སྤྱི་བཏང་མི་མངོན་པའི་ནད་རྟགས་དང་ང་ཚོས་སེམས་ཁྲལ་བྱེད་དགོས་པ་གང་ཡོད་དམ།

ཉམས་ཞིབ་པ་གསར་པ་གཉིས་ཀྱིས་ཏོག་དབྱིབས་ནད་པ་ཁག་ཅིག་ལ་སྐབས་ཐོག་ནད་རྟགས་རྩ་བ་ནས་ཐོན་གྱི་མེད་པ་གསར་དུ་ཤེས་རྟོགས་བྱུང་ཡོད། དེར་བརྟེན་ང་ཚོ་ཚང་མར་ནད་རྟགས་ཡོད་མེད་ཇི་ལྟར་ཡང་བརྟག་དཔྱད་བྱེད་དགོས་སམ།

Victoria records seven new coronavirus cases and two deaths

Source: Getty Images

ད་ལྟའི་ཆར་ང་ཚོ་ཚང་མས་ཏོག་དབྱིབས་ནད་དུག་གིས་ནད་རྟགས་ནི་ཚ་བ་མཐོ་པོ་འཕར་བ་དང་། གློ་སྐམ་པོ་རྒྱག་པ། དབུགས་གཏོང་ལེན་དཀའ་བའམ་ཐང་ཆད་པའི་ནད་རྟགས་ཕྱིར་མངོན་གྱི་ཡོད་པ་བཤད་ཀྱི་ཡོད།

དེ་སྔོན་ཨོ་སི་ཊོ་ལི་ཡ་ནང་དང་དེ་བཞིན་རྒྱ་ནག་དང་། ཉི་ཧོང་། ཨེ་སི་ལན་ཌི་སོགས་ཀྱི་རྒྱལ་ཁབ་མང་པོའི་ཞིབ་འཇུག་པ་འདྲ་མིན་གྱིས་ཏོག་དབྱིབས་ནད་དུག་གི་ནད་རྟགས་ཕྱིར་མངོན་གྱི་ཡོད་པ་འགྲེལ་བརྗོད་བྱས་ཡོད།

ཨ་རིའི་སྨན་རྫས་མཐུན་ཚོགས་ཀྱི་ཆེད་དེབ་ JAMA ཡོངས་ཁྱབ་དྲ་གནས་ཐོག རྒྱ་ནག་ནས་ཉམ་ཞིབ་པ་ཚོས་ནད་པ་ ༧༨ ནས་བརྒྱ་ཆ་ ༤༢ དང་ཚེག་ ༣ ལ་ནད་རྟགས་གང་ཡང་ཐོན་མེད་པ་འགྲེལ་བརྗོད་བྱས་འདུག

 ཨོ་སི་ཊོ་ལི་ཡའི་ཞིབ་འཇུག་པ་མ་འདྲ་བ་ཚོས་གནས་ཚུལ་སྤེལ་གསལ་ལྟར་ན། Greg Mortimer ཞེས་པའི་སྤྲོ་འཆམ་གྲུ་གཟེངས་ནས་ཐོན་མི་གྲངས་ ༢༡༧ ནང་མི་གྲངས་ ༡༠ ནས་མི་གྲངས་ ༨ ལ་ཏོག་དབྱིབས་ནད་ཡོད་པ་ཤེས་རྟོགས་བྱུང་ཡང་། དེ་དག་ལ་ཏོག་དབྱིབས་ཀྱི་ནད་རྟགས་མངོན་མེད་པ་རེད། 

ཅི་ཞིག་ལ་ནད་རྟགས་སྔོན་དང་ནད་རྟགས་མེད་པའི་འགོས་ནད་ཟེར།  

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་དེ་གཉིས་བར་གྱི་ཁྱད་པར་བཀོད་པ་རེད།   ནད་རྟགས་ཀྱི་དུས་འགོར།  ནད་རྟགས་མངོན་རྗེས་ནད་དུག་གི་ནད་རྟགས་མ་ཐོན་གོང་གི་དུས་དེར་ཟེར།   འོན་ཀྱང་ནད་རྟགས་མེད་ནའང་མི་མངོན་པར་ཁྱབ་པ་ཞིག་མིན།   ཟིན་ཐོ་ཡོད་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན།  མི་རྣམས་ཀྱིས་ནད་རྟགས་གང་ཞིག་མ་བྱུང་གོང་གི་ཉིན་གཅིག་ནས་གསུམ་གྱི་སྔོན་ལ་བརྟག་དཔྱད་བྱས་པར་ཟེར།   ནད་རྟགས་མེད་པའི་འགོ་ཁྱབ་བྱེད་པ།  ནད་རྟགས་མེད་པའི་འགོ་ཁྱབ་ནི་ནད་དུག་དེ་ཏོག་དབྱིབས་ནད་རྟགས་མེད་པའི་མིའི་ལུས་སྟེང་ནས་མཆེད་པར་ཟེར།  

འོ་ན་རིགས་གཅིག་མཁས་པ་རྣམས་ཀྱིས་ཉེ་ཆར་གྱི་ཞིབ་འཇུག་ལ་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་དམ།  

ཁོ་པི་ཞིབ་འཇུག་ཁང་སྐྱེ་དངོས་བདེ་འཇགས་རྣམ་གྲངས་ཀྱི་འགན་འཁུར་བ་དགེ་རྒན་ཆེ་མོ་བ་ Raina ཡིས་ “དཔང་རྟགས་མང་པོ་ཞིག་ཡོད་པ་ལས་ཏོག་དབྱིབས་ནད་རྟགས་མེད་པ་དང་ནད་རྟགས་གོང་གི་རེད་པ་ཧ་ཅང་རྒྱུན་མཐོང་ཡིན་པ་གསལ་བཤད་ཐུབ་ཀྱི་ཡོད”ཅེས་བཤད་པ་རེད།   ཁོང་གིས་ཞིབ་འཇུག་དེ་དག་རྒན་རྒོན་ལ་ནད་གཡོག་བྱེད་པ་དང་ནད་གཞི་གཞན་དག་གློ་བུར་དུ་ལངས་སྐབས་ནད་གཞི་དེ་དག་ལ “༥༠% འམ་ཡང་ན་དེ་ལས་མང་བའི་བརྟག་དཔྱད་བྱས་སྐབས་ནད་པར་ནད་རྟགས་གང་ཡང་མེད་པ་ཤེས་རྟོགས་ཐུབ་ཡོད”ཅེས་བཤད་པ་རེད། 

ཕྱི་ཟླ་ ༥ པའི་ཟླ་འགོར།  མོར་པེན་གྲོང་ཁྱེར་ཉེ་འཁོར་གྱི་པ་ཁེ་སི་འདམ་རྫབ་ནང་གི་ Grant Lodge རྒན་རྒོན་ནད་སྐྱོང་ཁང་དུ་ནད་རྟགས་མེད་པའི་ལས་མི་ཞིག་ལ་བརྟག་དཔྱད་བྱས་པ་དེ་ལས་ཤེས་རྟོགས་ཐུབ།   “ང་ཚོས་གནད་དོན་འདི་ཡང་བསྐྱར་རྩོད་གླེང་བྱེད་མི་རུང་”ཅེས་དགེ་རྒན་ཆེ་མོ་བ་ MacInyrte ཡིས“གནས་ཚུལ་ཐོན་སྐབས་ཉེན་ཁ་ཆེ་བའི་ཁྱིམ་ཚང་འབྲེལ་གཏུག་བྱེད་མཁན་དང་བཀག་སྡོམ་གྱི་ཁོར་ཡུག་ཐོན་མཁན་གང་ཡིན་རུང་ཚང་མར་བརྟག་དཔྱད་བྱེད་དགོས།  ནད་གཞི་གང་འདྲ་ཞིག་ཡིན་རུང་ནད་གཞི་ལུས་སྲིད།  མི་རྣམས་ལ་ཉིན་ ༡༠-༡༤ ཡི་ནང་གཞི་ནས་འགོག་གཟུགས་ཐོན་གྱི་ཡོད།  དེར་བརྟེན་འགོག་གཟུགས་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ཛ་དྲག་རང་བཞིན་གྱི་ཐོལ་བྱུང་ཁྲོད་དུ་བེད་སྤྱོད་དེ་ཙམ་ཆེན་པོ་མེད”ཅེས་བཤད་པ་རེད།  

ཆེད་ལས་པ་ལ་ལས་ནད་རྟགས་མེད་པའི་ཏོག་དབྱིབས་ནད་ཀྱི་ངོ་བོ་ནི་དེ་འདྲའི་གཏན་འཁེལ་ཞིག་མིན་ཟེར།

ཨོ་སི་ཊོ་ལི་ཡའི་རྒྱལ་བཙུགས་སློབ་ཆེན་གྱི་འགོ་ནད་རིགས་གཅིག་མཁས་ཅན་ Sanjya Senanayake ཡིས་རྒྱ་ནག་གི་ཞིབ་འཇུག་གི་རྣམ་གྲངས་ཤིག་བཏོན་ཡོད།  ཞིབ་འཇུག་དེའི་ནང་རྩོམ་པ་པོས་ནད་རྟགས་མེད་པའི་ནད་པ་རང་ཉིད་ཀྱིས་སོ་སོར་ལོགས་སུ་འཇོག་མི་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།  གང་ལགས་ཤེ་ན།  ཁོང་ཚོར་ནད་རྟགས་མེད་པའི་རྐྱེན་གྱིས་རེད།   “ཞིབ་འཇུག་མི་སྣ”ལ་མུ་མཐུད་རང་བཞིན་གྱི་ནད་བྱུང་ཡོད་མེད་ལ་ཞིབ་འཇུག་མ་བྱས།  ” ཁོས་རང་ཉིད་ལོགས་སུ་བཞག་མེད་ཟེར།   

འདི་ལོའི་ཟླ་གཉིས་པར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་རྒྱ་ནགའི་མཉམ་འབྲེལ་ལས་འགན་སྙན་ཞུའི་ནང་ནད་རྟགས་མེད་པའི་ནད་པ་མང་ཆེ་བར་ཞིབ་དཔྱད་བྱེད་རིང་མཐར་ནད་རྟགས་ཐོན་ཡོད་པ་རེད།   Senanayakeདགེ་རྒན་ཆེན་མོས་ཞིབ་འཇུག་ཁྲོད་ཀྱི་ནད་པ་འདི་དག་ལ་མུ་མཐུད་དུ་ནད་གཞི་ཕོག་མིན་མི་ཤེས། ཁོ་ཚོར་མངོན་གསལ་གྱི་མི་བདེ་བའི་ཚོར་བ་མེད་མོད།  འོན་ཀྱང་ཁོ་ཚོས་སྔར་བཞིན་བརྒྱ་ཆ་ ༡༠༠ ཡི་བདེ་ཐང་ཚོར་མི་ཐུབ།  དཔེར་ན་ཁོ་ཚོས་ངལ་གསོ་བའི་སྐབས་སུ་ཧ་ཅང་བཟང་།  འོན་ཀྱང་ཚོར་བ་མི་གསལ་བ་སོགས་ལྟ་བུ་རེད།   “ཁོང་གིས་བེད་སྤྱོད་བྱས་པ”ཞེས་པའི་ཞིབ་འཇུག་ཁྲོད་ཐོན་པའི་བསྡུར་ཚད་མི་འདྲ་བའི་ནད་རྟགས་མེད་པའི་ནད་དཔེ“ནད་རྟགས་མེད་པའི་ཕོ་བའི་ནད་དཔེ”ལས་ནད་རྟགས་མེད་པའི་ཕོ་བའི་ངོ་བོ་ཤེས་རྟོགས་བྱེད་པའི་ཚད་བཀག་རང་བཞིན་གྱི་ནད་དཔེ-༡༩ གསལ་བཤད་བྱས་ཡོད།  

འཁྱག་རོང་གླིང་ནས་མི་ ༥༠% ལ་ནད་རྟགས་མེད་པའི་གནས་ཚུལ་འོག་བརྟག་དཔྱད་བྱས་ན་གདགས་གཤིས་ཡིན་པ་དང་རི་པིན་ལ་ ༣༠.༨% ཡོད་པ་ཤེས་རྟོགས་བྱུང་བ་དང་།  གཞན་ཡང་རྒྱ་ནག་དང་མི་འདྲ་བའི་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བའི་བསྡུར་གྲངས་དེ་ ༨༠% ཟིན་ཡོད”ཅེས་བཤད་པ་རེད།   གང་ཞིག་ཡང་དག་པ་ཡིན་པ་ཤེས་དཀའ།   “ང་ཚོསཏོག་དབྱིབས་ནད་རྟགས་མེད་པའི་ནད་དཔེ་ཤེས་རྟོགས་བྱེད་པའི་བསྡུར་ཚད་དང་ཐག་ཇེ་ཉེར་འགྲོ་བཞིན་ཡོད་མོད།  འོན་ཀྱང་ང་ཚོས་དེ་དག་གིས་ནད་དཔེ་མུ་མཐུད་དུ་ཁྱབ་སྤེལ་བྱེད་པར་ཤུགས་རྐྱེན་ཐེབས་ཚད་ཏེ།  དེ་དག་ནི་མཐུད་འབྱུང་རང་བཞིན་གྱི་ནད་དཔེ་འབོར་ཆེན་ཞིག་འབྱུང་ངམ་ཡང་ན་བསྡུར་ཚད་ཆུང་ཆུང་ཞིག་ལས་མི་འབྱུང་ངམ།  

བཤད་སྟངས་གཞན་ཞིག་ནས་འགྲུལ་པ་ཚང་མའི་ནང་ནད་རྟགས་མེད་པའི་ནད་པ་བཞི་རེ་ཡོད་རེད་ཟེར།

དགེ་རྒན་ཆེན་མོ་དབྱི་ཝོ་མུའུ་ལེ་ནི་ Walter and Eliza Hall Institute ་གསོ་རིག་ཞིབ་འཇུག་ཁང་གི་མཆེད་ནད་རིག་པ་བ་རེད། ཁོང་གིས་རྒྱུན་མཐོང་གི་ནད་རྟགས་མེད་པའི་འགོས་ནད་ཇི་ལྟར་མཆེད་མིན་ཤེས་རྟོགས་བྱ་རྒྱུ་དེ་ཏོག་དབྱིབས་ནད་དུག་དེ་རིགས་ལ་རྒྱུས་མངའ་གསལ་པོ་ཡོད་པའི་མིའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་མ་ཟད།  “ད་དུང་ང་ཚོསཏོག་དབྱིབས་རྟགས་ཅན་དེ་འབྱུང་འགྱུར་ཟླ་བ་ཁ་ཤས་ནང་འཕེལ་རྒྱས་འགྲོ་སྲིད་པའི་སྔོན་དཔག་ལ་ཤུགས་རྐྱེན་ཐེབས་སྲིད”ཅེས་བཤད་པ་རེད།  “དེ་བཞིན་ཐེ་ཇུས་བྱ་ཐབས་གང་ཞིག་ནི་ནད་པ་གཉིས་པ་དང་འཆི་རྒྱུ་སྔོན་འགོག་བྱེད་པའི་ཐད་གལ་ཆེ་ཤོས་རེད”ཅེས་བཤད་པ་རེད།   

ཨོ་སི་ཊོ་ལི་ཡའི་འགྲུལ་པ་ ༩༦ བླུགས་པའི་ཀེ་ལེ་ཀེ་མོ་ཏི་མོ་རྟགས་ཅན་གྱི་ཡུལ་སྐོར་གྲུ་གཟིངས་ལ་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར།  གྲུ་གཟིངས་ཐོག་གི་མི་༢༠༡ གི་ཁྲོད་དུ་མི་ ༡༢༨ ཀྱི་ Comd-༡༩ ཞིབ་དཔྱད་ཚད་ལེན་བྱས་པར་གྲུབ་དོན་ཡིན་པ་རེད།   ནད་དུག་འགོས་པའི་མིའི་ཁྲོད།  མི་ ༡༠༤ ལ་ནད་རྟགས་ཅི་ཡང་མེད་ཅིང་།  ཞིབ་འཇུག་བྱས་པ་ལྟར་ནད་པའི་བརྒྱ་ཆ་ ༨༡% ཟིན།   དགེ་རྒན་ཆེན་མོ་མུའུ་ལེས་ “ཚིག་གཞན་ཞིག་ནས་བཤད་ན།  ནད་པ་རེ་རེའི་ཁྲོད་དུ་ནད་རྟགས་མེད་པའི་ནད་པ་བཞི་ཡོད།  

གལ་ཏེ་ས་ཆ་གཞན་དུ་ཡང་གཅིག་མཚུངས་ཀྱི་རྣམ་པ་བསྐྱར་ཟློས་བྱས་ན།  ནད་རྟགས་ཡོད་པའི་རྒྱལ་ཁབ་ཁོ་ནར་བརྟག་དཔྱད་བྱས་ན།  དངོས་གནས་ཀྱི་འགོས་ནད་ཀྱི་དཀའ་ངལ་དེ་ད་ལྟའི་ཆར་སྙན་ཞུ་ལས་ལྡབ་ལྔ་ཡིས་མཐོ་བ་རེད།  ” དགེ་རྒན་ཆེ་མོ་བ་མུའུ་ལེས“ལོ་ནའི་ནད་རྟགས་མེད་པའི་འཁྱེར་མཁན་གྱི་འགོ་ནད་ངོ་མ་དེ་ད་ལྟ་ངེས་པར་འཕྲལ་དུ་བསྒྲུབ་དགོས་པའི་ལས་ཀ་ཞིག་རེད་”ཅེས་བཤད་ཡོད་པ་རེད། 


ཨོ་སི་ཊོ་ལི་ཡའི་ནང་མི་ཚང་མ་མི་གཞན་དང་བར་ཐག་རྨིད་ ༡་༥ བཞག་དགོས། དེ་བཞིན་ཁྱེད་རང་སྡོད་སའི་མངའ་སྡེའི་ནང་གི་དམ་བསྒྲགས་དང་འདུ་འཛོམས་ཚད་གཞིར་དོ་སྣང་བྱེད་དགོས། དེ་བཞིན་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ས་དེང་སང་ཨོ་སི་ཊོ་ལི་ཡའི་ས་གནས་གང་སར་མཐུན་རྐྱེན་ཡོད། 

གལ་སྲིད་ཁྱེད་རང་ཆམ་པ་དང་རིམས་ཆམ་གྱི་ནད་རྟགས་ཐོན་ཚེ། ཁྱེད་རང་གི་སྨན་པ་དང་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་གནས་ཚུལ་ཛ་དྲག་འབྲེལ་གཏུགས་བྱེད་ས་ཁ་པར་ཨང་གྲངས་ 1800 020 080 ཡིན།

ཨོ་སི་ཊོ་ལི་ཡའི་གཞུང་གི་གསར་བཟོ་བྱས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གཉེན་ཆས་དེ་བཞིན་ཁྱེད་རང་གི་ཁ་པར་ནང་ཕབ་ལེན་བྱེད་ཆོག

SBS གསར་ཁང་གིས་ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་གསར་ཤོས་དུས་ནས་དུས་སུ་མཁོ་སྤྲོད་དང་། གསར་གནས་ཁག་སྐད་ཡིག་ ༦༣ ནང་འདོན་སྤེལ་བྱེད་བཞིན་ཡོད། ཏོག་དབྱིབས་ནད་དུག་སྐོར་ཞིབ་ཕྲ་གནས་ཚུལ་ SBS བོད་སྐད་སྡེ་ཚན་གྱི་དྲ་ཚིགས་ https://www.sbs.com.au/language/tibetan/coronavirus-updates ཐོག་གཟིགས་རོགས།


Share

Published

Updated

By Ahmed Yussuf
Presented by Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service