ཨོ་སི་ཁྲུ་ལི་ཡ་རྒྱལ་ཡོངས་འོས་བསྡུ་ནང་ད་ལྟའི་གཞུང་འཛིན་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པ།

དེ་རིང་ནི་ཨོ་སི་ཁྲུ་ལི་ཡ་དབུས་གཞུང་གི་རྒྱལ་ཡོངས་འོས་བསྡུའི་ཉིན་མཐའ་མ་དང་དེ་རིང་དགུང་མོ་འོས་བསྡུའི་གྲུབ་འབྲས་ཕྱིར་ཐོན་གསལ་ལྟར་ན། ད་ལྟའི་གཞུང་འཛིན་ངལ་རྩོལ་ཚོགས་པར་ Labor Party སླར་ཡང་གྲོས་ཚོགས་ཀྱི་རྐུབ་སྟེགས་མང་ཤོས་ཀྱི་རྒྱལ་ཁ་ཐོབ་སྟེ་ད་ལྟའི་སྲིད་བློན་ཨན་ཐོ་ནེ་ཨལ་བྷ་ནེ་སེ་ Anthony Albanese མུ་མཐུད་སྲིད་བློན་གྱི་ལས་ཡུན་གཉིས་པ་འཛིན་རྒྱུ་དང་། ཁ་གཏད་གུ་ཡངས་ཚོགས་པ་ Liberal Party ཡི་སྲིད་བློན་གྱི་འོས་མི་ཕི་ཊར་དྷ་ཊོན་ Peter Dutton འོས་བསྡུ་ཁྲོད་ཕམ་ཉེས་བྱུང་ཡོད་པ་རེད།

ELECTION25 ANTHONY ALBANESE CAMPAIGN

Australian Prime Minister Anthony Albanese, Partner Jodie Haydon and son Nathan acknowledge the crowd at the Labor Election Night function at Canterbury-Hurlstone Park RSL Club. Source: AAP / LUKAS COCH/AAPIMAGE

ད་ལྟའི་སྲིད་བློན་ལས་ཐོག་ཨན་བྷོ་ནི་ཨལ་བྷ་ནེ་སི་ཡིས་དེ་རིང་དགུང་མོར་ཕྱི་ལོ་ ༢༠༢༥ ལོའི་རྒྱལ་ཡོངས་འོས་བསྡུ་ནང་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པའི་བསྒྲགས་གཏམ་སྤེལ་བ་དང་། ཁོང་གིས་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་པའི་ངལ་རྩོལ་ཚོགས་པ་ནས་སྐབས་གཉིས་པའི་གཞུང་འཛིན་ཚོགས་པའི་ལས་འགན་འཁུར་དགོས་ཀྱི་ཡོད་སྐོར་གསུངས་འདུག

ཨན་ཐོན་ནི་ཡིས་སིཌ་ནིང་ཡོད་པའི་ཁོང་གི་རྒྱབ་སྐྱོར་བ་ཚོ་ལ། ཁོང་ཉིད་སྲིད་བློན་ཞིག་གི་མིང་ཐོག་ནས་གཞུང་དང་མི་མང་ལ་ཞབས་ཞུ་སྒྲུབ་རྒྱུ་བྱུང་བ་དེ་ནི་མི་ཚེའི་ནང་བསྐལ་བ་བཟང་ཤོས་དེ་ཡིན་སྐོར་གསུངས་འདུག

ཁོང་གིས། དེ་རིང་མཚན་མོར་ངས་ཐོག་མར་སེམས་ཚོར་གཏིང་ཟབ་དང་འགན་འཁུར་ཆེན་པོ་ཞིག་གི་ཐོག་ནས། ཨོ་སི་ཁྲུ་ལི་ཡའི་མི་མང་རྣམས་ལ་གུས་པར་འཛམ་གླིང་འདིའི་སྟེང་རྒྱལ་ཁབ་ཡག་ཤོས་དེར་མུ་མཐུད་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་ཨོ་སི་ཁྲུ་ལི་ཡའི་མི་མང་ཚོས། ཨོ་སི་ཁྲུ་ལི་ཡའི་རིན་ཐང་དང་། དྲང་བདེན། རེ་སྨོན། ཚང་མ་ལ་གོ་སྐབས་ཡོད་པའི་ཐོག་ནས་འོས་ཤོག་འཕངས་ཡོད་པ་རེད།

ཨོ་སི་ཁྲུ་ལི་ཡའི་མི་མང་ཚོས་རིན་ཐང་དེ་དག་དང་མཐུན་པའི་ཐོག་ནས་མ་འོངས་པའི་ཨོ་སི་ཁྲུ་ལི་ཡའི་ཆེད་དུ་འོས་ཤོག་འཕངས་ཡོད། ང་ཚོ་ཚང་མའི་ནུས་པ་གཅིག་ཏུ་སྤུངས་ནས་མ་འོངས་པའི་ཨོ་སི་ཁྲུ་ལི་ཡ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་འདུག

ཨོ་སི་ཁྲུ་ལི་ཡའི་ནང་མངའ་སྡེ་འགའ་ཤས་ནང་གཞུང་འཛིན་འཕོ་འགྱུར་བྱུང་རྗེས། ངལ་རྩོལ་ཚོགས་པར་གྲོས་ཚོགས་འཐུས་མིའི་གྲངས་ཇེ་མང་དུ་འགྲོ་བར་དང་བསྟུན། ངལ་རྩོལ་ཚོགས་པས་སླར་ཡང་གཞུང་འཛིན་བྱ་རྒྱུ་རེད།

ད་ཐེངས་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་སའི་ས་ཁུལ་ཁྲོད་ཁ་གཏད་ཚོགས་པའི་འགོ་ཁྲིད་ཕི་ཊར་དྷ་ཊོན་ Peter Dutton གྱི་རྐུབ་བཀྱག་ཡོང་ཁུངས་ཁུན་སི་ལན་ཌིའི་ས་གནས་ཌེ་ཁེ་སོན་ Dickson ཡང་ཚུད་ཡོད།

འདི་ནི་དབུས་གཞུང་གི་འོས་བསྡུ་ཁྲོད་ཁ་གཏད་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཞིག་གིས་གྲོས་ཚོགས་ཀྱི་རྐུབ་བཀྱག་ཡང་ཤོར་བ་ཐོག་མ་དེ་ཆགས་ཡོད། 

Australia Election
Australian Liberal Party leader Peter Dutton, third left, stands with his family as he makes his concession speech following the general election in Brisbane. Source: AP / Pat Hoelscher/AP

སྐུ་ཞབས་ཌོན་ཊོན་ Mr Dutton ལགས་ཀྱིས་ད་ཐེངས་ཀྱི་འོས་བསྡུ་དེའི་ཁྲོད་ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པར་ཕམ་ཉེས་བྱུང་བར་ཡོངས་སུ་འགན་འཁུར་བླངས་བ་དང་། ཁོང་གིས་ད་ཐེངས་ཀྱི་འོས་བསྡུ་ལས་འགུལ་སྐབས་ནུས་པ་ཡག་པོ་ཞིག་འདོན་ཐུབ་མེད་སྐོར་དང་། ངས་རྒྱུན་དུ་སྤྱི་ཚོགས་འཚོ་བའི་ནང་ང་ཚོའི་རྒྱལ་ཁབ་ཀྱི་ཆེད་དང་ཨོ་སི་ཁྲུ་ལི་ཡའི་མི་རེ་ངོ་རེའི་ཆེད་དུ་ཡག་ཤོས་ཤིག་ཡོང་བའི་འདོད་པ་བྱེད་བཞིན་ཡོད། འདི་ནི་ངལ་རྩོལ་ཚོགས་པའི་ལོ་རྒྱུས་རང་བཞིན་གྱི་དུས་ཚུགས་ཤིག་ཡིན་པར་ང་ཚོས་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས་འདུག

ངལ་རྩོལ་ཚོགས་པས་མ་འོངས་གཞུང་གིས་སྲིད་བྱུས་འཛིན་ཕྱོགས་ཐད་གསལ་བསྒྲགས་གནང་བའི་ནང་། ས་ཁང་ཐོག་མར་ཉོ་མཁན་ཚོར་བརྒྱ་ཆ་ ༥ མར་གཅོག་རྒྱུ་དང་། དེ་བཞིན་ཨོ་སྒོར་ཐེར་འབུམ་ ༡༠ འགྲོ་གྲོན་བཏང་ནས་ཁང་པ་གསར་པ་ ༡༠༠༠༠༠ འཛུགས་བསྐྲུན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།

ཁོང་གིས་ད་དུང་ཨོ་སྒོར་ས་ཡ་ ༡༨ སྣོན་ནས་ཁྱོན་ཨོ་སྒོར་ཐེར་འབུམ་ ༨་༥ འགྲོ་སོང་གཏང་ནས་སྤྱི་སྟངས་སྨན་པ་ GP སྐོར་བསྐྱོད་མཐུན་རྐྱེན་སྦྱར་ནས་སྨན་བཅོས་ཀྱི་ལས་དོན་སྲ་བརྟན་གཏོང་རྒྱུ།

ངལ་རྩོལ་ཚོགས་པས་ཨོ་སྒོར་ཐེར་འབུམ་ ༢་༣ འགྲོ་སོང་གཏོང་ནས་ཁྱིམ་ཚང་རྣམས་ལ་གློག་མེ་དང་ཉི་གློག་གི་མཐུན་རྐྱེན་སྦྱར་ནས་ཁྲོམ་རའི་ནང་གི་རིན་གོང་ཆགས་ཐབས་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད།


Share

1 min read

Published

Updated

Source: SBS



Share this with family and friends


Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now