ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཨོ་སི་ཊོ་ལི་ཡའི་མི་མང་པོ་ཞིག་ཁེར་རྐྱང་གི་ཚོར་བ་ཤུགས་ཆེ་སྐྱེས།

འདི་ནི་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༩ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་གསར་པ་ཁག་ཅིག་ཡིན།

Telstra's Talking Loneliness report 46 per cent Australians felt lonelier during the lockdowns.

Telstra's Talking Loneliness report 46 per cent Australians felt lonelier during the lockdowns. Source: AAP Image/Diego Fedele

དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཉུང་མཐར་མི་གྲངས་ ༡༥༧ འདས་གྲོངས་སུ་ཕྱིན་ཡོད་འདུག་པ་དང་། དེའི་ནང་ཝི་ཊོ་རི་ཡ་ནས་མི་གྲངས་ ༡༠༧ དང་། ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་མི་གྲངས་ ༢༢ གཞན་ཡང་ཁུན་སི་ལན་ཌི་མངའ་སྡེའི་ནང་མི་གྲངས་ ༡༧ བཅས་འདས་གྲོངས་སུ་ཕྱིན་ཡོད་འདུག

ཝི་ཊོ་རི་ཡ་གཞུང་གིས་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༡༠༧ དེའི་ནང་སྔོན་ལ་གསལ་བསྒྲགས་མ་བྱས་པའི་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༡༠༥ དེ་ཚུད་ཡོད་སྐོར་བརྗོད་འདུག མངའ་སྡེའི་ནང་འདས་པའི་བདུན་ཕྲག་གཉིས་ནང་ཉིན་རེར་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་དེ་ཆ་སྙོམ་མི་གྲངས་ ༡༩ ཙམ་ཆགས་ཀྱི་ཡོད་འདུག

འདི་ནས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ཀྱི་ན་ཚ་གསར་པ་ཕོག་མཁན་དང་། སྨན་ཁང་ནང་ལྷག་པའི་ཏོག་དབྱིབས་ནད་པའི་གནས་སྟངས། གཞན་ཡང་ཏོག་དབྱིབས་ཀྱིས་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་མི་གྲངས་བཅས་ཀྱི་སྐོར་ལ་གཟིགས།

 དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལི་ཡའི་རྣམ་གྲངས་རིགས་པའི་ངོ་ཚབ་ལས་ཁུངས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་འདི་ལོའི་ཕྱི་ཟླ་ ༡ པོ་དང་ནས་ ༤ པ་བར་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཁྱོན་མི་གྲངས་ ༣༥༩༣ ཙམ་འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་འདུག་ལ། གྲངས་འབོར་འདི་དག་ནི་སྨན་པས་གཏན་འཁེལ་བྱས་པའི་གྲངས་འབོར་ཞིག་ཆགས་ཀྱི་ཡོད།

སྤྱིར་འདི་ལོའི་ཕྱི་ཟླ་ ༡ པོ་ནས་ ༤ པ་བར་ཁྱོན་མི་ཁྲི་ ༦ ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་དེ་ནི་ལོ་རྒྱུས་ཐོག་རྒྱུན་ལྡན་གྱི་མི་ཤིའི་གྲངས་འབོར་ལས་བརྒྱ་ཆ་ ༡༦་༨ བརྒལ་ཡོད་པ་རེད། 

ནིའུ་སའོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་གྱི་སྙན་ཐོའི་ནང་འདི་ལོ་ཕྱི་ཟླ་ ༡ པོ་ནས་ཁྱོན་མི་གྲངས་ ༢༠༤༦༠ བསྐྱར་དུ་ཏོག་དབྱིབས་ན་ཚ་འགོས་ཡོད་འདུག དེའི་ནང་མི་འབོར་ཕྱེད་ཀའམ་མི་གྲངས་ ༡༠༨༤༦ ནི་ཏོག་དབྱིབས་འགོག་ཁབ་དང་པོ་བརྒྱབ་རྗེས་ཉིན་གྲངས་ ༩༠ ནང་འགོས་པ་ཆགས་ཀྱི་ཡོད་འདུག

རེས་གཟའ་པ་སངས་ཉིན་ Telstra ཞེས་པའི་ཏར་འཕྲིན་བཟོ་ལས་ཁང་དེས་སྙན་ཐོ་བཏོན་པར་ལྟར་ན། འདི་ལོ་ཏོག་དབྱིབས་ནད་ཡམས་སྐབས་སུ་ཁྱིམ་སྡོད་བཀའ་རྒྱའི་རྐྱེན་པས་ཨོ་སི་ཊོ་ལི་ཡའི་མི་འབོར་བརྒྱ་ཆ་ ༤༦ ཙམ་ཁེར་རྐྱང་ཚོར་སྣང་གི་དཀའ་ངལ་འཕྲད་ཡོད་སྐོར་བརྗོད་འདུག

སྔ་ལོ་ཕྱིཟ་ླ་ ༩ པའི་ཚེས་ ༦ ནས་ ༡༢ བར་ཨོ་སི་ཊོ་ལི་ཡའི་ཁྱོན་མི་གྲངས་ ༣༠༠༠ ཙམ་དྲ་ཐོག་ནས་སློབ་སྦྱོང་མཉམ་ཞུགས་བྱས་ཡོད་སྐོར་གསལ་འདུག

ཕྱི་ཟླ་ ༨ ཚེས་ ༡ ནས་བཟུང་ཏེ་ཏཱ་སི་མ་ནིང་ཨ་མངའ་སྡེས་ཕྱེད་ཆགས་ཐོབ་ཐང་གི་ལག་འཁྱེར་ཡོད་མཁན་དེ་ཚོར་སྨན་རྫས་ཚོང་ཁང་ནང་ནས་ཏོག་དབྱིབས་སྟབས་བདེ་བརྟག་ཆས་རིན་མེད་དུ་སྤྲོད་འཆར་ཡོད་འདུག

མངའ་སྡེའི་ནང་གནས་སྡོད་བྱེད་མཁན་ཚོས་མངའ་སྡེའི་ནང་ཞབས་ཞུ་ཁང་ ༢༧ ནང་ནས་ཐག་ཉེ་ཤོས་ཤིག་འཚོལ་བར་ཁ་པར་ཨང་གྲངས་ ༡༣༠༠ ༡༣ ༥༥ ༡༣ ཐོག་ནས་འབྲེལ་གཏུགས་བྱེད་ཆོག

ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེས་རེས་གཟའ་སྤེན་པ་སྔ་དྲོ་ཆུ་ཚོད་ ༡༠ པ་ནས་ཕྱི་དྲོ་ཆུ་ཚོད་ ༤།༣༠ བར་སློབ་གྲྭ་ཁག་ ༧ ལ་ཏོག་དབྱིབས་འགོག་ཁབ་རྒྱག་འཆར་རྒྱུའི་ལས་འཆར་བཟོས་ཡོད་འདུག

སྨན་ཁང་ཁག་གིས་ད་དུང་ལོ་ན་ ༣༠ དང་དེའི་ཡན་གྱི་མི་རྣམས་ལ་སྨན་ཁབ་ ༤ པའམ་(དགུན་ཁའི་)སྨན་ཁབ་རིན་མེད་དུ་རྒྱག་འཆར་ཡོད་འདུག

སློབ་གྲྭ་ཁག་བདུན་ནི་གཤམ་གྱི་མིང་གཞུང་ལྟར་ཡིན།

1) Burton Primary School

2) Good Shepherd Para Vista Primary School

3) Grange Primary School

4) Marryatville Primary School

5) McDonald Park Primary School

5) Playford Primary School

7) Woodend Primary School བཅས་ཡིན།  

གཤམ་གྱི་དྲ་ཐག་དེ་ནས་བོད་ནང་ཡིག་ནང་ཏོག་དབྱིབས་འགོག་ཁབ་སྐོར་ལ་གཟིགས། COVID-19 vaccines in your language


ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཡོད་པའི་ཏོག་དབྱིབས་བརྟག་དཔྱད་བྱེད་ས།

ACT   New South Wales   Northern Territory   Queensland   

South Australia   Tasmania   Victoria   Western Australia  


ཏོག་དབྱིབས་སྟབས་བདེ་བརྟག་ཆས་ལས་བརྟག་དཔྱད་རྗེས་སུ་ཏོག་དབྱིབས་ན་ཚ་འགོས་ཡོད་པ་ཤེས་ཏོག་བྱུང་ཚེ་ཁྱེད་རང་གནས་སྡོད་བྱེད་ས་གཤམ་གྱི་མངའ་སྡེ་དང་ས་ཁུལ་གང་ཡིན་པ་དེ་ནས་ཐོ་འགོད་བྱེད་དགོས།

ACT   New South Wales   Northern Territory   Queensland    

South Australia   Tasmania   Victoria    Western Australia


ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་འདི་ནས་གཟིགས། Find out what you can and can't do 

རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་གོང་འགྲིམ་འགྲུལ་གྱི་སྒྲིག་གཞི་དང་ལམ་སྟོན་གཤམ་གྱི་དྲ་ཐག་འདི་ནས་གཟིགས། check the latest travel requirements and advisories

གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་དཀའ་ངལ་འཕྲད་ཚེ་ཐབས་ལམ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་འདི་ནས་གཟིགས། check what your options are

ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཁག་ཅིག COVID-19 jargon in your language


གཤམ་གྱི་དྲ་ཐག་འདི་ནས་བོད་ཡིག་ནང་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས།  SBS Coronavirus portal


Share

2 min read

Published

Updated




Share this with family and friends


Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now