Podcast སྒྲ་མཛོད་ལ་གསན་ཚུལ་ཞིབ་ཕྲ།

ཁྱེད་ཀྱིས་ Podcast སྒྲ་མཛོད་སྐོར་ཤེས་རྟོགས་གང་དགོས་པ་རྣམས་གཤམ་གསལ།

Girls lying down listening to headphones

Girls lying down listening to headphones Source: Hero Images

Podcast སྒྲ་མཛོད་ཟེར་བ་གང་ཡིན་ནམ།

Podcast ཞེས་པ་ནི་དྲ་ཐོག་ནས་ཕབ་ལེན་གྱིསའདོད་མོས་ལྟར་གསན་ཐུབ་པའི་སྒྲ་མཛོད་ཞིག་ཡིན།ཁྱེད་ཀྱིས་ལག་ཐོག་ཁ་པར་དང་།ཨའེ་ཕོ་ཌི (Ipod) གློག་ལེབ། (Tablet) གློག་ཀླད་སོགས་བརྒྱུད་ Podcast སྒྲ་མཛོད་ལ་གསན་ཆོག SBS རླུང་འཕྲིན་གྱི་བརྗོད་བྱ་ཡོད་ཚད་ Podcast སྒྲ་མཛོད་བརྒྱུད་དབྱིན་སྐད་དང།དེ་མིན་སྐད་རིགས་མི་འདྲ་བ་མང་པོའི་ནང་གསན་རྒྱུ་ཡོད།རང་ཉིད་ཀྱི་དགའ་མོས་བྱེད་པའི་ལེ་ཚན་རྣམས་དུས་ཁོམ་ནམ་བྱུང་ལ་གསན་གནང་ཆོག 

Podcast སྒྲ་མཛོད་གསན་ཚུལ་གང་འདྲ་ཡིན་ནམ།

Podcast སྒྲ་མཛོད་གསན་ཚུལ་བདེ་ཤོས་ནི་ལག་ཐོག་ཁ་པར་རྒྱུད་ཡིན།གལ་ཏེ་ཁྱེད་རང་ལ་ཀུ་ཤུ་རྟགས་ཅན་གྱི་ལག་ཐོག་ཁ་པར་ཡོད་ཚེ།དེའི་ནང་དུ་ Podcast App སྒྲ་མཛོད་མཉེན་ཆས་སྔོན་ནས་ནང་འཇུག་བྱས་ཡོད།འདི་ནི་ཁ་དོག་མུ་མེན་ཅན་གྱི་རྟགས་ཤིག་གིས་མཚོན།གལ་ཏེ་ཁྱེད་རང་ལ་ཨན་ཌོར་ (Android) མ་ལག་ཅན་གྱི་ཁ་པར་ཡོད་ཚེ།ཁྱེད་ཀྱིས། Podcast App Pocket Casts དང་། Overcast ཡང་ན་ Podcast Addict སོགས་སྒྲ་མཛོད་མཉེན་ཆས་གང་རུང་ཅིག་ཕབ་ལེན་གནང་དགོས།

བཀོལ་ཆས་འདི་རྒྱུད་དེ་ལེ་ཚན་གྱི་འགོ་བརྗོད་བཙལ་ནས།ལེ་ཚན་གྱི་ལེའུ་གང་ཞིག་ཕབ་ལེན་གནང་བར་འདམ་ག་གནང་ཆོགདེ་མ་ཟད་ལེ་ཚན་ཁག་ལ་རྒྱུན་མངགས་བྱེད་ན།ལེའུ་གསར་པ་ཐོན་མ་ཐག་ཏུ་ཁྱེད་ཀྱི་ཁ་པར་སྟེང་རང་འགུལ་གྱིས་ཕབ་ལེན་བྱེད་ངེས་རེད།དྲ་ལམ་བོངས་ཚད་དམའ་བོ་ཡོད་ན།བཀོལ་ཆས་ཀྱི་སྒྲིག་བཀོད་ལ་འགྱུར་བ་བཏང་ནས།ཁྱེད་ཀྱི་ཁ་པར་རྐུད་མེད་དྲྭ་ལ་མཐུད་སྐབས། podcast སྒྲ་མཛོད་ཕབ་ལེན་འགོ་འཛུགས་པ་བཟོས་ཆོག

གློག་ལེབ་རྒྱུད་དུའང་འགྲོ་སྟངས་དེ་བཞིན་ཡིན།ཨའེ་ཕོ་ཌི་ནང་ Podcast App སྒྲ་མཛོད་མཉེན་ཆས་སྔོན་ནས་སྒྲིག་འཇོག་བྱས་ཡོད་ཀྱང།ཨན་ཌོར་མ་ལག་ཅན་གྱི་གློག་ལེབ་ཐོག་ Podcast App སོ་སོའི་ཕབ་ལེན་གནང་དགོས།ཁྱེད་ཀྱིས་ཀློག་ཀླད་རྒྱུད་ཀྱང་ Podcast སྒྲ་མཛོད་གསན་ཐུབ།སྤྱིར་ Podcasts སྒྲ་མཛོད་མང་ཆེ་བ་དྲ་ཚིགས་རྒྱུད་གསན་ཐུབ།

SBS རླུང་འཕྲིན་མཉེན་ཆས།

SBS རླུང་འཕྲིན་མཉེན་ཆས་རྒྱུད་ SBS Podcast སྒྲ་མཛོད་དང།རླུང་འཕྲིན་གྱི་བརྗོད་བྱ་གཞན་རྣམས་གསན་གནང་ཐུབ།དེ་ཡང་ SBS རླུང་འཕྲིན་མཉེན་ཆས་ནི་ App Store དང། Google Play ལས་རིན་མེད་ཐོག་ཕབ་ལེན་གནང་ཆོགཁྱེད་ཀྱིས་འཚོལ་ཞིབ་ལ་ཆིག་རྡེབ་ནས་བརྗོད་དོན་གཞིར་བཟུང་གནས་ཚུལ་འཚོལ་གནང་ཐུབ།

Podcasts སྒྲ་མཛོད་ལ་དམིགས་བསལ་ཁྱད་ཆོས་གང་ཡོད་དམ།

Podcast སྒྲ་མཛོད་རྣམས་རྒྱུད་ང་ཚོས་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱེད་ཐུབ། Podcast སྒྲ་མཛོད་འདྲ་མིན་སྣ་ཚོགས་ཡོད་པ་རྣམས་ནས་རང་ཉིད་ཀྱི་དགའ་མོས་བྱེད་ས་ཅིག་ཡོད་ངེས་རེད། Podcast སྒྲ་མཛོད་གསན་ན་རང་ཉིད་སྤྲོ་པོར་ཡོང་བ་མ་ཟད།གནས་ཚུལ་གསར་པ་མང་པོ་ཤེས་ངེས་རེད།གང་ཡིན་ཟེར་ན། Podcast སྒྲ་མཛོད་ནི་རང་འདོད་ལྟར་གསན་ཐུབ་པས་ཁྱེད་ཀྱི་དུས་དང་རྣམ་པ་ཀུན་ཏུ་བེད་སྤྱོད་གནང་ཐུབ།དེས་ན་རང་ཉིད་ཉིན་རེའི་འགྲིམ་འགྲུལ་སྐབས་དང་།ནང་ལས་བྱེད་པའི་སྐབས་སམ།དེ་བཞིན་རླངས་འཁོར་དང་མེ་འཁོར་།གནམ་གྲུ་སོགས་ཀྱི་ནང་འགྲིམ་འགྲུལ་བྱེད་སྐབས་གསན་གནང་ཆོག

 


Share

Published

Updated

By SBS Radio
Presented by Pema Dolkar
Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service
Podcast སྒྲ་མཛོད་ལ་གསན་ཚུལ་ཞིབ་ཕྲ། | SBS Tibetan