ཊིན་ཌན་སཱ་ཀོ་ Tidiene Sacko ལགས་ཁོ་རང་ཆུང་དུས་ནས་ཁང་པ་དང་འཛུགས་སྐྲུན་གྱི་བཟོ་ལས་ཁང་ཞིག་ཏུ་ལས་ཀ་བྱ་འདོད་ཡོད་འདུག ཁོང་གིས་"ང་རང་རྒྱུན་དུས་ནས་ང་རང་གི་ཚོགས་སྡེ་དང་ང་རང་གི་ཕ་ཡུལ་ལ་ཕན་ཐོགས་ཤིག་བསྒྲུབ་ཐུབ་རྒྱུ་དེ་ཡིན་"ཞེས་གསུངས་འདུག ལོ་ན་ ༣༧ ཡིན་པའི་སཱ་ཀོ་ལགས་ནི་ཏཱ་སི་མ་ནི་ཡའི་ནང་བསྡད་ནས་ཟླ་བ་ ༨ ཙམ་འགྲོ་གི་ཡོད་པ་དང་། ཁོང་ནི་ནུབ་ཨ་ཧྥེ་རི་ཀའི་ཇེ་ནི་ཡ་ལུང་པ་ནས་ཡིན་པ་རེད། ཁོང་ཉིད་ཁོང་གི་ཆུང་མ་དང་བུ་ཕྲུག་ཆུང་ཆུང་བཅས་དང་ལྷན་དུ་ཏཱ་སི་མ་ནི་ཡའི་ནང་གནས་སྤོས་བྱས་པ་ཞིག་རེད།
ད་ཆ་སཱ་ཀོ་ལགས་ཀྱི་རྨི་ལམ་མངོན་འགྱུར་བྱུང་ཡོད་པ་དང་། ཁོང་ཉིད་ད་ལྟའི་ཆར་ TAFE ནས་ཁང་བཟོ་དང་འཛུགས་སྐྲུན་གྱི་སློབ་སྦྱོང་ལེགས་འགྲུབ་བྱུང་ཡོད།
Tidiene Sacko ལགས་ཟླ་བ་ ༨ ཙམ་སྔོན་ནས་ཏཱ་སི་མ་ནི་ཡ་ལ་གནས་སྤོ་བྱས།
SBS News: Sarah Maunder
ཏཱ་སི་མ་ནི་ཡའི་གཞིས་སྤོ་འབྱུང་ཁུངས་ལྟེ་གནས་ (MRC) ཀྱིས་ TAFE དང་མངའ་སྡེའི་གཞུང་གཉིས་མཉམ་འབྲེལ་གྱིས་གཞིས་སྤོའི་རྒྱབ་ལྗོངས་ཅན་གྱི་མི་མང་པོ་ཞིག་ཏཱ་སི་མ་ནི་ཡའི་ནང་ཁང་བཟོ་དང་འཛུགས་སྐྲུན་གྱི་ལས་གཞི་ནང་ལས་ཀ་རག་ཐབས་བྱེད་བཞིན་ཡོད་པ་རེད། ཏཱ་སི་མ་ནི་ཡ་གཞུང་གིས་རིན་མེད་ལག་རྩལ་སློབ་སྦྱོང་གིས་གོ་སྐབས་སྤྲད་ནས་གཞིས་སྤོ་བ་མི་གྲངས་ ༡༠ ཙམ་འཛུགས་སྐྲུན་སྦྱོང་བརྡར་སློབ་སྦྱོང་ཐོན་ཡོད་པ་རེད།
ཁཱ་ཐེ་རུན་ཌོ་རན་ Catherine Doran ལགས་ནི་ཏཱ་སི་མ་ནི་ཡའི་གཞིས་སྤོ་འབྱུང་ཁུངས་ལྟེ་གནས་ MRC's ཀྱི་ཐབས་ཞུས་དང་ཡར་རྒྱས་ཀྱི་འགན་འཛིན་ཡིན། ཁོ་མོས་"ཁང་བཟོ་དང་འཛུགས་སྐྲུན་བཟོ་ལས་ཁག་ལ་ལས་མི་དང་ལག་རྩལ་གྱི་འདང་གི་མེད་པ་ང་ཚོས་ཤེས་ཀྱི་ཡོད། སྟོང་ཆ་དེ་ཁ་སྐོང་དུ་ང་ཚོས་གཞིས་སྤོ་བ་རྣམས་ལ་གོ་སྐབས་རག་ཐབས་བྱ་རྒྱུ་ཡིན།
ཁཱ་ཐེ་རུན་ཌོ་རན་ Catherine Doran ལགས་ནི་ཏཱ་སི་མ་ནི་ཡའི་གཞིས་སྤོ་འབྱུང་ཁུངས་ལྟེ་གནས་ MRC's ཀྱི་ཐབས་ཞུས་དང་ཡར་རྒྱས་ཀྱི་འགན་འཛིན་ཡིན།
SBS News: Sarah Maunder
སྦྱོང་བརྡར་ལས་རིམ་དེ་ཚར་རྗེས་ཁོང་ཚོ་ཁང་བཟོ་དང་འཛུགས་སྐྲུན་ལས་གཞི་ནང་ལམ་སང་ལས་ཀ་འགྲོ་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་རེད་ཅེས་གསུངས་འདུག
ལི་ལཱ་ཨེ་པཱར་ Leila Ipar Gobus ལགས་ནི་བྷེ་ཟལ་རྒྱལ་ཁབ་ནང་ཞི་བའི་བཟོ་སྐྲུན་རིག་གནས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་ཡོད། ཁོང་མོའི་བཟོ་སྐྲུན་རིག་གནས་ལག་འཁྱེར་དེ་ཨོ་སི་ཊོ་ལི་ཡའི་ནང་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ལོ་ན་ ༤༠ ཡིན་པའི་ཁོ་མོ་ TAFE ནང་བཟོ་སྐྲུན་ལས་རིག་སྦྱོང་བརྡར་བླངས་ནས་ས་གནས་ཀྱི་འགྲོ་ལུགས་སློབ་སྦྱོང་བྱས་ནས་ཁོ་མོར་ལས་ཀ་རག་རྒྱུའི་གོ་སྐབས་མཐོ་རུ་བཏང་ཡོད།
ཁོ་མོས་"ངའི་བསམས་པར་འཛུགས་སྐྲུན་གྱི་ལས་གཞི་ནི་རྟགས་ཏུ་རྒྱལ་ཁབ་ཡར་རྒྱས་ཀྱི་གོ་སྐབས་ཡག་ཤོས་དེ་རེད་"ཅེས་གསུངས་འདུག དེ་བཞིན་ཁོ་མོས་"ང་ཚོ་ཚང་མ་ལ་སྡོད་སའི་ཁང་པ་དགོས་པ་དང་། དེས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ལ་ཕན་ཐོགས་ཆགས་ཀྱི་ཡོད་པ་རེད། དེ་ནི་ཁྱེད་རང་གིས་གྲུབ་འབྲས་མཐོང་ཐུབ་པ་དེ་རེད་ཅེས་གསུངས་འདུག
ལི་ལཱ་ཨེ་པཱར་ Leila Ipar Gobus ལགས་ནི་བྷེ་ཟལ་རྒྱལ་ཁབ་ནང་ཞི་བའི་བཟོ་སྐྲུན་རིག་གནས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་ཡོད། ཁོ་མོས་ TAFE ནང་བཟོ་སྐྲུན་ལས་རིག་སྦྱོང་བརྡར་གོ་སྐབས་བླངས་ནས་ས་གནས་ཀྱི་འགྲོ་ལུགས་སློབ་སྦྱོང་བརྒྱུད་ལས་ཀ་རག་རྒྱུའི་གོ་སྐབས་མཐོ་རུ་བཏང་ཡོད།
SBS News: Sarah Maunder
ཁོ་མོས་"ཨོ་སི་ཊོ་ལི་ཡ་ནི་རྒྱལ་ཁབ་མཛེས་སྡུག་ལྡན་པ་ཞིག་རེད། ང་དང་ངའི་ནང་མི་འདིར་གཞིས་ཆགས་འདོད་ཡོད། ཏཱ་སི་མ་ནི་ཡ་མངའ་སྡེས་གཞིས་སྤོ་བ་རྣམས་ལ་ལག་རྩལ་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཆགས་འདུག ཁོང་ཚོས་འཛུགས་སྐྲུན་ལས་གཞི་ཁག་ལ་ལས་ཀ་བྱེད་མཁན་འཚོལ་བཞིན་འདུག་པས་ངའི་བསམས་པར་ས་ཆ་ཡག་པོ་ཞིག་རེད་འདུག་ཟེར།
འདི་ལོ་ཕྱི་ཟླ་ ༥ པའི་ནང་ཏཱ་སི་མ་ནི་ཡ་གཞུང་གིས་རྨང་གཞི་འཛུགས་སྐྲུན་ཆེད་མ་དངུལ་ཨོ་སྒོར་ཐེར་འབུམ་ ༣་༧ བཏང་ནས་མངའ་སྡེ་དེ་ཉིད་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ལས་གྲོལ་ཐབས་གནང་ཡོད།
མེའ་ཐིའུ་ Matthew Pollock ལགས་ནི་ཏཱ་སི་མ་ནི་ཡའི་ཁང་བཟོ་ཆེད་ལས་ཀྱི་འགན་འཛིན་ཡིན་ཞིང་། ཁོང་གིས་མངའ་སྡེ་གཞུང་གིས་ཏཱ་ས་མ་ནི་ཡའི་མི་དང་གཞིས་སྤོ་བ་གཉིས་ཀ་ལ་འཛུགས་ཀྱི་ལས་ཀ་རྒྱ་ཆེ་བསྐྲུན་རྒྱུ་འཆར་གཞི་གཏིང་གི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
སློབ་བསྡར་སྐབས་སློབ་ཕྲུག་ཕན་ཚུན་དབར་རོགས་རམ་དང་སེམས་ཤུགས་སྤར་བ།
SBS News: Sarah Maunder
ཉེ་ཆར་ཨོ་སི་ཊོ་ལི་ཡའི་རྣམ་གྲངས་རིག་པའི་གཞུང་ལས་ཁང་གིས་ཏཱ་སི་མ་ནི་ཡའི་ནང་ཐོག་བརྩེགས་འཛུགས་སྐྲུན་གནས་ཚུལ་གཏོན་པར་ལྟར་ན། འདི་ལོ་ཕྱི་ཟླ་ ༦ པ་ནས་ ༧ པ་བར་འཛུགས་བསྐྲུན་བརྒྱ་ཆ་ ༥༠ འཕར་ཡོད་སྐོར་འགྲེལ་བརྗོད་དང་། ལོ་འགོར་དང་བསྡུར་ན་བརྒྱ་ཆ་ ༢༨་༤ མཐོ་བ་ཆགས་ཡོད་འདུག
མངའ་སྡེ་གཞུང་གིས་ཏཱ་སི་མ་ནི་ཡའི་ནང་ཕྱི་ལོ་ ༢༠༢༠ ཟླ་ ༧ བར་དུས་ཡུན་ཟླ་བ་ ༡༢ རིང་ཐོག་བརྩེགས་ཅན་གྱི་ཁང་པ་ ༣་༢༣༧ འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་ངོས་ལེན་གནང་ཡོད་འདུག་པ་དང་། དེ་ནི་ཆ་སྙོམས་ཟླ་བ་རེའི་ནང་ཐོག་བརྩེགས་ཅན་གྱི་ཁང་པ་ ༢༧༠ རེ་འཛུགས་བསྐྲུན་ལེགས་གྲུབ་བྱུང་ཡོད་སྐོར་གསལ་འདུག
སློབ་ཕྲུག་རྣམས་སྦྱོང་བརྡར་ཚར་རྗེས་ཨོ་སི་ཊོ་ལི་ཡའི་གཞིས་སྤོ་འབྱུང་ཁུངས་ལྟེ་གནས་ཀྱིས་སློབ་ཕྲུག་རེ་རེ་བཞིན་ལས་ཀ་འཚོལ་བར་རོགས་རམ་གནང་གི་ཡོད་འདུག
SBS News: Sarah Maunder
ཧང་ཆིན་ལུང་ Huang Qinglong ལགས་ནི་གློག་བཟོ་མཁན་གྱི་ལས་ཀ་ཞིག་བྱེད་འདོད་ཡོད་པ་དང་། ཁོང་ནི་ལོ་ན་ ༣༢ དང་རྒྱ་ནག་ནས་ཡིན་པ་རེད། ཁོང་ཉིད་ཏཱ་སི་མ་ནི་ཡའི་ TAFE ནང་གློག་བཟོ་སྦྱོང་བརྡར་བྱེད་བཞིན་ཡོད་འདུག ཁོང་གིས་ངའི་ནང་མིར་སིཌ་ནི་དང་མེལ་བྷོན་ནང་ཛ་དྲག་གློག་ཆས་རིགས་ཀྱི་ཚོང་ལས་གཉེར་གྱི་ཡོད་ཅེས་འགྲེལ་བརྗོད་གནང་འདུག ཁོང་གིས་ང་རང་སྦྱོང་བརྡར་འདི་ཚར་དུས་ལས་བཟོ་བ་ཞིག་བྱེད་འདོད་ཡོད་པ་དང་། དེ་བཞིན་ཛ་དྲག་གློག་ཆས་རིགས་ཀྱི་ཚོང་ལས་ཤིག་འཛུགས་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག