ཨོ་སི་ཊོ་ལི་ཡའི་ནང་འགོག་ཁབ་བརྒྱབ་ཚད་བརྒྱ་ཆ་ ༩༠ བརྒལ་ཡང་ཏོག་དབྱིབས་ན་ཚ་གསར་པ་སླར་ཡང་འཕར་བཞིན་པ།

འདི་ནི་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༧ ཉིན་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

Prime Minister Scott Morrison at a press conference during a visit to Opie Manufacturing at Emu Plains in Western Sydney, Friday, December 17, 2021. (AAP Image/Mick Tsikas) NO ARCHIVING

Prime Minister Scott Morrison said we should keep calm and keep getting vaccinated to deal with the recent outbreak. Source: AAP Image/Mick Tsikas

  • ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་འགོག་ཁབ་ཐེངས་གཉིས་ཀ་བརྒྱབ་པའི་དམིགས་ཚད་བརྒྱ་ཆ་ ༩༠ བརྒལ་ཡོད།
  • དེ་རིང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་ཁོ་རོན་ཕོག་མཁན་མི་གྲངས་ ༦༣ བྱུང་བས། དེ་ནི་ད་བར་ཉིན་གཅིག་རིང་གི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད།
  • ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་གྲངས་ཚད་བརྒྱ་ཆ་ ༩༠ ཟིན་པར་སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་དགའ་བསུ་དང་། ད་ནས་ཁྱིམ་སྡོད་བཀག་རྒྱ་ལ་ཕྱིར་ལོག་བྱ་ཐུབ་རྒྱུ་མིན་སྐོར་གསུངས་འདུག
  • ཏོག་དབྱིབས་འགོས་ཁྱབ་འཕར་བཞིན་པར་བརྟེན་ནིའུ་སའོ་ཐི་ཝལ་མངའ་སྡེ་གཞུང་གིས་འཕྲོད་བསྟེན་སྡེ་ཚན་ཁག་ལ་འགྲོ་བསྐྱོད་དམ་བསྒྲགས་བྱེད་བཞིན་ཡོད། 
ནིའུ་སའོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༦ ཉིན་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་འཕྲུལ་སྒྲ་ཐོག་"ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་ཁོ་རོན Omicron འགོས་ཁྱབ་ཀྱི་གྲངས་ཚད་མཐོ་རུ་འགྲོ་ནས་གནས་ཚུལ་ཛ་དྲག་ལ་བརྟེན་ང་ཚོས་གནས་སྐབས་རིང་འཕྲོད་བསྟེན་ལྟེ་གནས་ཁག་ལ་མི་སྣ་འགྲོ་འོངས་དམ་བསྒྲགས་བྱེད་ཀྱི་ཡོད་"ཅེས་གསུངས་འདུག


  • བྷིར་སི་བྷན་ Brisbane ས་གནས་སུ་ཡོད་པའི་རྒན་གསོ་ཁང་ཞིག་ལ་ཏོག་དབྱིབས་ནད་པ་ཞིག་འགྲོ་བསྐྱོད་བྱས་རྐྱེན། རྒན་གསོ་ཁང་དེ་སྒོ་རྒྱག་དམ་བསྒྲགས་བྱས་ཡོད་འདུག
  • ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་ནས་བཟུང་ཁུན་སི་ལན་ཌིས་སྤྱི་དམངས་འགྲིམས་འགྲུལ་དང་གླ་འཁོར་སོགས་ཀྱི་ནང་ཁ་རས་གྱོན་དགོས་ཀྱི་ཡོད་ཀྱང་། མངའ་སྡེའི་ནང་ཁྱིམ་སྡོད་བཀའ་རྒྱ་བསྡམ་རྩིས་མེད་པ་རེད།
  • ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་ནས་བཟུང་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་རང་ཁྱིམ་ནང་འདུ་འཛོམས་ཚད་བཀག་མེད་པ་བཟོང་རྒྱུ་དང་།  དེ་བཞིན་རྒྱལ་སྤྱིའི་འགྲུལ་པ་རྣམས་ལ་ཟུར་བཀག་དུས་ཡུན་དེ་ཡང་ཆུ་ཚོད་ ༧༢ ཉུང་དུ་གཏང་འཆར་ཡོད་འདུག 
ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ།

དེ་རིང་ཝི་ཊོ་རི་ཡའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༥༡༠ ཐོན་ཡོད་པ་དང་མི་གྲངས་ ༧ འདས་གྲོངས་སུ་ཕྱིན་ཡོད་འདུག

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༢༢༡༣ ཐོན་ཡོད་པ་དང་མི་ ༡ འདས་གྲོངས་སུ་ཕྱིན་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༦༤ ལ་སླེབས་ཡོད་འདུག

ཁུན་སི་ལན་ཌིའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༢༠ དང་དེའི་ནང་མི་ ༥ ཏོག་ནད་ཨོ་མེ་ཁོ་རོན་འགོས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དུ་ཏོག་དབྱིབས་ནད་པ་གསར་པ་ ༢༠ ཆགས་ཡོད་འདུག

ད་ལྟའི་ཆར་ས་གནས་སུ་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས།  དྲ་ཐག་འདིར་གནོན།


 

མངའ་སྡེ་སོ་སོའི་ནང་ཟུར་བཀག་དང་དམ་བསྒྲགས་སྐོར། 

ཁྱེད་རང་སྡོད་སའི་མངའ་སྡེ་དང་ས་ཁུལ་ཁག་གི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་དེ་ནས་གཟིགས། Find out what you can and can't do in your state or territory

འགྲིམ་འགྲུལ། 

ཁྱེད་རང་གི་སྐད་ཡིག་ནང་རྒྱལ་སྤྱིའི་འགྲིམ་འགྲུལ་གནས་ཚུལ་དང་ཏོག་དབྱིབས་ནད་ཡམས། དེ་བཞིན་འགྲིམ་འགྲུལ་སྐོར་གྱི་གནས་ཚུལ་ལ་གཟིགས། 

དཔལ་འབྱོར་རོགས་རམ།

མངའ་སྡེའི་ནང་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་པའི་བརྒྱ་ཆ་ ༧༠ དང་ ༨༠ ཟིན་ཚེ་ཏོག་དབྱིབས་ནད་ཡམས་སྐབས་ཀྱི་ངལ་སེལ་རོགས་དངུལ་འགྱུར་བ་གཏང་འཆར།  ཏོག་དབྱིབས་ནད་ཡམས་སྐབས་སྐད་ཡིག་ཁག་གི་ནང་ཞབས་ཞུ་སྐོར་དྲ་ཐག་འདི་ནས་གཟིགས། 

ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་འགོག་ཁབ་སྐོར་ལ་གཟིགས། COVID-19 vaccine in your language.

ནིའུ་སའོ་ཐི་ཝལ་མངའ་སྡེའི་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཁག་ལ་གཟིགས། 

མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག 

  • ནིའུ་སའོ་ཐི་ཝལ་མངའ་སྡེ། NSW
  • ཝི་ཊོ་རི་ཡ་མངའ་སྡེ། Victoria
  • ཁུན་སི་ལན་ཌི་མངའ་སྡེ། Queensland
  • ལྷོ་ཕྱོགས་མངའ་སྡེ། South Australia
  • རྒྱལ་ས་མངའ་ཁུལ། ACT
  • ནུབ་ཕྱོགས་མངའ་སྡེ། Western Australia
  • ཏཱ་སི་མ་ནིང་ཡ། Tasmania

Share

Published

Updated

By SBS/ALC Content
Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service