ད་ཆ་ཝི་ཊོ་རི་ཡ་མི་མང་རྣམས་ཉི་མའི་དྲོ་སྐྱིད་ལོངས་སུ་སྤྱོད་རྒྱུའི་དུས་ཚོད་ཡིན།

ཝི་ཊོ་རི་ཡ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཌེ་ནལ་ཨན་ཌོར་སི་ Daniel Andrews མཆོག་གིས་ཝི་ཊོ་རི་ཡ་མི་མང་རྣམས་ལ་”དགུན་ཁ་དེ་དུས་ཡུན་རིང་པོ་དང་དཀའ་ཚེགས་ཅན་ཞིག་བྱུང་ཡང་། ད་ཆ་ཉི་མའི་དྲོ་སྐྱིད་ལ་རོལ་རྒྱུའི་དུས་ཚོད་ཡིན་”ཞེས་གསུངས་འདུག

Daniel Andrews

Source: SBS

ཕྱི་ལོ་ ༢༠༡༩ ཟླ་ ༡༢ པའི་ནང་ཏོག་དབྱིབས་ན་ཚ་ཆེས་ཐོག་མར་རྒྱ་ནག་ཝུ་ཧན་ནང་འགོས་ཁྱབ་ཤེས་རྟོགས་བྱུང་བ་ནས་བཟུང་། རིམ་བཞིན་འཛམ་གླིང་ཁྱོན་ལ་ན་ཚ་འགོས་ཁྱབ་ཕྱིན་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ནང་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༥ ཉིན་ཆེས་ཐོག་མའི་ཏོག་དབྱིབས་ནད་པ་ངོས་འཛིན་དང་རིམ་བཞིན་ཕྱི་ཟླ་ ༦ པ་བར་འཛམ་གླིང་གི་ལུང་པ་གཞན་ཁག་དང་བསྡུར་ན་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་དེ་ཙམ་མཐོ་པོ་མིན།

འོན་ཀྱང་འདི་ལོ་ཕྱི་ཟླ་ ༧ པ་ནས་བཟུང་དུས་ཡུན་ཟླ་བ་ ༣ ཙམ་གྱི་རིང་ཨོ་སི་ཊོ་ལི་ཡའི་ཝི་ཊོ་རི་ཡ་མངའ་སྡེའི་གཅིག་པུའི་ནང་གློ་བུར་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་ངེས་ཅན་ཞིག་འཕར་ཏེ། མངའ་སྡེའི་ནང་ཁྱིམ་སྡོད་བཀའ་རྒྱ་སོགས་ཝི་ཊོ་རོ་ཡ་མི་མང་གི་འགྲོ་བསྐྱོད་སོགས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་དགོས་བྱུང་བ་མ་ཟད། ཨོ་སི་ཊོ་ལི་ཡའི་མངའ་སྡེ་གཞན་ཁག་གིས་ཀྱང་ཝོ་ཊི་རོ་ཡ་དང་འགྲོ་འོངས་ཡོངས་སུ་བཀག་བསྡོམས་དང་ས་མཚམས་ཁག་སྒོ་བརྒྱབ་ཡོད།

སྟབས་ལེགས་པ་ཞིག་ལ་ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༣༠ ནས་བཟུང་ད་བར་ཝི་ཊོ་རི་ཡའི་ནང་ནད་པ་གསར་པ་རྐང་གཅིག་ཐོན་མེད་པར་བརྟེན། མངའ་སྡེའི་ནང་དམ་བསྒྲགས་ཁག་རིམ་བཞིན་ལྷོད་དུ་བཏང་ཡོད་པ་དང་། ད་ལྟའི་ཆར་མི་མང་རྣམས་རང་ཁྱིམ་ནས་འགྲོ་བསྐྱོད་བཀག་འགོག་མེད་པས་མ་ཚད། ཁང་པའི་ནང་ལོགས་སུ་མི་གྲངས་ ༥༠ མན་འདུ་འཛོམས་བྱེད་ཆོག ཁྱིམ་ཚང་མི་འདྲ་བ་ནས་ཁྱོན་མི་གྲངས་ ༡༥ ཕན་ཚུན་འགྲོ་འོངས་བྱེད་ཆོག

 ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གཏོང་ཕྱོགས་སྐོར་སྒྲིག་གཞི་ཕྱི་ཟླ་ ༡༢ པའི་ཚེས་ ༤ ནས་གསལ་བསྒྲགས་བྱ་རྒྱུ་དང་། དེ་ཡང་དུས་ཆེན་སྐབས་ཁྱོན་མི་གྲངས་ ༣༠ ནང་མི་ཕན་ཚུན་དབར་འགྲོ་འོངས་བྱེད་ཆོག་ཅིང་ འཚིག་ཇ་ཁང་དང་། ཟ་ཁང་། ཆང་ཁང་བཅས་ཁྱོན་མི་གྲངས་ ༣༠༠ མན་ལ་ཞབས་ཞུ་སྒྲུབ་ཆོག་གི་ཡོད། ཁང་པའི་ཕྱི་རོལ་གྱི་རྩེད་རིགས། ཆུ་རྐྱལ་དང་། ལུས་སྦྱོང་བཅས་ཁྱོན་མི་གྲངས་ ༡༥༠ མན་ཞབས་ཞུ་བྱེད་ཆོག་གི་ཡོད་ཅིང་། ཁང་པའི་ཕྱི་རོལ་དུ་ཁྱོན་མི་གྲངས་ ༥༠༠ འདུ་འཛོམས་བྱེད་ཆོག

དེར་བརྟེན་ཉེ་ཆར་ཕྱི་ཚེས་ ༢༢ རེས་གཟའ་ཉི་མའི་ཝི་ཊོ་རི་ཡ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཌེ་ནལ་ཨན་ཌོར་སི་ Daniel Andrews མཆོག་གིས་”དགུན་ཁ་དེ་དུས་ཡུན་རིང་པོ་ཞིག་དང་དཀའ་ཚེགས་ཅན་ཞིག་བྱུང་ཡང་། ད་ཆ་ཉི་མའི་དྲོ་སྐྱིད་ལ་རོལ་རྒྱུའི་དུས་ཚོད་ཡིན་”ཞེས་པའི་བསྒྲགས་གཏམ་ཞིག་སྤེལ་འདུག

བསྒྲགས་གཏམ་དེའི་ནང་ཁོང་གིས་”ཟླ་བ་གསུམ་གྱི་གོང་ལ་ཝོ་ཊི་རོ་ཡའི་ནང་ཏོག་དབྱིབས་ནད་པ་ ༤༢༩༣ ཡོད་ཀྱང་དེ་རིང་ནད་པ་གཅིག་ལས་མེད། འདི་ནི་བློ་ཡུལ་ལས་འདས་པའི་གྲུབ་འབྲས་ཤིག་ཡིན། འདིས་ང་ཚོས་ཏོག་དབྱིབས་ན་ཚ་སྟངས་འཛིན་ཐུབ་ཀྱི་ཡོད་པ་སྟོན་པ་ཙམ་མ་ཡིན་པར། རྩ་མེད་གཏོང་རྒྱུའི་ཆོད་སེམས་དེ་མངོན་གྱི་ཡོད།

དེ་སྔོན་ང་ཚོས་ཡེ་ཤུའི་འཁྲུངས་སྐར་དེ་བཞིན་ཏོག་ཙམ་རྒྱུན་ལྡན་ལྟར་རོལ་ཐུབ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་དང་། ཝི་ཊོ་རི་ཡ་མི་མང་ཚང་མའི་འབད་བརྩོན་ལ་བརྟེན་ནས་ད་ཆ་ང་ཚོའི་དམིགས་ཡུལ་དང་རེ་བ་དེ་བཞིན་སྒྲུབ་ཐུབ་པ་བྱུང་ཡོད།” ཅེས་གསུངས་འདུག

ཡང་ཁོང་གིས་” འབྱུང་འགྱུར་གྱི་བདུན་ཕྲག་ཁ་ཤས་ནང་(དཔྱིད་ཀའི་ཏོག་དབྱིབས་སྔོན་འགོག་བདེ་འཇགས་)ཇི་ལྟར་ཆགས་མིན་ནི། མི་མང་ཚོས་འཕྲོད་བསྟེན་ཆེད་མཁས་མི་སྣའི་གང་བཤད་པ་ལྟར་གནས་མིན་དེ་ཆགས་ཡོད།

དེ་ལྟར་ནའང་ང་ཝི་ཊོ་རི་ཡ་མི་མང་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་གནས་སྟངས་འདི་འདྲ་ཞིག་ལ་སླེབས་པ་དེ་གདེང་ཚོད་ཡོད་པ་ཞིག་མིན་ཡང་། གཙོ་བོར་ཁྱེད་རང་གིས་འབད་བརྩོན་དང་ང་ཚོའི་འབད་བརྩོན་ལ་བརྟེན་ནས་བྱུང་བ་རེད།

དགུན་ཁ་དེ་དུས་ཡུན་རིང་པོ་དང་གནས་སྟངས་ཁག་པོ་ཞིག་བྱུང་ཡང་། ད་ཆ་ཉི་མའི་དྲོ་སྐྱིད་ལོངས་སུ་སྤྱོད་རྒྱུའི་དུས་ཚོད་དེ་རེད་”ཅེས་གསུངས་འདུག

ཡང་ཉེ་ཆར་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་ནད་པ་གསར་པ་ཁག་ཅིག་ཐོན་པར་བརྟེན། དུས་ཡུན་ཉིན་གྲངས་ ༦ རིང་ཁྱིམ་སྡོད་བཀའ་རྒྱ་ཕབ་དགོས་བྱུང་ཡོད་པ་རེད། ཡང་ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེས་ཕྱི་ཟླ་ ༡༢ ཚེས་ ༡ རེས་གཟའ་ཕུར་བུ་ཉིན་ནས་ཝི་ཊོ་རི་ཡའི་ས་མཚམས་སྒོ་ཕྱེ་རྒྱུ་དང་། ཝི་ཊོ་རི་ཡ་མངའ་སྡེ་ནས་ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེའི་ནང་འགྲོ་འོངས་བྱེད་མཁན་རྣམས་དུས་ཡུན་ཉིན་གྲངས་་ ༡༤ རིང་གི་ཟུར་བཀག་དུ་སྡོད་དགོས་ཀྱི་མེད་པ་རེད།

ནེའུ་སོ་ཐི་ཝལ་མངའ་སྡེས་ཝི་ཊོ་རི་ཡ་མངའ་སྡེ་དང་ས་མཚམས་བསྐྱར་དུ་སྒོ་ཕྱེས་ཡོད།

ད་བར་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་གྲངས་ ༢༧༨༤༨ བྱུང་ཡོད་པ་དང་། དེའི་ནང་ནད་པ་གྲངས་ ༢༥༣༥༠ དྲག་བསྐྱེད་དང་། མི་གྲངས་ ༩༠༧ འདས་གྲོངས་སུ་ཕྱིན་ཡོད་པ་རེད།

དུས་ཡུན་ཆུ་ཚོད་ ༢༤ ནང་ཨོ་སི་ཊོ་ལི་ཡ་ཁྱོན་དུ་ནད་པ་གསར་པ་གྲངས་ ༡༣ བྱུང་འདུག་པ་དེའི་ནང་ནེའུ་སོ་ཐི་ཝལ་མངའ་སྡེ་ནས་ནད་པ་གྲངས་གསར་པ་གྲངས་ ༦ དང་། ཁུན་སི་ལན་ཌི་ནས་ ༡ དེ་བཞིན་ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེ་ནས་ནད་པ་གསར་པ་ ༤ བཅས་ཐོན་ཡོད་པ་རེད།

འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཁྱོན་མི་གྲངས་ ༣༤༩༦༠ ལ་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་དང་། འདས་པའི་བདུན་ཕྲག་གཅིག་གི་ནང་ས་གནས་ནས་ནད་པ་གསར་པ་གྲངས་ ༡༠ དང་། རྒྱལ་ཁབ་གཞན་ནས་ཡོང་མཁན་ནང་ནད་པ་གསར་པ་གྲངས་ ༨༢ ཐོན་ཡོད་འདུག

ད་ལྟ་ཆར་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཚས་མནར་བཞིན་པའི་མི་གྲངས་ ༡༤༠༩ དང་དེ་ཡང་མི་གྲངས་ ༢༡ སྨན་ཁང་ནང་ལྷག་ཡོད་འདུག


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service
ད་ཆ་ཝི་ཊོ་རི་ཡ་མི་མང་རྣམས་ཉི་མའི་དྲོ་སྐྱིད་ལོངས་སུ་སྤྱོད་རྒྱུའི་དུས་ཚོད་ཡིན། | SBS Tibetan