམ་ཚང་གཞན་ལ་འགྲོ་ཆོག་གི་ཡོད་པ་དང་། ང་ཚོས་དགའ་ས་ཉེ་སར་ཐག་རིང་ཐུང་ག་ཚོད་བར་འགྲུལ་བཞུད་བྱེད་ཆོག་གི་ཡོད་མེད་ཚད་བཀག་བཟོས་མེད། འོན་ཀྱང་ང་ཚོས་མི་ཚང་མས་རང་འགན་རང་འཁུར་བྱེད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད། འདི་དགོངས་སེང་མ་རེད་ཅེས་ཁོ་མོས་འགྲེལ་བརྗོད་གནང་འདུག

འགོ་ཁྲིད་ཚོས་སྤྱི་ཚོགས་རྒྱང་བཀྱེད་མུ་མཐུད་དུ་བྱེད་གནས་དགོས་པ་དང་འགྲུལ་བཞུད་བྱེད་སྐབས་འཕྲོད་བསྟེན་ལ་དོ་སྣང་སྔར་ལྷག་བྱེད་དགོས་པའི་སྐུལ་འདེད་གནང་འདུག

ཐུག་འཕྲད་དུ་འགྲོ་སྐབས་ཁང་པའི་ཕྱི་རོལ་གྱི་ཁོར་ཡུག་དཔེར་ན་ནང་གི་ལྡུམ་རྭ་དང་། སྒོ་རྭ། ཡང་ན་གཡབ་དེ་བར་བསྡད་ན་ནད་དུག་འགོས་པའི་ཉེན་ཁ་ཆུང་བ་ཡོད་སྐོར་མངའ་སྡེའི་བློན་ཆེན་མཆོག་གིས་ལམ་སྟོན་གནང་འདུག

ད་དུང་སིཌ་ནི་གི་ས་ཆ་གྲགས་ཆེ་བ་བྷོན་རྡེ་ (Bondi) མཚོ་ཁ་དང་། བྷ་རོན་ཐི་ (Bronte) མཚོ་ཁ་སོགས་ཆུ་རྐྱལ་དང་རླབས་ཤུད་རྩེ་བ་ཁོ་ནའི་ཆེད་བསྐྱར་དུ་འགྲོ་བསྐྱོད་ཆོག་གི་ཡོད་འདུག

འོན་ཀྱང་མཚོ་འགྲམ་ས་ཐོག་ཏུ་འདུ་འཛོམས་དང་། ཉི་མ་འདེ་བ། གོམ་བགྲོད་དང་རྒྱུག་ཤར་གློད་པ་སོགས་ད་དུང་མུ་མཐུད་དམ་བསྒྲགས་བཀག་བསྡོམས་བྱ་རྒྱུ་ཡིན་པས་མ་ཚད། དེ་མིན་གྱི་ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་གི་དམ་བསྒྲགས་ཁག་མུ་མཐུད་གནས་ཡོད་འདུག

ནང་ཕན་ཚུན་བར་འགྲོ་བསྐྱོད་ཕུད་པའི་གཞན་མི་མང་རྣམས་ཀྱི་ད་དུང་རྒྱུ་མཚན་ངེས་ཅན་ཡོད་ན་མ་གཏོགས་ཕྱི་ལ་འགྲོ་བསྐྱོད་བྱ་རྒྱུ་མེད་ཀྱང་། ཟས་རིགས་དང་། ཞབས་ཞུ། ལས་ཀ་སློབ་སྦྱོང་ཆེད་འགྲོ་བསྐྱོད། སྨན་བཅོས་དང་ལྟ་སྐྱོང་། ལུས་རྩལ་སོགས་ནང་ནས་སྒྲུབ་མི་ཐུབ་པའི་དོན་དག་ཁག་དམིགས་བསལ་ཡོད་འདུག

ཁུན་སི་ལན་ཌི།

ཁུན་སི་ལན་ཌི་མངའ་སྡེའི་ནང་སྤྱི་ཚོགས་དམ་བསྒྲགས་ཁག་ཡོངས་སུ་འགྱུར་བ་ཕྱིན་ནས། བདུན་ཕྲག་འདིའི་གཟའ་འཇུག་ནས་བཟུང་མི་མང་རྣམས་ཀྱིས་སྤྲོ་སྐྱིད་གཏོང་བ་དང་། ཛ་དྲག་གི་དོན་དག་ཡོད་མེད་ལ་བལྟོས་པའི་མོ་ཊ་གཏོང་ནས་འགྲོ་བ་དང་། སྦག་སྦག་གཏོང་བ། གྲུ་གཟེངས་དང་སྦག་གྲུ་གཏོང་ནས་རྩེད་འཆམ་བྱེད་པ། སྤྱི་གླིང་ལ་འགྲོ་བསྐྱོད་དང་དགོས་གལ་ཆེན་པོ་ཡོད་མེད་ལ་བལྟོས་པའི་ཚོང་ཁང་ལ་འགྲོ་ནས་ཉོ་ཆ་རྒྱག་པ་སོགས་བྱེད་ཆོག་གི་ཡོད་འདུག

འོན་ཀྱང་མི་རྣམས་ནང་ནས་ལེ་དབར་ ༥༠ ལས་བརྒལ་ནས་འགྲོ་བསྐྱོད་མི་ཆོག་ཅིང་། གོང་གསལ་བྱེད་སྒོ་དེ་དག་ཁྱིམ་ཚང་གཅིག་གི་ནང་མཉམ་སྡོད་བྱས་ཡོད་པའི་མི་ཁོ་ནས་སྒྲུབ་ཆོག་གི་ཡོད་པ་དང་། གལ་སྲིད་ཁྱེད་རང་ཁེར་རྐྱང་ཡིན་ཚེ་སྤྱི་ཚོགས་ནང་མི་གཞན་གཅིག་དང་མཉམ་དུ་གོང་གསལ་བྱེད་སྒོ་དེ་དག་གཉེར་ཆོག་གི་ཡོད་འདུག

ཨོ་གླིང་བྱང་ཁུལ།

ཨ་གླིང་བྱང་ཁུལ་མངའ་སྡེའི་ནང་རེས་གཟའ་པ་སངས་ནས་བཟུང་རྩེད་ཐང་དང་། མི་མང་གི་ཆུ་རྐྱལ་རྒྱག་ས། རྒྱལ་ཡོངས་སྤྱི་གླིང་ཁག་ཅིག་བསྐྱར་དུ་སྒོ་ཕྱེས་ཡོད་པ་དང་། དེ་བཞིན་གྲོགས་པོ་དང་མཉམ་དུ་ཉ་འཛིན་པ་དང་དབྱུག་རྩེད་སྤོ་ལོ་རྩེ་བར་སོགས་འགྲོ་ཆོག་གི་ཡོད་འདུག

གཞན་ཡང་ལུས་སྦྱོང་བྱེད་ས་དང་། འཚིག་ཇ་ཁང་། ཟ་ཁང་དང་ཨར་ཁང་ཁག་ཅིག་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་ནས་དུས་ཡུན་ཆུ་ཚོད་ ༢ རིང་ཚད་བཀག་འོག་བསྐྱར་དུ་སྒོ་ཕྱེ་འཆར་ཡོད་འདུག ཕྱི་ཟླ་ ༦ པའི་ཚེས་ ༥ ནས་བཟུང་ཚོང་ལས་ཁག་ཚང་མ་བསྐྱར་དུ་སྒོ་ཕྱེ་རྒྱུ་དང་། བྱེད་སྒོ་ཁག་ཚང་མར་འཛུལ་ཞུགས་བྱེད་ཆོག་གི་ཡོད་འདུག

འོན་ཀྱང་མི་ཕན་ཚུན་དབར་བར་ཐག་རྨིད་ ༡།༥ ཙམ་བསྡད་དགོས་པའི་སྤྱི་ཚོགས་རྒྱང་བཀྱེད་སྒྲིག་གཞི་དེ་བཞིན་མུ་མཐུད་གནས་དགོས་ཀྱི་ཡོད་འདུག

ཨོ་སོ་ཊོ་ལི་ཡའི་ནུབ་ཕྱོགས། 

རེས་གཟའ་ཟླ་བ་ནས་ལུས་རྩལ་དང་། གཉེན་སྟོན། དུར་མཆོད་སོགས་ཀྱི་ཆེད་མི་གྲངས་  ༡༠ འདུ་འཛོམས་བྱེད་ཆོག་གི་ཡོད་པ་དང་། དེ་བཞིན་གླིང་ཁའི་ནང་སྤྲོ་སྐྱིད་གཏོང་བ་དང་། ཉ་འཛིན་པ། གྲུ་གཏོང་བ་སོགས་བྱེད་ཆོག་གི་ཡོད་ཀྱང་འགྲིམ་འགྲུལ་དམ་བསྒྲགས་མུ་མཐུད་གནས་ཡོད་འདུག

ཝི་ཊོ་རི་ཡ། 

ཝི་ཊོ་རི་ཡ་མངའ་སྡེའི་སྲིད་བློན་ཨན་ཌི་རོ་སི་ (Daniel Andrews) མཆོག་གིས་མངའ་སྡེའི་ནང་ད་བར་འགྱུར་བ་གང་ཡང་ཕྱིན་མེད་པ་དང་། ཕྱི་ཟླ་ ༥ ཚེས་ ༡༡ ཉིན་ནས་དམ་བསྒྲགས་ཁག་ཅིག་འགྱུར་བ་འགྲོ་སྲིད་སྐོར་འགྲེལ་བརྗོད་གནང་འདུག

ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་དང་། ཏྭ་སི་མ་ནི་ཡ། རྒྱལ་ས་མངའ་ཁུ་ད་ལྟ་འགྱུར་བ་སྐོར་གསལ་བསྒྲགས་གང་ཡང་བྱས་མེད་པ་རེད།


Share

Published

Updated

By Nick Baker
Presented by Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service