ན་ཚ་གཞན་ཁག་ཅིག་གིས་ཏོག་དབྱིབས་ནད་དུག་གི་ཉེན་ཚབས་ཆེ་རུ་གཏོང་གི་ཡོད་འདུག

ན་ཚ་ཁག་ཅིག་གིས་ལུས་ཀྱི་ཕྲ་ཕུང་ནད་འགོག་མ་ལག་ཉམས་དམས་གཏོང་གི་ཡོད་པའི་རྐྱེན་གྱིས། ན་ཚ་དེ་རིགས་ཡོད་མཁན་རྣམས་ལ་རྟོག་དབྱིབས་ནད་དུག་གི་ཉེན་ཁ་ཆེ་བ་ཡོད་འདུག

Asthma medication

Asthma medication Source: Getty ImagesRgStudio

སྙིང་གི་ན་ཚ་དང་།  གཅིན་སྙིའི་ན་ཚ།  ཁྲག་ཤེད་མཐོའི་ན་ཚ།  དབུག་མི་བདེའི་གློ་ནད་ཀྱི་ན་ཚ་ཡོད་མཁན་རྣམས་ལ་གལ་སྲིད་ཏོག་དབྱིབས་ནད་དུག་ཕོག་ཚེ་ཉེན་ཁ་ཆེན་པོ་ཡོད་པ་དང་།  ནད་པ་དེ་དག་ལ་ནད་འགོག་ཕྲ་ཕུང་གིས་ནད་འབུར་རྒོལ་བའི་ནུས་པ་ཉམས་ཡོད་སྟབས་ནད་འབུས་གློ་བར་གནོད་སྐྱོན་བཟོ་བ་དང་དེ་མཚུངས་ནང་ཁྲོལ་གཞན་ལ་གནོད་སྐྱོན་བཟོ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་འདུག

འཛམ་གླིང་ཁྱོན་དུ་ཏོག་དབྱིབས་ནད་པ་བརྒྱ་ཆ་ ༧༠ ལས་བརྒལ་བ་སྔོན་ནས་ན་ཚ་གཞན་གྱི་དཀའ་ངལ་ཡོད་མཁན་ཆགས་ཡོད་འདུག

རྩོམ་ཡིག་འདིའི་ནང་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་མཁན་ལ་ཏོག་དབྱིབས་ནད་དུག་གིས་ཉེན་ཚབས་ག་རེ་ཡོད་མེད་སྐོར་བསྟན་ཡོད།  

རྩོམ་འདིར་ན་ཚ་གཞན་ཡོད་མཁན་ལ་ཏོག་དབྱིབས་ནད་དུག་གིས་ཉེན་ཚབས་གནས་ཚུལ་སྐོར་ངོ་སྤྲོད་བྱས་ཡོད། རྒྱུ་མཚན་ནི་ནད་དེ་དག་གིས་ནད་འགོག་ཕྲ་ཕུང་ཉམས་དམས་སུ་བཏང་ཡོད་རྐྱེན།  ཏོག་དབྱིབས་ནད་དུག་གིས་གློ་བའི་ནད་དང་། དབུགས་ཧར་འཚང་། སྙིང་ནད། གཅིན་པ་མངར་འགྱུར་གྱི་ནད། མཆིན་པ་དང་མཁལ་མའི་ནད། དེ་མིན་རིམས་འགོག་མ་ལག་ཉམས་སུ་འཇུག་པའི་སྨན་བཅོས་དང་སྨན་རྫས་སོགས་ཡིན།

དབུགས་ཧར་འཚང་།

ཧར་འཚང་ནི་དབུགས་ལམ་གྱི་ནད་རིགས་ཤིག་ཡིན་ཞིང་། དབུགས་ལམ་གྱི་ཚོར་བརྒལ་འགྱུར་འབྱུང་དང་ཚ་ནད་ལས་བྱུང་བ་ཡིན་ལ། ནད་རྟགས་ནི་གློ་ལུ་བ་དང་། དབུགས་ངལ་གསོ་བ། བྲང་ཁ་མི་བདེ་བ། འབྱིན་རྔུབ་དཀའ་བ་བཅས་ཡིན།  ཚོད་དཔག་བྱས་པར་གཞིགས་ན། ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་ཀྱི་མི་བརྒྱ་ཆ་ ༡༡ ལ་ཤུགས་རྐྱེན་ཐེབས་ཡོད་འདུག  ཧར་འཚང་། “འཕར་བ་”ཞེས་པ་ནི་དབུགས་ལམ་ལ་ཟུག་གཟེར་སློང་བའི་དངོས་པོ་གང་རུང་ཞིག་ལས་བྱུང་བ་ཡིན།  ཧར་འཚང་བྱུང་བའི་མིས་དམིགས་བསལ་སྔོན་འགོག་བྱེད་དགོས་ཀྱི་ཡོད། རྒྱུ་མཚན་ནི་ཏོག་དབྱིབས་ནད་དུག་གིས་ཀྱང་དབུགས་ལམ་ལ་ཕར་རྒོལ་བྱེད་སྲིད།  དབུགས་ཧར་འཚང་སྐོར་ཞིབ་ཕྲ་གནས་ཚུལ་འདི་ནས་དབྱིན་ཡིག་ནང་གཟིགས་རོགས།

གློ་བའི་ནད་གཞན་དག

གློ་བའི་ནད་གཞན་དག་ཧར་འཚང་ཕུད་པའི་ཨོ་གླིང་དུ་རྒྱུན་དུ་མཐོང་བའི་གློ་བའི་ནད་རིགས་ནི་ཧྲི་མན་གློ་བ། གློ་ཡུའི་ཡན་ལག་རྒྱ་སྐྱེད། སྣོད་གཤིས་ཚི་སྣར་འགྱུར་བ། གློ་བ་སྐྲངས་པ། གློ་སྐྲན་ནད། བྲང་ཁོག་ལ་གཤེར་ཁུ་སྐྱུག་པ། བྲང་གི་སྐྱི་མོ་ཚ་བ། དབུགས་འབྱིན་རྔུབ་དཀའ་ངལ་དང་འབྲེལ་བའི་གློ་ནད་ཡིན།  གློ་ནད་སྐོ་གནས་ཚུལ་ཞིབ་ཕྲ་དྲ་ཐག་འདི་ནས་དབྱིན་ཡིག་ནང་གཟིགས་རོགས།

སྙིང་ནད།

སྙིང་གི་ཁྲག་རྩའི་ནད་ཕོག་པའི་མིར་ཏོག་དབྱིབས་ནད་དུག་ཡི་ཉེན་ཁ་སྤྱིར་བཏང་གི་མི་ལས་ཆེ་བས། དེ་ནི་ཁོ་ཚོར་ཏོག་དབྱིབས་ནད་དུག་ཡི་ཉེན་ཁ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་མིན་པར། ཁོ་ཚོར་ནད་ལྗིད་མོ་ཕོག་པའི་ཉེན་ཁ་ཇེ་ཆེར་སོང་བའི་རྐྱེན་གྱིས་རེད།  ཏོག་དབྱིབས་ནད་དུག་ཡིས་སྙིང་གི་ཤ་གྲིམ་ལ་གློ་བུར་རང་བཞིན་གྱི་ཚ་ནད་བསླངས་ཏེ། སྙིང་ལ་དམས་སྐྱོན་བྱུང་དུ་བཅུག་ནས་སྙིང་ནད་སློང་གི་ཡོད། བདེ་ཐང་གི་འཚོ་བ་རོལ་རྒྱུ་ནི་ཧ་ཅང་གལ་ཆེ་བས། འགུལ་སྐྱོད་བྱེད་པ་དང་། བཟའ་བཏུང་དོ་མཉམ་བྱེད་པ། ཆུ་དང་གཉིད་འདང་ངེས་ཡོང་བ་བྱེད་དགོས།  འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གཟའ་འཁོར་རེར་སྐར་མ་ ༡༥༠ རིང་འགྲོ་བསྐྱོད་དང་། སྐར་མ་ ༧༥ རེའི་ནང་ངེས་པར་དུ་འགུལ་བསྐྱོད་བྱེད་དགོས་པའི་འགྲེལ་བརྗོད་བྱས་ཡོད། སྙིང་ནད་སྐོར་ཞིབ་ཕྲ་གནས་ཚུལ་འདི་ནས་དབྱིན་ཡིག་ནང་གཟིགས་རོགས།

གཅིན་པ་མངར་འགྱུར་གྱི་ནད།

གཅིན་པ་མངར་འགྱུར་ན་ཚ་ཡོད་མཁན་ལ་འཕྲོད་བསྟན་བདེ་ཐང་ཐད་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད།  ཨོ་སི་ཊི་ལི་ཡའི་གཅིན་པ་མངར་འགྱུར་གྱི་ནད་ལ་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་བསམ་ཚུལ་བཏོན་ཡོད། ནད་དགོངས་དོ་དམ་འཆར་གཞི་བཟོས་ནས། གཅིན་པ་མངར་འགྱུར་གྱི་ནད་མེད་པའི་མི་དང་བསྡུར་ན། གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་མི་ལ་ཆམ་རིམས་ཚབས་ཆེན་བྱུང་བའི་ཉེན་ཁ་དེ་བས་ཆེ་བ་མ་ཟད། དབུགས་ལམ་གྱི་ནད་གཞི་ཚབས་ཆེན་ཕོག་ཉེན་ཡང་ཡོད།

གཅིན་པ་མངར་འགྱུར་གྱི་ནད་ཀྱིས་གློ་བར་ནད་དུག་དང་། མི་མངོན་པའི་ཕྲ་སྲིན་མུ་མཐུད་དུ་ཡོང་གི་ཡོད་པས་རིམ་པར་བདེ་ཐང་ལ་གནོད་སྐྱོན་ཐེབས་ཀྱི་ཡོད།  གཅིན་པ་མངར་འགྱུར་གྱི་ནད་མང་པོ་ཞིག་ཞག་ཙི་དང་སྣུམ་མང་པོ་བཟས་པའི་རྐྱེན་དང་། འགོས་ནད་ཚབས་ཆེན་ཕོག་པའི་ཉེན་ཁའི་རྒྱུ་རྐྱེན་ཞིག་ཡིན།  གཅིན་པ་མངར་འགྱུར་གྱི་ནད་དང་ཞིབ་ཕྲ་གནས་ཚུལ་འདི་ནས་གཟིགས་རོགས།

མཆིན་ཚད་ཁ་པ།

མཆིན་ཚད་ཁ་པའམ་ཡང་ན་མཆིན་ཚད་ག་པའམ་ཡང་ན་མཆིན་པའི་ནད་རིགས་གཞན་དག་གང་ཞིག་བྱུང་ཡོད་པའི་མིས་མི་ཚོགས་དཀྱུས་མ་དང་གཅིག་མཚུངས་ཀྱི་སྲུང་སྐྱོབ་བྱེད་ཐབས་སྤྱོད་དགོས།  དམིགས་བསལ་དོག་ཟོན་དང་ལམ་སྟོན་བརྩི་སྲུང་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་རང་ཉིད་སྲུང་སྐྱོབ་བྱེད་དགོས།  མཆིན་པའི་ན་ཚ་ཡོད་མཁན་རྣམས་ལ་ཆམས་རིམས་དང་གློ་ཚད་ན་ཚ་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་གལ་ཆེན་ཆགས་ཡོད།

མཁལ་མའི་ན་ཚ།

མཁལ་མའི་ན་ཚ་ཡོད་མཁན་རྣམས་ཀྱིས་དོགས་ཟོན་བྱེད་དགོས་པ་ནི། ཆམས་རིམ་དང་འདྲ་བ་ཏོག་དབྱིབས་ནད་དུག་གི་ཉེན་ཁ་ཆེན་པོ་ཆགས་ཡོད། གལ་སྲིད་ནད་པ་དེ་བདེ་ཐང་མེད་ཚེ་ཏོག་དབྱིབས་ནད་དུག་གིས་མཁལ་མ་ལའང་གནོད་སྐྱོན་ཐེབས་ཀྱི་ཡོད།

ཏོག་དབྱིབས་ནད་དུག་དང་མཁལ་མའི་ན་ཚ་སྐོར་ཞིབ་ཕྲ་གནས་ཚུལ་འདི་ནས་དབྱིན་ཡིག་ནང་གཟིགས་རོགས།

ཨོ་སི་ཊོ་ལི་ཡའི་མཁལ་ནད་དོ་དམ་འཆར་གཞི་སྐོར་འདི་ནས་གཟིགས།

སྐྲན་ནད་སྨན་བཅོས།

སྐྲན་ནད་ཕོག་སྐབས་མི་རྣམས་ཀྱི་རིམས་འགོག་མ་ལག་ཧ་ཅང་ཞན་པོ་ཡོད་པར་བརྟེན། འཕྲོད་བསྟེན་དོ་སྣང་དང་ལག་ལེན་སྨན་པའི་ལམ་སྟོན་ལྟར་ལག་བསྟར་བྱེད་ནས་ཉེན་ཁ་ཆུང་དུ་གཏོང་དགོས། སྨན་བཅོས་རིང་ནང་ལ་བསྡད་པ་ལས་དགོས་མེད་ཀྱི་འགྲུལ་བཞུད་སོགས་བྱེད་མི་རུང་།

སྐྲན་ནད་སྨན་བཅོས་རོགས་རམ་གནང་མཁན་གྱི་གནས་ཚུལ་གཞན་འདི་ནས་དབྱིན་ཡིག་ནང་གཟིགས་རོགས།


Share

Published

Updated

By SBS Radio
Presented by Sangyal Dorjee
Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service