ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གིས་གནས་སྤོས་བཀག་འགོག་དང་དེས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་ཁྲལ།

ཏོག་དབྱིབས་ནད་དུག་གིས་ཨོ་སི་ཊོ་ལི་ཡའི་ཡུལ་མིར་གནས་སྤོ་བཀག་འགོག་བྱས་པ་དེས་ཆེད་མཁས་པ་ཚོས་ཨོ་སི་ཊོ་ལི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་དེ་ནད་ཡམས་ཆེན་པོ་འདི་ཁྲོད་ནས་སླར་གསོ་ཐུབ་མིན་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

A general view of Bourke Street Mall at the Elizabeth Street end in Melbourne

A general view of Bourke Street Mall at the Elizabeth Street end in Melbourne Source: AAP

ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཡུལ་སྐོར་སྤྲོ་འཆམ་བཀག་འགོག་དང་སྒོ་རྒྱག་དགོས་བྱུང་བས་སྔོན་དཔག་བྱས་ན་འདི་ལོའི་ཨོ་སི་ཊོ་ལི་ཡའི་གནས་སྤོས་ཡུལ་མིའི་མི་གྲངས་ཆེས་ཆེར་ཆག་རྒྱུ་ཡིན་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་ནད་ཡམས་དེའི་ཁྲོད་ནས་སླར་གསོ་ཐུབ་པའི་དུས་ཚོད་འགོར་འགྱང་འགྲོ་སྲིད།

ཨོ་སི་ཊོ་ལི་ཡའི་ཡུལ་མི་གནས་སྤོ་འཆར་གཞི་དེས་ཉེ་བའི་ལོ་སུམ་ཅུའི་ནང་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་ཡོད།  འཛམ་གླིང་ས་གནས་ཁག་གི་མཐའ་མཚམས་སྒོ་རྒྱབ་པའི་རྐྱེན་གྱིས་ལོ་འཁོར་འདིར་ཨོ་སི་ཊོ་ལི་ཡར་གཞིས་ཆགས་པའི་གནས་སྤོས་ཡུལ་མིའི་བསྡོམས་འབོར(གནས་སྐབས་དང་ཡུན་རིང་གི་གནས་སྤོས་ཡུལ་མི་ཚུད་པ)དུས་ཡུན་རིང་པོའི་ནང་གི་གྲངས་འབོར་ཧ་ཅང་དམའ་པོ་ཆགས་ཡོད་འདུག

 ཨོ་སི་ཊོ་ལི་ཡ་གཞུང་གིས་འགྲེལ་བརྗོད་བྱས་པ་ལྟར་ན། འདི་ལོའི་ལོ་སྟོད་ནས་བཟུང་གནས་སྐབས་ཐོངས་མཆན་ཡོད་མཁན་མི་གྲངས་ཁྲི་ ༣༠ ཙམ་ཨོ་སི་ཊོ་ལི་ཡ་ནས་ཕྱིར་ལོག་བྱས་པར་གཞིགས་ན། འདི་ལོའི་ལོ་མཇུག་ཏུ་སླེབས་སྐབས་ཨོ་སི་ཊོ་ལི་ཡའི་གནས་སྤོ་བ་མི་ཁྲི་ ༢༤ ཙམ་ཉུད་དུ་འགྲོ་རྒྱུ་ཡིན་འདུག

ཏོག་དབྱིབས་ནད་ཡམས་ཞི་འཇམ་དུ་ཕྱིན་ཚེས། ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་དང་དཔལ་འབྱོར་སླར་གསོ་དེ་གཞིས་སྤོ་བར་ཤུགས་ཆེ་བརྟེན་དགོས་ཀྱི་ཡོད་པ་དང་། ང་ཚོའི་གོམས་སྟབས་རྗེ་མར་མ་འོངས་པར་གཞིས་སྤོ་ཡུན་གནས་ཐུབ་པར་འབད་བརྩོན་བྱེད་དགོས་ཞེས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་མི་འབོར་རིག་པ་བ་སློབ་དཔོན་ལི་ཛི་ཨ་ལན་ (Liz Allen) མཆོག་གིས་ SBS གསར་ཁང་ལ་འགྲེལ་བརྗོད་གནང་འདུག  

 “ང་ཚོའི་མི་འབོར་ཆེན་པོ་རྒས་ཁོག་ཅན་དུ་འགྱུར་བཞིན་ཡོད། ལས་འཁྱུར་ངལ་གསོའི་མི་གྲངས་ནི་ངལ་རྩོལ་ནུས་ཤུགས་ཁྲོམ་རར་ཞུགས་མཁན་ལས་མང་བ་ཡོད” འདིས་ང་ཚོའི་ཁྲལ་བསྡུའི་རྨང་གཞི་འཇལ་མཁན་ཇེ་ཉུང་དུ་སོང་བ་མཚོན། ཁྲལ་བསྡུའི་རྨང་གཞི་ནི། ང་ཚོའི་ཞབས་ཞུ་གལ་ཆེན་ཁག་སྟེ། ང་ཚོའི་ལམ་ཁ་དང་། ང་ཚོའི་རྨང་གཞིའི་སྒྲིག་བཀོད། ང་ཚོའི་སྨན་ཁང་། ང་ཚོའི་སློབ་གྲྭ་སོགས་ཡོད་ཚད་ཆགས་ཡོད། ང་ཚོའི་གནས་སྤོས་ཡུལ་མི་བསྡུ་ལེན་བྱས་ཚེ་སྟོང་ཆ་གསབ་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་འདུག  

ཨོ་སི་ཊོ་ལི་ཡའི་ ༢༠༡༩ ལོ་ནས་ ༢༠ ལོའི་བར་གྱི་གཏན་སྡོད་གནས་སྤོས་ཡུལ་མིའི་འཆར་གཞིའི་ཚད་གཞི་དེ་“སྔོན་དཔག་ལས་དམའ་བ”དང་ད་ཆ་ཨོ་སི་ཊོ་ལི་ཡ་གཞུང་གིས་གཏན་འཁེལ་བྱས་པའི་མི་གྲངས་ཁྲི་ ༡༦ གི་ཚད་གཞི་ལས་ཧ་ཅང་ཉུང་བ་ཆགས་ཡོད་འདུག


Share

Published

By Evan Young
Presented by Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service