གནས་ཚུལ་གསལ་འདོན།
- ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་མངའ་སྡེ་དང་ས་ཁུལ་ཁག་གི་ནང་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་བཞིན་པའི་ནང་ད་ལྟའི་ཆར་ཁྱོན་མི་གྲངས་ ༡༦༠༠༠ ཙམ་ཞིག་ལ་སྡོད་ཁྱིམ་མེད་པའམ་ཉལ་ས་ཡག་པོ་མེད་པ། ཡང་ན་གཞུང་གི་མཁོ་སྤྲོད་གནང་བའི་གནས་སྐབས་ཀྱི་སྡོད་གནས་ཁག་ལ་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།
- ཨོ་སི་ཊོ་ལི་ཡའི་ནང་ཧ་ལམ་མི་སུམ་ཆ་གཅིག་ཙམ་གྱིས་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཁོང་ཚའི་ནང་མིའི་དཔལ་འབྱོར་ལ་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཐེབས་ཡོད་ཚུལ་བརྗོད་འདུག
- ཨོ་སི་ཊོ་ལི་ཡའི་ནང་སྡོད་ཁྱིམ་མེད་པའི་མིའི་གྲངས་འབོར་གྱི་བརྒྱ་ཆ་ ༤༦ ནི་སྐད་ཡིག་དང་རིག་གཞུང་སྣ་ཚོགས་ཀྱི་རྒྱབ་ལྗོངས་ཅན་གྱི་མི་ཆགས་ཡོད་འདུག
མི་ཚང་མར་སྡོད་ཁྱིམ་ཞིག་དགོས་པའི་འདི་ལོའི་འབོད་སྒྲ་ནི་ National Homelessness Week ཞེས་རྒྱལ་ཡོངས་སྡོད་ཁྱིམ་མེད་པའི་གཟའ་འཁོར་ཞེས་ཕྱི་ཟླ་ ༨ ཚེས་ ༢ ནས་ཕྱི་ཟླ་ ༨ ཚེས་ ༨ བར་དུས་ཡུན་བདུན་ཕྲག་གཅིག་རིང་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་རྣམ་གྲངས་རིག་པའི་གཞུང་ལས་ཁང་ཟེར་བ་ཞིག་གིས་ཉེ་ཆར་ཚོད་དཔག་སྙན་ཐོ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་ཉེ་བའི་ལོ་ལྔའི་ནང་སྡོད་ཁྱིམ་མེད་པའི་མིའི་གྲངས་འབོར་བརྒྱ་ཆ་ ༤་༦ འཕར་ཡོད་སྐོར་འགྲེལ་བརྗོད་དང་། ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཁྱོན་སྡོད་ཁྱིམ་མེད་པའི་མི་གྲངས་ ༡༡༦་༠༠༠ ཙམ་ཡོད་སྐོར་འགྲེལ་བརྗོད་གནང་འདུག

Source: Getty Images/StockPlanets
ཇེ་ནེ་སི་མི་ཋི་ Jenny Smith ལགས་ནི་ཁྱིམ་མེད་ལྟ་རྟོགས་ལྷན་ཁང་གི་འགན་འཛིན་དང་ཨོ་སི་ཊོ་ལི་ཡ་ཁྱིམ་མེད་ལྟ་རྟོགས་ལས་ཁུངས་ཀྱི་ཚོགས་གཙོ་ཡིན་པ་རེད། ཁོ་མོས་མི་ཚོས་ཤེས་དགོས་པ་ཞིག་ལ་སྡོད་ཁྱིམ་མེད་པ་ཆགས་པའི་གནད་དོན་ནི་ནང་མིའི་དྲག་སྤྱོད་དཀའ་ངལ་དང་། ཁང་གླའི་འགྲོ་གྲོན་རྐྱེན་པས་ཆགས་པ་ལས་ཁོང་ཚོ་ནུས་མེད་ཡིན་པའི་རྒྱུ་མཚན་གྱིས་མིན་སྐོར་འགྲེལ་བརྗོད་དང་། གལ་སྲིད་ཁྱེད་རང་ང་ཚོའི་ཚོགས་སྡེ་ནང་སྐྱོ་པོ་ཡིན་ཚེ། ད་ལྟའི་ཁྲོམ་རའི་གོང་ཚད་རྐྱེན་པས་ཁང་པ་ཞིག་ཉོ་ཐུབ་མི་སྲིད་པ་དང་། དེས་སྡོད་ཁྱིམ་མེད་པ་ཆགས་པའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཏོག་དབྱིབས་ནད་ཡམས་ཨོ་སི་ཊོ་ལི་ཡའི་ནང་སླེབས་པ་ནས་བཟུང་། ནེའུ་སོ་ཐི་ཝལ་མངའ་སྡེའི་ NSW ས་ཁང་གླ་ལེན་མཉམ་འབྲེལ་གྱི་དྲ་ཚིགས་ནང་གནས་ཚུལ་ལྟར་ན། ཁང་པ་གཡར་བ་དང་ཁང་གླ་བསྐྱར་ལེན་མ་ཐུབ་པའི་བརྒྱ་ཆ་ཡར་འཕར་ཡོད་སྐོར་གསལ་འདུག
དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་ཧ་ལམ་མི་སུམ་ཆ་གཅིག་ཙམ་གྱིས་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཁོང་ཚོའི་ནང་མིའི་དཔལ་འབྱོར་ལ་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཐེབས་ཡོད་ཚུལ་གནས་ཚུལ་བརྗོད་འདུག

Source: Getty Images/powerofforever
David Pearson ལགས་ནི་ཨོ་སི་ཊོ་ལི་ཡའི་སྡོད་ཁྱིམ་མེད་པར་མཇུག་སྒྲིལ་བར་འབད་བརྩོན་གནང་མཁན་མཉམ་འབྲེལ་གྱི་ཚོགས་པ་ཞིག་གི་འགན་འཛིན་ཡིན་ཞིང་ཁོང་གིས། ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་སྡོད་ཁྱིམ་མེད་པའི་མི་རྣམས་ལ་ལྟ་རྟོགས་བྱ་རྒྱུ་གལ་གནད་ཡིན་ཞིང་། ད་ལྟའི་བར་ཨོ་སི་ཊོ་ལི་ཡའི་ནང་སྡོད་ཁྱིམ་མེད་པའི་མི་མེད་པ་རྩ་བ་ནས་ཆགས་མེད་སྐོར་འགྲེལ་བརྗོད་གནང་འདུག
ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེའི་དང་ས་ཁུལ་ནང་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་རོགས་རམ་དེའི་ཆ་ཤས་སུ་ད་ལྟའི་ཆར་རོབ་རྩིས་བྱས་ན་ཁྱོན་མི་གྲངས་ ༡༦༠༠༠ ཙམ་ལ་སྡོད་ཁྱིམ་མེད་པའམ། ཡང་ན་སྐབས་ཕྲལ་མགྲོན་ཁང་དེ་འདྲའི་ནང་གནས་སྡོད་བྱས་ཡོད་འདུག
སྐུ་ཞབས་ Pearson ལགས་ཀྱིས་འདི་ནི་ང་ཚོའི་གོ་སྐབས་ཤིག་དང་། རྒྱལ་ཁབ་གཞུང་གིས་དཔེར་ན་ཧྥི་ལན་ཌི་ལྟར་བུའི་སྡོད་ཁྱིམ་མེད་མཁན་རྩ་བ་ནས་མེད་པ་བཟོས་པ་ལྟར་བུ་འཛམ་གླིང་ལ་དཔེ་མཚོན་འོས་པ་ཞིག་བྱེད་དགོས་པ་དང་། ཡང་ན་ཨ་རི་ལྟར་བུའི་ས་གནས་སྤྱི་ཚོགས་མཉམ་རུབ་ཀྱིས་སོ་སོའི་ས་ཁོངས་སུ་སྡོད་ཁྱིམ་མེད་པའི་དཀའ་ངལ་མེད་པ་བཟོ་དགོས་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

Source: PETER PARKS/AFP via Getty Images
ཨོ་སི་ཊོ་ལི་ཡའི་ནང་སྡོད་ཁྱིམ་མེད་པའི་དཀའ་ངལ་མེད་པ་བཟོ་ཐབས་མཉམ་འབྲེལ་ཚོགས་པའི་ལས་འཆར་འགན་འཛིན་ལྕམ་ Karyn Walsh ལགས་ཀྱིས་གལ་སྲིད་སྡོད་ཁྱིམ་མེད་པའི་མི་རྣམས་ལ་ཏོག་དབྱིབས་ན་ཚ་འགོས་ཚེ་དེ་ནི་སྤྱི་ཚོགས་ནང་ན་ཚ་འགོས་ཁྱབ་ཐབས་སྡུག་འགྲོ་རྒྱུ་མ་ཟད། དེའི་མཇུག་འབྲས་མི་མང་པོ་ཞིག་གི་མྱོངས་དགོས་འཁེལ་སྲིད་སྐོར་འགྲེལ་བརྗོད་གནང་འདུག
རྒྱལ་ཡོངས་ TIS ཚོགས་པས་དབྱིན་སྐད་དཀའ་ངལ་ཡོད་རིགས་ལ་རིན་མེད་ཐོག་སྐད་སྒྱུར་གྱི་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དང་། རྒྱལ་ཡོངས་ TIS ཚོགས་པའི་འབྲེལ་གཏུགས་ཁ་པར་ཨང་གྲངས་ནི་131 450 ཡིན། ཨོ་སི་ཊོ་ལི་ཡའི་ནང་སྡོད་ཁྱིམ་མེད་པའི་གནས་ཚུལ་སྐོར་ཞིབ་ཕྲ་དྲ་ཚིགས་འདི་ནས་གཟིགས་ https://www.homelessnessaustralia.org.au/