རེས་གཟའ་ཟླ་བ་ནས་བཟུང་ཝི་ཊོ་རི་ཡའི་ནང་ཛ་དྲག་མིན་པའི་བཤའ་བཅོས་ལས་དོན་ཁག་ཅིག་སླར་ཡང་འགོ་འཛུགས་བྱ་རྒྱུ།

འདིའི་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༤ ཉིན་གནས་ཚུལ་གསར་སྣོན་བྱས་པ་ཞིག།

Victorian Health Minister Martin Foley speaks to media at the Alfred Hospital in Melbourne, Wednesday, December 29, 2021. Victoria has seen a massive jump in COVID-19 infections with 3767 new cases and five deaths. (AAP Image/Con Chronis) NO ARCHIVING

Victorian Health Minister Martin Foley speaks to media. Source: AAP

  • ཝི་ཊོ་རི་ཡ་མངའ་སྡེ་གཞུང་གིས་སྨན་ཁང་གི་ཛ་དྲག་མིན་པའི་བཤའ་བཅོས་ལས་དོན་ཁག་ཅིག་རེས་གཟའ་ཟླ་བ་ནས་བཟུང་སླར་ཡང་འགོ་འཛུགས་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་དང་བཤའ་བཅོས་ཀྱི་ལས་དོན་ཚང་མ་ག་དུས་འགོ་འཛུགས་བྱ་རྒྱུ་ཡིན་མིན་ད་དུང་ཐག་གཅོད་བྱས་མེད་པ་རེད། 
  • ཝི་ཊོ་རི་ཡ་མངའ་སྡེ་གཞུང་གིས་ཏོག་དབྱིབས་འགོག་རྒོལ་ཆེད་ཨོ་སྒོར་ཐེར་འབུམ་ ༡་༤ གཏང་རྒྱུ་གསལ་བསྒྲགས་བྱས་པ་དང་། མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཱར་ཊིན་པོ་ལའེ་ལགས་ཀྱིས་མ་དངུལ་དེས་ཛ་དྲག་ Omicron འགོ་རྒོལ་དང་མངའ་སྡེའི་འཕྲོད་བསྟེན་ལམ་ལུགས་ལ་ཕན་ཐོགས་ཆེན་པོ་ཆགས་རྒྱུ་ཡིན་སྐོར་གསུངས་འདུག
  • ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་སླར་ཡང་ཏོག་དབྱིབས་ནད་པ་ ༣༡ འདས་གྲོངས་སུ་ཕྱིན་པ་དང་། ཝི་ཊོ་རི་ཡའི་ནང་ནད་པ་ ༣༦ རྐྱེན་འདས་སུ་ཕྱིན་འདུག སྤྱིར་མངའ་སྡེ་གཉིས་ཀའི་ནང་སྨན་ཁང་ནང་ཏོག་དབྱིབས་ནད་པ་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུག
  • ཕི་ཌི་རལ་གཞུང་གི་འཕྲོད་བསྟེན་བློན་ཆེན་གྷིར་ཧང་ཊི་ Greg Hunt མཆོག་གིས་རྒན་གསོ་ཁང་ནང་གི་རྒན་ཁོག་ ༡༧༠༠༠༠ ནང་རྒན་ཁོག་ ༤༥༠༠༠ ཙམ་ལ་མ་གཏོགས་ཏོག་དབྱིབས་འགོག་ཁབ་གསུམ་པ་བྷུ་སི་ཊར་ Booster ཡང་ན་ཤུགས་སྣོན་སྨན་ཁབ་དེ་ད་དུང་རག་མེད་སྐོར་བརྗོད་འདུག
  • སྐུ་ཞབས་ཧང་ཊི་ལགས་ཀྱིས་རྒན་གསོ་ཁང་ནང་གནས་སྡོད་བྱེད་མཁན་རྣམས་ལ་ཏོག་དབྱིབས་འགོག་ཁབ་གསུམ་པ་བརྒྱབ་པའི་ཚད་གཞི་ད་དུང་དམའ་མོ་ཡིན་པ་དེར་ཐེ་ཚོམ་དང་གླེང་སློང་བྱས།
  • ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་མངའ་སྡེའི་ནང་ཛ་དྲག་མིན་པ་དང་ཉིན་མོར་བཤའ་བཅོས་ཁག་ཆོག་མཆན་ཐོབ་ནས་འཕྲོད་བསྟེན་ལམ་ལུགས་ཀྱི་དཀའ་ངལ་ལྷོད་དུ་ཕྱིན་ཡོད་འདུག
  • ཁུན་སི་ལན་ཌིའི་འཕྲོད་བསྟེན་འགོ་ཁྲིད་ཌོ་ཊར་ Dr John Gerrard ལགས་ཀྱིས་མངའ་སྡེའི་ནང་འདས་གྲོངས་སུ་ཕྱིན་པའི་རྒན་ཁོག་མང་པོ་ཞིག་ལས་དོན་ཆ་སྙོམ་མ་བྱུང་བའི་གནས་སྟངས་འོག་ཏོག་དབྱིབས་འགོག་ཁབ་གསུམ་པ་བྷུ་སི་ཊར་མ་ཐོབ་པ་དེ་ཚོ་ཆགས་ཡོད་སྐོར་གསུངས་འདུག

ཏོག་དབྱིབས་ནད་པའི་གནས་སྟངས།

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ ༢༤༩༤ སྨན་ཁང་ནང་ལྷག་ཡོད་པ་དང་དེའི་ནང་ནད་པ་ ༡༦༠ ཛ་དྲག་་ལྟ་རྟོགས་འོག་གནས་ཡོད་འདུག དེ་རིང་ཏོག་དབྱིབས་ནད་པ་ ༣༡ འདས་གྲོངས་དང་ནད་པ་གསར་པ་ ༡༠༦༩༨ ཐོན་འདུག

ཝི་ཊོ་རི་ཡའི་ནང་ད་ལྟའི་ཆར་ཏོག་དབྱིབས་ནད་པ་ ༧༠༧ སྨན་ཁང་ནང་ལྷག་ཡོད་པ་དང་། དེའི་ནང་ནད་པ་ ༧༩ ཛ་དྲག་ཆགས་ཡོད་འདུག ཡང་དེ་རིང་ནད་པ་ ༣༦ འདས་གྲོངས་དང་ནད་པ་གསར་པ་ ༡༡༢༤༠ ཐོན་འདུག

ཁུན་སི་ལན་ཌིའི་ནང་ཏོག་དབྱིབས་ནད་པ་ ༧༣༢ སྨན་ཁང་ནང་ལྷག་ཡོད་པ་དང་དེའི་ནང་ནད་པ་ ༥༠ ཛ་དྲག་ཆགས་ཡོད་འདུག དེ་རིང་ནད་པ་ ༡༣ འདས་གྲོངས་དང་ནད་པ་གསར་པའི་གྲངས་འབོར་ ༦༨༥༧ རེད་འདུག

ཏཱ་སི་མ་ནིང་ཡ་མངའ་སྡེའི་ནང་དེ་རིང་ནད་པ་གསར་པ་ ༥༧༠ དང་། ནད་པ་ ༡༣ སྨན་ཁང་ནང་ཡོད་པའི་ནང་ནད་པ་ ༢ ཛ་དྲག་སྨན་བཅོས་འོག་ལྷག་ཡོད་འདུག

ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷེ་རའི་ནང་ཏོག་དབྱིབས་ནད་པ་ ༡ འདས་གྲོངས་དང་ནད་པ་གསར་པ་ ༤༤༩ ཐོན་ཡོད་འདུག ད་ལྟའི་ཆར་ནད་པ་ ༦༥ སྨན་ཁང་ནང་ལྷག་ཡོད་པའི་ནང་ནད་པ་ ༡ ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག


 

 

ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་སྐོར་ཞིབ་ཕྲ་གནས་ཚུལ་བོད་ཡིག་ནང་འདི་ནས་གཟིགས་རོགས། here.

ཨོ་སི་ཊོ་ལི་ཡའི་མངའ་སྡེ་མང་པོ་ཞིག་གིས་ཏོག་དབྱིབས་ན་ཚ་འགོས་ཡོད་ཚེ་དྲ་ཐོག་ནས་ཐོ་འགོད་བྱེད་ས་བཟོས་ཡོད།   

  • ཊི་རོ་རི་ཡ། Victoria
  • ནིའུ་སའོ་ཐིཝ་ལལ་མངའ་སྡེ། NSW
  • ཁུན་སི་ལན་ཌི། Queensland
  • ལྷོ་ཕྱོགས་མངའ་སྡེ། South Australia
  • ཏཱ་སི་མ་ནིང་ཡ།Tasmania
  • བྱང་ཕྱོགས་ས་ཁུལ། Northern Territory


མངའ་སྡེ་ནས་མངའ་སྡེ་དབར་བཀག་བསྡོམས་དང་ཟུར་བཀག 

ཁྱེད་རང་སྡོད་སའི་མངའ་སྡེ་དང་ས་ཁུལ་དེའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་འདི་ནས་གཟིགས། Find out what you can and can't do in your state or territory

འགྲིམ་འགྲུལ།

རྒྱལ་སྤྱིའི་འགྲུལ་པ་རྣམས་ཀྱི་ཆེད་གནས་ཚུལ་ཁག་ དང་ཏོག་དབྱིབས་ནད་ཡམས་དེ་བཞིན་འགྲིམ་འགྲུལ་བཅས་ཀྱི་སྐོར་སྐད་ཡིག་ཁག་གི་ནང་གཤམ་གྱི་དྲ་ཐག་འདི་ནས་གཟིགས། language

དཔལ་འབྱོར་རོགས་རམ།

མངའ་སྡེ་ཁག་གི་ནང་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་བརྒྱ་ཆ་ ༧༠ དང་ ༨༠ ལ་ཟིན་དུས་གོད་ཆགས་རོགས་དངུལ་འགྱུར་བ་བཏང་ཡོད། ཏོག་དབྱིབས་ནད་ཡམས་སྐབས་སུ་རོགས་རམ་སྐོར་ཞིབ་ཕྲ་དྲ་ཐག་འདི་ནས་གཟིགས། Getting help during Covid-19 from Services Australia in language


ནིའུ་སའོ་ཐི་ཝལ་མངའ་སྡེའི་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཁག

COVID-19 Vaccination Glossary

Appointment Reminder Tool.


མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག

ནིའུ་སའོ་ཐིཝ་ལ། NSW 

ཝི་ཊོ་རི་ཡ། Victoria 

ཁུན་སི་ལན་ཌི། Queensland 

ལྷོ་ཕྱོགས་མངའ་སྡེ། South Australia 

རྒྱལ་ས་མངའ་ཁུལ། ACT 

ནུབ་ཕྱོགས་མངའ་སྡེ། Western Australia 

ཏཱ་སི་མ་ནིང་ཡ། Tasmania

བྱང་ཕྱོགས་མངའ་ཁུལ། Northern Territory


Share

1 min read

Published

Updated




Share this with family and friends


Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now