- འཕྲོད་བསྟེན་བཀའ་ཁྱབ་ལག་བསྟར་ཆེད་ནིའུ་སོ་ཐི་ཝལ་མངའ་སྡེའི་དམག་མི་རྣམས་ཉེན་རྟོག་པ་ལྷན་དུ་མཉམ་ཞུགས་བྱ་རྒྱུ།
- ཝི་ཊོ་རི་ཡ་འགོ་ཁྲིད་ཚོས་ལྐོག་གྱུར་གྱི་གནས་ཚུལ་དེའི་འབྱུང་ཁུངས་འཚོལ་བཞིན་པ།
- བྷིར་སི་བྷན་དུ་བརྟག་དཔྱད་སྐབས་སློབ་ཕྲུག་ལ་ནད་རྟགས་ཐོན་པར་བརྟེན་སློབ་གྲྭ་གཙང་མ་གཏིང་ཟབ་བཟོ་བཞིན་པ།
- ཏཱ་སི་མ་ནིང་ཡ་མངའ་སྡེས་ཝི་ཊོ་རི་ཡ་དང་ས་མཚམས་བསྐྱར་དུ་སྒོ་ཕྱེས་པ།
ནིའུ་སོ་ཐི་ཝལ་མངའ་སྡེ།
NSW ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་གནད་པ་གསར་པ་ ༡༧༠ ཐོན་ཡོད་པ་དང་། དེའི་ནང་ཉུང་མཐར་མི་གྲངས་ ༤༢ ནི་སྤྱི་ཚོགས་ནང་ཁུལ་དུ་འགོས་ཁྱབ་ཕྱིན་པ་ཞིག་ཡིན་འདུག
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་གྷ་ལི་ཌིས་མཆོག་གིས་མི་རྣམས་ཀྱིས་ཁྱིམ་ཚང་ཕན་ཚུན་དབར་འབྲེལ་འདྲིས་ཚད་བཀག་དགོས་པའི་འབོད་སྐུལ་དང་། ན་ཚ་དེ་བཞིན་ཁྱིམ་ཚང་ཕན་ཚུན་དང་ལས་གནས་བཅས་ནས་ཕར་ཚུར་ཤུགས་ཆེ་འགོས་ཀྱི་ཡོད་འདུག
ཉེན་རྟོག་སྤྱི་ཁྱབ་སྐུ་ཞབས་མེ་ཁི་ Mick Fuller གྱིས་"ངོ་རྒོལ་བྱེད་མཁན་དེ་ཚོས་ཉེན་རྟོག་པ་སྟོང་ཕྲག་མང་པོ་ཐུག་གི་རེད་"ཅེས་ཁྱིམ་སྡོད་བཀའ་རྒྱ་ལ་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྣམས་ལ་ཉེན་བརྡ་བཏང་འདུག
ད་དུང་རེས་གཟའ་ཟླ་བ་ནས་བཟུང་དམག་མི་ ༣༠༠ ཙམ་འགྲེམ་འཇོག་གིས་ཁྱིམ་སྡོད་བཀའ་རྒྱ་སྐབས་མི་རྣམས་ཁྱིམ་དུ་མི་སྡོད་པ་དང་ནང་མི་མཉམ་བསྲེ་ལ་ལྟ་རྟོགས་བྱ་རྒྱུ་ཡིན་འདུག
ཝི་ཊོ་རི་ཡ་མངའ་སྡེ།
མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༣ ཐོན་ཡོད་པ་དང་། དེ་དག་ཚང་མ་ཟུར་བཀག་དུ་ཡོད་སྐབས་ན་ཚ་འགོས་ཁྱབ་བྱུང་བ་ཞིག་ཡིན་འདུག
ཝི་ཊོ་རི་ཡའི་འཕྲོད་བསྟེན་བློན་ཆེན་མཱར་ཊིན་པོ་ལེ་ Martin Foley ལགས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད་ལྐོག་གྱུར་གྱི་གནས་ཚུལ་དེ་ད་ལྟའི་ཏོག་དབྱིབས་འགོས་ཁྱབ་དང་འབྲེལ་བ་ཡོད་པ་དང་། འོན་ཀྱང་ད་དུང་མི་དེ་ཚོས་ན་ཚ་གང་འདྲ་བྱས་ནས་འགོས་ཁྱབ་བྱུང་བ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་གསུངས་འདུག
ད་ལྟའི་ཏོག་དབྱིབས་ནད་ཡམས་སྐོར་གྱི་བདེ་འཇགས་གནས་ཚུལ་དྲ་ཚིགས་འདི་ནས་གཟིགས། COVID safe measures.
འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཨོ་སི་ཊོ་ལི་ཡའི་ནང་།
- བྷིར་སི་བྷན་དུ་སློབ་ཕྲུག་ཅིག་ལ་བརྟག་དཔྱད་རྗེས་ཏོག་དབྱིབས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་བ་དེས་ཕྱི་ཟླ་ ༧ ཚེས་ ༢༧ ནས་ཉིན་གྲངས་ ༣ རིང་སྤྱི་ཚོགས་ནང་ན་ཚ་བགོས་ཁྱབ་ཕྱིན་ཡོད་པའི་ཁུན་སི་ལན་ཌིའི་འཕྲོད་བསྟེན་འགོ་ཁྲིད་ཚོས་སེམས་འཚབ་བྱེད་ཀྱི་ཡོད་འདུག
- ཏཱ་སི་མ་ནེ་ཡ་མངའ་སྡེས་ཝི་ཊོ་རི་ཡ་མངའ་སྡེ་དང་ས་་མཚམས་བདུན་ཕྲག་གཉིས་རིང་སྒོ་བརྒྱབ་རྗེས་དེ་རིང་ནས་བསྐྱར་དུ་སྒོ་ཕྱེས་ཡོད་འདུག
ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ།
ནིའུ་སོ་ཐི་ཝལ་མངའ་སྡེ། NSW Travel & transport and Quarantine
ཝི་ཊོ་རི་ཡ་མངའ་སྡེ། VIC Travel permit, Overseas travellers and Quarantine
རྒྱལ་ས་མངའ་ཁུལ། ACT Transport and Quarantine
བྱང་ཕྱོགས་མངའ་སྡེ། NT Travel and Quarantine
ཁུན་སི་ལན་ཌི་མངའ་སྡེ། QLD Travel and Quarantine
ལྷོ་ཕྱོགས་མངའ་སྡེ། SA Travel and Quarantine
ཏཱ་སི་མ་ནིང་ཡ་མངའ་སྡེ། TAS Travel and Quarantine
ནུབ་ཕྱོགས་མངའ་སྡེ། WA Travel and Quarantine
གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་ Click here ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་ Smart Traveller ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།
- sbs.com.au/coronavirus ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
- མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས། NSW, Victoria, Queensland, Western Australia, South Australia, Northern Territory, ACT, Tasmania.
- ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། COVID-19 vaccine in your language.
ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།
ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག COVID-19 Vaccination Glossary
དུས་ཆད་དྲན་སྐུལ་ལག་ཆ། Appointment Reminder Tool.
མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག
ནིའུ་སོ་ཐི་ཝལ་ངམའ་སྡེ། NSW
ཝི་ཊོ་རི་ཡ་མངའ་སྡེ། Victoria
ཁུན་སི་ལན་ཌི་མངའ་སྡེ། Queensland
ལྷོ་ཕྱོགས་མངའ་སྡེ། South Australia
རྒྱལ་ས་མངའ་ཁུལ། ACT
ནུབ་ཕྱོགས་མངའ་སྡེ། Western Australia
ཏཱ་སི་མ་ནིང་ཡ་མངའ་སྡེ། Tasmania
བྱང་ཕྱོགས་མངའ་སྡེ། Northern Territory
ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།
ནིའུ་སོ་ཐི་ཝལ་མངའ་སྡེ། NSW
ཝི་ཊོ་རི་ཡ་མངའ་སྡེ། Victoria
ཁུན་སི་ལན་ཌི་མངའ་སྡེ། Queensland
ལྷོ་ཕྱོགས་མངའ་སྡེ། South Australia
རྒྱལ་ས་མངའ་ཁུལ། ACT
ནུབ་ཕྱོགས་མངའ་སྡེ། Western Australia
ཏཱ་སི་མ་ནིང་ཡ་མངའ་སྡེ། Tasmania
བྱང་ཁུལ་མངའ་སྡེ། Northern Territory

