ཏོག་དབྱིབས་ཀྱིས་རྐྱེན་པས་ཨོ་སི་ཊོ་ལི་ཡའི་ནང་ཉིན་རེར་ནད་དགོངས་ཞུ་མཁན་མི་གྲངས་ ༣༡༠༠༠༠ ཙམ་རེ་ཟིན་གྱི་ཡོད་འདུག

འདི་ནི་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༦ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་གསར་པ་ཁག་ཅིག་ཡིན།

AUSTRALIAN FACE MASKS COVID-19

Workers use sewing machines to sew face masks at a Carrum Downs factory in Melbourne. (file) Source: AAP / MICHAEL DODGE/AAPIMAGE

Key Points

  • Adolescents can access the protein-based Novavax COVID-19 vaccine from 5 Sep
  • Pregnant and breastfeeding women aged 30-49 can get their second booster dose
  • The US, Spain and Brazil reported the highest monkeypox cases last week

དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཁྱོན་མི་གྲངས་ ༦༢ འདས་གྲོངས་སུ་གྱུར་ཡོད་འདུག་པ་དང་། དེའི་ནང་ཝི་ཊོ་རི་ཡའི་ནང་ཁྱོན་མི་གྲངས་ ༢༥་དང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཁྱོན་མི་གྲངས་ ༢༢ འདས་གྲོངས་སུ་ཕྱིན་ཡོད་འདུག

འདི་ནས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པ་ཐོན་པའི་གྲངས་འབོར་དང་། སྨན་ཁང་ནང་ཡོད་པའི་ནད་པའི་གྲངས་འབོར། གཞན་ཡང་ཏོག་དབྱིབས་ན་ཚའི་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་གནས་ཚུལ་ཁག་འདི་ནས་གཟིགས། here.

གཞོན་སྐྱེས་ལོ་ན་ ༡༢ ནས་ ༡༧ བར་ལ་ཏོག་དབྱིབས་འགོག་ཁབ་ Novavax དེ་འདི་ལོ་ཕྱི་ཟླ་ ༩ ཚེས་ ༥ ནས་རག་གི་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ནོར་སྲིད་ལྷན་ཁང་གིས་ News Corp ཞེས་པའི་གསར་ཁང་དེར་གནས་ཚུལ་མཁོ་སྤྲོད་བྱས་པར་ལྟར་ན། ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཉིན་ལྟར་ཁྱོན་མི་གྲངས་ ༣༡༠༠༠ ཙམ་གྱིས་ནད་དགོངས་ཞུ་བཞིན་ཡོད་སྐོར་གསལ་འདུག

ཨོ་སི་ཊོ་ལི་ཡའི་གཞུང་གིས་ཏོག་དབྱིབས་འགོག་ཁབ་མོ་ཌེ་ཎ་དེ་ཕྱི་ཟླ་ ༩ ཚེས་ ༥ ནས་བཟུང་ཕྲུ་གུ་ལོ་ན་ ༥ མན་ལ་རྒྱག་རྒྱུའི་འཆར་གཞི་ཡོད་འདུག

ཕ་མ་ཚོས་ཕྲུ་གུར་ཏོག་དབྱིབས་འགོག་ཁབ་སྐོར་དྲ་ཐག་ consent form here འདི་ནས་གཟིགས་ཆོག ཡིན་ཀྱང་འགོག་ཁབ་རྒྱག་པའི་དུས་ཚོད་སོགས་ད་ལྟ་ཐོ་འགོད་བྱེད་ས་མེད།

ཨོ་སི་ཊོ་ལི་ཡ་གཞུང་གིས་བུད་མེད་སྦྲུམ་མ་དང་། ཕྲུ་གུར་འོ་མ་བསྟེར་མཁན་ལོ་ན་ ༣༠ ནས་ ༤༩ བར་ལ་ཏོག་དབྱིབས་འགོག་ཁབ་གསུམ་པའམ་ཤུགས་སྣོན་འགོག་ཁབ་དེ་རག་གི་ཡོད་སྐོར་བརྗོད་འདུག

འོན་ཀྱང་འགྲེལ་བརྗོད་ལྟར་ན། བུད་མེད་འགོག་ཁབ་གསུམ་པ་རག་ཚར་མཁན་རྣམས་ལ་ན་ཚ་ཁག་ཅིག་གི་ཉེན་ཁ་ཧ་ཅང་ཆུང་ཆུང་ཡིན་སྐོར་བརྗོད་འདུག

བདུན་ཕྲག་སྔོན་མར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འབྱུང་འགྱུར་བདུན་ཕྲག་ ༤ རིང་སྤྲེལ་འབྲུམ་ན་ཚ་ monkeypox དེ་བརྒྱ་ཆ་ ༢༡ ཙམ་ཡར་འཕར་སྲིད་སྐོར་བརྗོད་འདུག

སྙན་ཐོར་ལྟར་ན། ཨ་རི་དང་། སི་པན། སྦིར་ཛལ། འཇར་མན། དབྱིན་ཡུལ། ཁེ་ན་ཌ། ནེ་དྷར་ལན་ཌི། ཕེ་རུ། ཕོ་ཆི་གྷལ། བཅས་ལ་སྤྲེལ་འབྲུམ་གྱི་ན་ཚ་ཁྱབ་ཆེ་ཤོས་ཆགས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་ཁག་གི་ནང་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག

ACT New South Wales Northern Territory Queensland

South Australia Tasmania Victoria Western Australia

གལ་ཏོག་དབྱིབས་སྟབས་བདེ་བརྟག་ཆས་ RAT བརྒྱུད་བརྟག་དཔྱད་སྐབས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་མངའ་སྡེ་དང་ས་ཁུལ་སོ་སོ་ནས་ཐོ་འགོད་བྱེད་ས།

ACT New South Wales Northern Territory Queensland

South Australia Tasmania Victoria Western Australia

རྒྱལ་ཁབ་དང་ལུང་པ་གཞན་མ་འགྲོ་གོང་དགོས་མཁོའི་གནས་ཚུལ་ཁག་དང་ལམ་སྟོན་ཁག་དྲ་ཐག་འདི་ནས་གཟིགས།

check the latest travel requirements and advisories

གཤམ་གྱི་དྲ་ཐག་འདི་ནས་བོད་ཡིག་ནང་ོག་དབྱིབས་ན་ཚ་སྐོར་གནས་ཚུལ་མང་ཙམ་ཤེས་རྟོགས་བྱེད་ཐུབ།

COVID-19 jargon in your language

SBS གསར་ཁང་གི་སྐད་ཡིག་ཁག་གི་ནང་ཏོག་དབྱིབས་ན་ཚ་སྐོར་གྱི་གནས་ཚུལ་ལ་གཟིགས།

 SBS Coronavirus portal


Share

1 min read

Published

Updated

Source: SBS



Share this with family and friends


Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now