ཨོ་སི་ཊོ་ལི་ཡའི་གཞུང་གི་ཏོག་དབྱིབས་ཉེན་སྲུང་གཉེན་ཆས་དེ་ནང་འཇུག་བྱེད་དགོས་སམ།

ཨོ་སི་ཊོ་ལི་ཡའི་ཚན་རྩལ་བས་ཆུ་ཚོད་ ༢༤ རིང་ཨོ་སི་ཊོ་ལི་ཡ་གཞུང་གིས་གསར་བཟོ་བྱས་པའི་ COVIDSafe གཉེན་ཆས་དེས་ལས་ཀ་གང་འདྲ་བྱེད་ཀྱི་ཡོད་མེད་དང་། དཀའ་ངལ་ག་རེ་ཡོད་མེད་བལྟ་ཞིབ་བྱེད་ཀྱི་ཡོད།

COVIDsafe

Source: SBS

ཨོ་སི་ཊོ་ལི་ཡ་གཞུང་གི་ཏོག་དབྱིབས་ནད་དུག་རྗེས་གཅོད་གཉེན་ཆས་འདི་རེས་གཟའ་ཉི་མའི་ཉིན་ཁྱབ་བསྒྲགས་བྱས་པ་དང་།  ཁ་པར་ནང་ཕབ་ལེན་བྱེད་མཁན་ཁྱོན་མི་གྲངས་ས་ཡ་ ༡།༨༩  བྱུང་འདུག

ཨོ་སི་ཊོ་ལི་ཡ་གཞུང་གིས་གཉེན་ཆས་དེ་ཛ་དྲག་ཐོག་ཕབ་ལེན་ནང་འཇུག་བྱེད་དགོས་པའི་སྐུལ་འདེད་དང་།  དེའི་དམིགས་ཡུལ་ནི་འཕྲོད་བསྟེན་ལས་བྱེད་པས་སུ་ཞིག་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་མི་དང་འབྲེལ་འདྲིས་བྱེད་བཞིན་ཡོད་པ་ངོས་འཛིན་མགྱོག་པོ་ཐུབ་ཆེད་ཡིན།  

གཉེན་ཆས་དེ་ཁ་པར་ནང་གི་ཡོ་ཆས་ Bluetooth བརྒྱུད་གཉེན་ཆས་དེ་བེད་སྤྱོད་བྱེད་མཁན་གཉིས་དབར་གྱི་བར་ཐག་རྨིད་ ༡།༥ ནང་ཚུད་དུས་ཡུན་སྐར་མ་ ༡༥ ཙམ་རིང་གནས་ཚུལ་སྡུད་འཇུག་བྱེད་ཀྱི་ཡོད།  ཉེ་བའི་ཏོག་དབྱིབས་ནད་དུག་གི་གནས་ཚུལ་འཕྲོད་བསྟེན་འགན་འཁུར་མི་སྣར་སྤྲད་ཡོད་ཚེ།  གཉེན་ཆས་དེས་ཏོག་དབྱིབས་ནད་དུག་ཡོད་པ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད།  

ཨོ་སི་ཊོ་ལི་ཡའི་མི་གྲངས་ས་ཡ་ ༢ ལྷག་གི་འབྲེལ་གཏུགས་རྗེས་འདེད་གཉེན་ཆས་དེ་ཕབ་ལེན་བྱས་པ།  

འཕྲོད་བསྟེན་ཆེད་མཁས་པས།  གལ་སྲིད་ཨོ་སི་ཊོ་ལི་ཡའི་ནང་མི་གྲངས་ངེས་ཅན་ཞིག་གིས་གཉེན་ཆས་འདི་ཕབ་ལེན་བྱས་ཚེ།  ཏོག་དབྱིབས་ནད་དུག་རྒོལ་འཛིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག དེ་དང་ཆབས་ཅིག ཚན་རྩལ་དང་སྒེར་གྱི་གསང་གནས་ཆེད་མཁས་པས་གཉེན་ཆས་དེས་བསྡུ་རུབ་བྱས་པའི་གནས་ཚུལ་ལ་དོ་སྣང་ཤུགས་ཆེ་བྱེད་བཞིན་ཡོད་འདུག

བདུན་ཕྲག་སྔོན་མར་གཉེན་ཆས་དེ་འགྲེམས་སྤེལ་མ་བྱས་སྔོན།  ཚན་རྩལ་དེས་ལས་ཀ་གང་འདྲ་བྱ་རྒྱུ་ཡིན་མིན་དང་།  སྒེར་གྱི་གསང་བའི་གནས་ཚུལ་ཆེད་མཁས་པས་སེམས་འཚབ་སྐོར་འགྲེལ་བརྗོད་བྱས་ཡོད།  ད་ལྟ་གཉེན་ཆས་འདི་ཕབ་ལེན་བྱེད་ཆོག་གི་ཡོད་པ་དང་།  འདིར་ཆེད་མཁས་མི་སྣས་གཉེན་ཆས་དེ་ཁྱེད་ཀྱིས་ནང་འཇུག་བྱེད་དགོས་མིན་སྐོར་འགྲེལ་བརྗོད་གནང་ཡོད།  

གཉེན་ཆས་ཆེད་ལས་པ་ཚོས་གཉེན་ཆས་དེ་ནས་ལྡོག་ཕྱོགས་ནས་བཟོ་བཀོད་དང་། འདིར་ཁོང་ཚོས་ཤེས་རྟོག་ག་རེ་བྱུང་ཡོད་མེད་གསལ།  

གཉེན་ཆས་དེ་ཁྱབ་སྤེལ་མ་བྱས་གོང་།  ཚན་རྩལ་དང་སྒེར་གྱི་གསང་གནས་ཆེད་མཁས་པས་ཨོ་སི་ཊོ་ལི་ཡ་གཞུང་ལ་གནས་ཚུལ་འབྱུང་ཁུངས་ཀྱི་ཨང་རྟགས་ཆ་ཚང་གསལ་སྟོན་བྱེད་དགོས་པའི་འབོད་སྐུལ་དང་།  དེས་རང་དབང་ལྡན་པའི་ཆེད་མཁས་པའི་ཐབས་ལམ་དང་དཀའ་ངལ་རྟོགས་ཞིབ་བཅས་ཀྱི་ཐད་གཞུང་གི་ཁས་ལེན་བྱེད་དགོས་སྐོར་འབོད་སྐུལ་བྱས་ཡོད།

འོན་ཀྱང་གཞུང་གིས་ད་དུང་གནས་ཚུལ་འབྱུང་ཁུངས་ཀྱི་ཨང་རྟགས་ད་དུང་ཁྱབ་སྤེལ་བྱས་མེད།  ཨོ་སི་ཊོ་ལི་ཡ་གཞུང་གི་འཕྲོད་བསྟེན་བློན་ཆེན་ Greg Hunt མཆོག་གིས་གཉེན་ཆས་དེ་བདུན་ཕྲག་གཉིས་ནང་ཁྱབ་སྤེལ་བྱ་རྒྱུ་ཡིན་ལུགས་ ABC གསར་ཁང་ལ་འགྲེལ་བརྗོད་གནང་ཡོད།  

གཉེན་ཆས་དེ་ཆུ་ཚོད་ ༢༤ རིང་ཁ་ཕྱེ་བ།  དཀའ་ངལ་ག་རེ་གསར་རྟོགས་ཐུབ་ཀྱི་ཡོད་དམ།  

ད་ལྟའི་ཆར་གཉེན་ཆས་དེ་ལས་དཀའ་ངལ་ཁ་ཤས་ཤིག་ངོས་འཛིན་བྱས་ཡོད།

གལ་ཏེ་འགག་རྩ་ནི་སྤྱོད་མཁན་གྱིས་བཀོལ་སྤྱོད་གོ་རིམ་དེ་ཁོ་ཚོའི་ལག་ཐོགས་ཁ་པར་ཐོག་རྒྱུན་གཏན་ལྟར་ལས་ཀ་བྱ་རྒྱུའི་འགན་ལེན་ཇི་ལྟར་བྱེད་དགོས་མིན་ཤེས་མིན་ཐད་སེམས་ཁྲལ་བྱེད་ཀྱི་ཡོད།  ཉེར་སྤྱོད་བྱ་རིམ་འདི་ངེས་པར་དུ་ཁ་ཕྱེ་ནས་འཁོར་སྐྱོད་བྱས་ན་ད་གཟོད་རྒྱུན་ལྡན་གྱི་བྱ་བ་བསྒྲུབ་ཐུབ། ཁྱོད་ཀྱིས་ཁ་པར་སྟེང་དུ་ཉེར་སྤྱོད་བྱ་རིམ་གཞན་པ་བཀོལ་ཆོག་མོད། འོན་ཀྱང་ཁྱོད་རང་ཕྱི་རུ་འགུལ་སྐྱོད་བྱེད་དུ་འགྲོ་སྐབས།  COVIDSafe ཡིས་རྒྱབ་ཏུ་ཁ་ཕྱེ་བའི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས།

རིགས་གཅིག་མཁས་ཅན་ཁག་གཅིག་གིས་གནས་ཚུལ་འགའ་ཞིག་འོག་ COVIDSafe ཡིས་iPhone ཐོག་ལས་ཀ་བྱེད་མཚམས་འཇོག་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད།  iPhone ནི་རྩོལ་ཟད་དམའ་བའི་རྣམ་པར་སླེབས་པ་དང་། ཡང་ན་བཀོལ་སྤྱོད་གོ་རིམ་མི་འདྲ་བ་མང་པོ་ཞིག་གིས་ Bluetooth སོ་སྔོན་པོ་སྤྱོད་སྐབས།  COVIDSfe ཡིས་ལས་ཀ་བྱེད་མཚམས་འཇོག་སྲིད།  ད་ལྟའི་ཆར་གཞུང་གིས་སྤྱོད་མཁན་གྱིས་གང་ཞིག་བྱེད་དགོས་མིན་ཐད་ནས་ཉེར་སྤྱོད་བྱ་རིམ་རྒྱུན་ལྡན་ཡིན་མིན་ཞིབ་བཤེར་བྱེད་པའི་ཐད་ནས་འགལ་ཟླ་གྱུར་ཡོད། ད་ལྟའི་ཆར་གཞུང་གི་ COVIDSafe དྲ་ཚུགས་ཀྱིས་ IOS སྤྱོད་མཁན་ལ་གལ་ཏེ་ཁོ་ཚོའི་ཉེར་སྤྱོད་གོ་རིམ་ལ་མ་མཐར་ཡང་ཆུ་ཚོད་ ༢༤ ལ་འཁོར་སྐྱོད་བྱས་ན། ཁོ་ཚོར་འཕྲིན་ཐུང་འབྱོར་ཏེ། ཇི་ལྟར་བྱས་ནས་དཀའ་ངལ་སེལ་དགོས་མིན་གསལ་བཤད་བྱེད་ཐུབ།  ད་ལྟའི་ཆར་ཉེར་སྤྱོད་གོ་རིམ་འདིས་ཁྱོད་ཀྱི་ཁ་པར་གློག་མེ་ཟད་དུ་འཇུག་ཐུབ་མིན་བཤད་དཀའ་ཡང་།  ཆེད་མཁས་བ་རྣམས་ཀྱི་བསམ་འཆར་མི་འདྲ་བས་ང་ཚོས་མ་འོངས་བའི་ཉིན་འགའི་ནང་ནས་གནས་ཚུལ་གསལ་བོ་ཤེས་རྟོག་ཐུབ་སྲིད།

གནད་དོན་འདི་དག་ཉེར་སྤྱོད་བྱ་རིམ་སྤྱོད་མཁན་ལ་བདེ་འཇགས་ཀྱི་གནད་དོན་འབྱུང་མི་སྲིད་མོད། འོན་ཀྱང་ཐག་གཅོད་མ་བྱས་ན། ཉེར་སྤྱོད་བྱ་རིམ་གྱི་ཕན་ནུས་རང་བཞིན་ལ་ཤུགས་རྐྱེན་ཐེབས་སྲིད།  རིགས་གཅིག་མཁས་ཅན་ཚོས་ IOS ཡི་ཚབ་ཨང་ཁྱབ་བསྒྲགས་བྱ་རྒྱུའི་འབོད་སྐུལ་ཡང་བསྐྱར་བྱས་པ་རེད། དེ་ལྟར་བྱས་ཚེ་ཁོང་ཚོས་ནུས་པའི་གནད་དོན་ལ་ཞིབ་འཇུག་བྱེད་ཆོག་པ་མ་ཟད། སྒྲུབ་ཐུབ་པའི་གནས་ཚུལ་འོག་ཉམས་གསོའི་གྲོས་འགོ་འདོན་ཆོག་གི་ཡོད་པ་རེད།  བདེ་འཇགས་ཆེད་མཁས་བ་རྣམས་ཀྱིས་སྔར་བཞིན་ COVIDSafe ཉེར་སྤྱོད་བྱ་རིམ་ལ་སེམས་ཁྲལ་བྱེད་དམ།  བདེ་འཇགས་ཆེད་མཁས་བ་རྣམས་ཀྱིས་སྔར་བཞིན་ COVIDSafe ཉེར་སྤྱོད་གོ་རིམ་ལ་སེམས་ཁྲལ་བྱས།  བདེ་འཇགས་ཀྱི་གནད་དོན་འདི་དག་ལ་མཚོན་ན་ཁྱོད་ཀྱིས་སྒྲིག་སྦྱོར་བྱེད་པའི་བཀོལ་སྤྱོད་ལ་བཀག་འགོག་བྱེད་དགོས་མིན་དང་། ཆེད་ལས་མཁས་པས་དེ་ནི་ཁྱོད་ཀྱི་མི་སྒེར་གྱི་གནས་ཚུལ་ལ་རག་ལས་ཡོད་ཅེས་བཤད།  རྒྱུ་མཚན་ནི་གཤམ་ལྟར། གཟའ་འཁོར་སྔོན་མར་བེད་སྤྱོད་ཁྱབ་བསྒྲགས་མ་བྱས་སྔོན་ལ། དེས་སྒེར་གྱི་གསང་དོན་ཆེད་མཁས་ Dali Kafaar ལ་བཅར་འདྲི་བྱས་པ་དང་། ཁོ་ནི་ Optus Macquaril སློབ་ཆེན་གྱི་དྲ་རྒྱའི་བདེ་འཇགས་ལྟེ་གནས་ཀྱི་ལག་བསྟར་འགན་འཛིན་ཡིན།  དགེ་རྒན་ཆེ་མོ་བ་ཁ་ཧྥ་ཡིས་ COVIDSafe འདི་ལྟ་བུའི་ཉེར་སྤྱོད་གོ་རིམ་གྱིས་བསླངས་པའི་གསང་དོན་གྱི་གནད་དོན་འགའ་རགས་བསྡུས་བྱས་པ་དང་། དེའི་ནང་གི་གནད་དོན་མང་པོ་ཞིག་ད་ལྟ་སྔར་བཞིན་ཉེར་སྤྱོད་གོ་རིམ་འདིར་འཚམ་པ་རེད།

ཆེད་མཁས་པ་གཞན་དག་གིས་བཏོན་པའི་གནད་འགག་གི་གནད་དོན་ཞིག་ནི།

ཉེར་སྤྱོད་བྱ་རིམ་གྱིས་བསྡུས་པའི་གཞི་གྲངས་དེ་དབུས་ཞབས་ཞུ་གཉེན་ཆས་སུ་སྤྱོད་རྒྱུ་དེ་ཡིན།  དེ་ནི་དགེ་རྒན་ཆེན་མོ་Kafar ཡིས་འགྲེལ་བཤད་པ་གནང་བ་བཞིན། སུས་འདི་ལྟ་བུའི་ཉེར་སྤྱོད་བྱ་རིམ་གྱི་དབུས་ཞབས་ཞུ་ཆས་ལ་འཛུལ་ཞུགས་བྱེད་ཐུབ་ན། དེས་ཆ་འཕྲིན་འབོར་ཆེན་ལ་འཛུལ་ཞུགས་བྱེད་ཐུབ།  གལ་ཏེ་ཞབས་ཞུ་ཆས་དྲ་དུག་གིས་བཙན་འཛུལ་བྱས་པའམ་ཡང་ན་ངན་སེམས་ཅན་གྱི་མིས་འཛུལ་ཞུགས་བྱས་ན། ཁོ་ཚོས་ཆ་འཕྲིན་འདི་དག་བཀོལ་ནས་དོན་དག་མང་པོ་བསྒྲུབ་ཆོག ཉེར་སྤྱོད་དེ་སྤྱད་ནས་ཁྱབ་བསྒྲགས་བྱས་པ་ནས་བཟུང་། སྒེར་གྱི་གསང་དོན་རིགས་གཅིག་མཁས་ཅན་གཞན་དག་དཔེར་ན། ANU ཡི་དགེ་རྒན་ཆེ་མོ་བ་གཞོན་པ་ Vanessa Teague ཡིས་བཀོལ་སྤྱོད་ཟིན་ཐོ་དང་མཉམ་སྤྱོད་དེའི་མི་རྣམས་ཀྱིས་དོ་སྣང་བྱེད་པའི་ཆ་འཕྲིན་གཞན་དག་བསྟན་ཡོད་པ་རེད།  དཔེར་ན། ཨོ་སི་ཁྲུ་ལི་ཡའི་ཉེར་སྤྱོད་གོ་རིམ་འདིས་ཁོ་པར་འཕྲད་པའི་ལག་ཐོགས་ཁ་པར་དང་སྒྲིག་ཆས་མི་འདྲ་བའི་སྤུས་རྟགས་དང་བཟོ་དབྱིབས་ཉར་ཚགས་བྱས་ཡོད། མི་སུ་འདྲ་ཞིག་གིས་ལག་ཐོགས་ཁ་པར་དེ་རིགས་ལ་རེག་ཐུབ་ཚེ་ཚན་རྩལ་ཤེས་བྱ་ཏོག་ཙམ་ཤེས་ཀྱི་ཡོད།  Teague དང་ཁོང་གི་ལས་རོགས་ཀྱིས་གཟའ་ཟླ་བའི་ཉིན་ཟིན་བྲིས་ཐོག་རྩོམ་ཡིག་ཅིག་སྤེལ་བའི་ནང“མ་གཞི་བྱས་ན་དེ་ནི་ཡག་པོ་ཞིག་མིན་ཡང་འབྲེལ་གཏུག་བྱེད་མཁན་གྱི་ལག་ཐོགས་ཁ་པར་གྱི་བཟོ་དབྱིབས་གནད་ལ་འཁེལ་བ་དེ་ནི་ཆ་འཕྲིན་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་གྱི་རེད”ཅེས་བྲིས་ཡོད།

 “དཔེར་ན། མི་ཞིག་གིས་མི་གཞན་ཞིག་གི་ལག་ཁྱེར་ཁ་པར་དེ་དམིགས་བསལ་གྱི་ཐུན་མོང་གི་ངོ་ཤེས་ཡིན་མིན་ཤེས་འདོད་ན། ཚོད་འཛིན་པས་ COVID Safe ཉིན་ཐོ་ཀློག་ཆོག་པ་མ་ཟད། ལག་ཁྱེར་ཁ་པར་གྱི་བཟོ་དབྱིབས་དེ་ཁོ་ཚོའི་ཚོད་དཔག་དང་འཚམ་མིན་ལ་ཞིབ་བཤེར་བྱེད་ཆོག”ཅེས་བཤད།  “དེ་ནི་དམིགས་བསལ་གྱི་ཐོབ་ཐང་ལ་ཕན་ཐོགས་ཆེན་པོ་མེད་ཅེས་ཤུགས་ཀྱིས་བསྟན་མོད། འོན་ཀྱང་དམིགས་བསལ་གྱི་མི་དང་ཐུག་འཕྲད་བྱེད་པའི་རིགས་པའི་གཞུང་ལུགས་ལ་ར་སྤྲོད་དང་སུན་འབྱིན་བྱེད་པར་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་བཤད་པ་རེད།  

དགེ་རྒན་ཆེ་མོ་བ་ Kafar ཡིས་ད་དུང་དབུས་དབང་འཛིན་ལས་ཁུངས་ཀྱིས་ཕལ་ཆེར་སྤྱོད་མཁན་ལས་ཤེས་རྟོགས་བྱུང་བའི་ཆ་འཕྲིན་དེ་བས་མང་བ་འབྱོར་ཡོང་སྙམ་ནས་སེམས་ཁྲལ་བྱེད་ཀྱི་ཡོད།  ཁ་ཧྥ་ཨེར་གྱིས་འགྲེལ་བཤད་བྱས་པ་ལྟར། གལ་ཏེ་མི་སྣ་ཀ་པར་ཏོག་དབྱིབས་ནད་དུག་ཕོག་ཡོད་པར་བརྟག་དཔྱད་བྱས་པ་མ་ཟད། ཁོ་ཚོའི་འབྲེལ་གཏུག་པར་བརྒྱུད་བསྐུར་བྱེད་པར་མོས་མཐུན་བྱུང་ན། ཁོ་ཚོས་ཁོ་ཚོར་ཉེ་ལམ་ཁ་བ་དང་ཁ་བ་གཉིས་དང་དུས་ཆད་བྱས་ཡོད་ཅེས་བཤད་སྲིད།  དབུས་དབང་འཛིན་ལས་ཁུངས་ཀྱིས་ད་ལྟ་ཁ་བ་དང་ག་པ་གཉིས་ངོ་འཕྲད་མྱོང་བ་ཤེས་མོད། འོན་ཀྱང་མི་འདི་གཉིས་ཀྱིས་ཆ་འཕྲིན་འདི་དག་མཉམ་སྤྱོད་བྱས་ཟིན་པ་ཤེས་དགོས་པའི་ངེས་པ་མེད།  དགེ་རྒན་ཆེ་མོ་བ་ཁ་ཧྥ་འར་གྱིས་དེ་ནི་གནས་ཚུལ་རེ་གཉིས་ཀྱི་མཚོན་ཚུལ་ཞིག་རེད་ཅེས་གསུངས་འདུག

“ཆ་འཕྲིན་དེ་དག་མི་མང་པོ་ཞིག་གི་ངོས་ནས་བརྗོད་ན་དོ་སྣང་ཆེན་པོ་བྱེད་སྲིད་ཀྱི་མ་རེད། འོན་ཀྱང་མི་གཞན་དག་གི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་པོ་ཞིག་ཡིན་གྱི་རེད། དཔེར་ན། ཆབ་སྲིད་ཚོགས་པ་མི་འདྲ་བ་གཉིས་ནས་ཡོང་བའི་ཆབ་སྲིད་མཁས་ཅན་གཉིས་ཀྱིས་ཚོགས་འདུ་འཚོགས་བཞིན་ཡོད་པ་དང་ཡང་ན་གསར་འགོད་པ་གཅིག་དང་ཆབ་སྲིད་མཁས་ཅན་གཅིག་གིས་ཚོགས་འདུ་འཚོགས་བཞིན་ཡོད”ཅེས་བཤད་པ་རེད།  དགེ་རྒན་ཆེ་མོ་བ་ཁ་ཧྥ་ཡིས་སྒེར་གྱི་གསང་དོན་དེ་དག་ཁྲོད་ཀྱི་གནད་དོན་མང་པོ་ཞིག་ཉེར་སྤྱོད་གོ་རིམ་ལ་བལྟོས་བཅས་ཀྱིས་ཅུང་ཆུང་བའི་འགྱུར་ལྡོག་ལ་བརྟེན་ནས་ཐག་གཅོད་བྱེད་ཆོག་གི་ཡོད།  

རྒྱལ་སྤྱིའི་རིགས་གཅིག་མཁས་ཅན་གྱི་མཉམ་འབྲེལ་ཚོགས་པ་ཞིག་གིས་ཆ་འཕྲིན་བརྒྱུད་བསྐུར་གཏན་ནས་མི་བྱེད་པའི་དབུས་སྒྲིག་གཞིའི་རྗེས་འདེད་ཉེར་སྤྱོད་གོ་རིམ་ཞིག་གཏོད་སྲིད་ཅིང་། དགེ་རྒན་ཆེ་མོ་བ་ Kafar ཡིས་ Fed ལ་བརྗོད་པ་དང་། ཁོང་མི་སྒེར་གྱིས་བེད་སྤྱོད་དེ་སྒྲིག་སྦྱོར་བྱེད་མི་སྲིད་མོད། འོན་ཀྱང་ཁོང་གིས་བསམ་ཚུལ་དེ་ཨོ་སི་ཊོ་ལི་ཡའི་མི་གཞན་གྱིས་གང་འདྲ་བྱས་ནས་བྱེད་དགོས་མིན་གཏན་འཁེལ་དེ་ཙམ་བྱེད་ཀྱི་མེད།  ཁོང་གིས“ངས་སྒྲིག་སྦྱོར་བྱ་རྒྱུའི་གྲོས་འགོ་འདོན་སྲིད་དམ། དོན་དངོས་ཐོག་ངས་དེ་ནི་ཧ་ཅང་བྱེད་དཀའ་བའི་གནད་དོན་ཞིག་ཡིན་པ་ཤེས་བྱུང”ཞེས་བཤད་པ་རེད།  “ངའི་བསམ་པར་གཞུང་གིས་སྒེར་གྱི་གསང་དོན་གྱི་གནད་དོན་ཁག་གཅིག་ལ་བསམ་གཞིག་བྱས་ཀྱང་གནད་དོན་གཙོ་བོ་ཁག་གཅིག་ལ་ཐུག་མེད། དེ་ལ་དངོས་གནས་བསམ་འདུན་བཟང་པོ་ཡོད་པ་དཔེར་ན། གནས་ཡུལ་གཞན་གྱིས་འཚོལ་མི་སྲིད་པ་མ་ཟད། ཨང་རྟགས་ཉིན་ ༢༡ སོང་རྗེས་བསུབ་ངེས་རེད”ཅེས་བཤད།

“ངའི་བསམ་པར་གལ་ཆེའི་བྱ་བ་ཞིག་ནི་སྒེར་གྱི་གསང་དོན་ནི་ཧ་ཅང་ཆེན་པོ་ཞིག་རེད་སྙམ་གྱི་འདུག ཐུན་མོང་གི་གནས་གཏན་འཁེལ་གྱི་ཆ་འཕྲིན་ཁག་གཅིག་མི་ཁག་གཅིག་གི་ངོས་ནས་བརྗོད་ན་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་མི་གཞན་དག་ཁག་གཅིག་གི་ངོས་ནས་བརྗོད་ན་དེ་དང་འབྲེལ་བ་གཏན་ནས་མེད”ཅེས་བཤད།  “ངས་འདིར་གཉིས་གོང་འགྲིལ་ལུགས་འོས་སྦྱོར་བྱེད་མི་ཐུབ་མོད། འོན་ཀྱང་ང་བསྡད་ནས་སྒུག་སྡོད་ཀྱི་ཡིན། ང་ཚོས་ལག་རྩལ་དང་ཁྲིམས་འཛུགས་ཐད་གསལ་ཆ་མང་ཙམ་ཡོད་དགོས”ཞེས་བཤད་འདུག

 ངས་ ComidSafe ནང་འཇུག་བྱེད་དགོས་སམ།  གཤམ་ནི་མཇུག་འབྲས་རེད།   

COVIDSafe བཀོལ་སྤྱོད། དེའི་རྒྱུ་མཚན་ནི་བྲེལ་འཚུབ་ངང་སྤེལ་བ་ནི་རྒྱུ་རྐྱེན་ཞིག་ཡིན། ང་ཚོ་དར་གསོ་ཆེན་པོ་ཞིག་གི་ཁྲོད་དུ་གནས་ཡོད།  གལ་ཏེ་ང་ཚོས་ཡང་བསྐྱར་སྒོ་འབྱེད་པའི་སྤྱི་ཚོགས་འཛུགས་བསམ་ན། མགྱོགས་མྱུར་ངང་ནད་རིགས་གསར་བར་འཕྲད་སྲིད་པའི་མི་སུ་ཡིན་ཡང་ཤེས་རྒྱུ་ཧ་ཅང་གལ་ཆེ།  གལ་ཏེ་ཨོ་སུ་ཊོ་ལི་ཡའི་མི་མང་བོ་ཞིག་གིས་འདི་ཕབ་ལེན་བྱས་ནས་བཀོལ་སྤྱོད་བྱེད་པ་མ་ཟད། བེད་སྤྱོད་ཡག་པོ་བཏང་བ་ཡིན་ན། དེ་ཡིས་འདིའི་ཕྱོགས་ལ་རོགས་རམ་གྱི་ནུས་པ་ཐོན་སྲིད།

འོན་ཀྱང་བེད་སྤྱོད་དེ་རིགས་ལ་ནུས་པ་འདོན་དུ་འཇུག་ཆེད། གཞུང་གིས་ཉུང་མཐར་ཡང་ཨོ་སི་ཊོ་ལི་ཡའི་མི་གྲངས་བརྒྱ་ཆ་ ༤༠ ཡིས་བེད་སྤྱོད་བྱེད་དགོས་ཀྱི་ཡོད། གལ་སྲིད་དེ་ལས་མང་བ་མེད་ཀྱང་མི་གྲངས་ཁྲི་ ༡༠༠༠ ཙམ་གྱིས་ཐོ་འགོད་བྱེད་དགོས་ཀྱི་ཡོད་པ་རེད།  གཟའ་ཟླ་བའི་དགོང་མོའི་བར། ང་ཚོ་ཁྲི་ཉིས་བརྒྱ་ལྷག་ལ་ཐོན་ཡོད།


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service