སྤྱི་བསྐྱོད་འགྲིམ་འགྲུལ་སྐབས་རྩ་འཛིན་ལམ་སྟོན་འདི་འདྲ་གནང་འདུག

ཨོ་སི་ཊོ་ལི་ཡ་གཞུང་གིས་མི་མང་རྣམས་རྒྱལ་ནང་དུ་མེ་འཁོར་དང་། སྤྱི་བསྐྱོད་རླངས་འཁོར་སོགས་ཀྱི་ནང་འགྲིམ་འགྲུལ་གནང་སྐབས་ཏོག་དབྱིབས་ནད་དུག་འགོས་ཁྱབ་མི་འགྲོ་ཆེད། ངེས་པར་དུ་གཟབ་གཟབ་ག་རེ་གནང་དགོས་མིན་རྩ་འཛིན་ལམ་སྟོན་གནང་ཡོད།

Bus terminus, Victoria Gozo

Source: Photo: Joe Axiaq - SBS Maltese

ཨོ་སི་ཊོ་ལི་ཡ་གཞུང་གིས། སྤྱི་དམངས་འགྲིམ་འགྲུལ་ཞབས་ཞུ་སྡེ་ཚན་ཁག་གིས་མངའ་སྡེ་དང་ས་ཁུལ་སོ་སོར་རྒྱལ་ཡོངས་བློན་ཆེན་ལྷན་ཚོགས་ཀྱིས་ལམ་སྟོན་ལྟར། ལས་བྱེད་དང་མི་མང་གི་འཕྲོད་བསྟེན་བདེ་འཇགས་སྐོར་གྱི་རྩ་འཛིན་ལམ་སྟོན་དེ་བཞིན་ལག་བསྟར་གནང་དགོས་སྐོར་གསུངས་འདུག

དེ་བཞིན་མི་མང་རྣམས་ཀྱིས་ཛ་དྲག་ཡིན་ན་མ་གཏོགས་བདེ་ཐང་མིན་པའི་སྐབས་འགྲུལ་བཞུད་བྱ་རྒྱུ་མེད་པ་དང་། རི་ལི་དང་སྤྱི་བསྐྱོད་རླངས་འཁོར་སོགས་སུ་འགྲུལ་བཞུད་སྐབས་ཁ་ལོ་བ་དང་འགྲུལ་པ་གཞན་ལས་རྒྱང་བཀྱེད་ཀྱི་སྒྲིག་གཞི་མུ་མཐུད་ལག་བསྟར་གནང་དགོས་སྐོར་གསུངས་འདུག

འགྲུལ་པ་རྣམས་དབུག་འབྱིན་རྔུབ་དཀའ་བ་དང་ཚ་བ་འཕར་བ་སོགས་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ལྟར་བུ་ཐོན་ཚེ་སྤྱི་བསྐྱོད་འགྲིམ་འགྲུལ་ཁག་ནང་འགྲོ་མི་རུང་བ་ངེས་པར་དུ་སྒེར་གྱི་རླངས་འཁོར་ནང་འགྲོ་ནས་སྨན་བཅོས་བརྟག་དཔྱད་གནང་ཐབས་བྱེད་དགོས། གལ་སྲིད་ཛ་དྲག་ཡིན་ཚེ་ཛ་དྲག་འབྲེལ་གཏུགས་ཁ་པར་འབྲེལ་བ་བྱེད་དགོས།

གཞན་ཡང་སྤྱི་བསྐྱོད་འགྲིམ་འགྲུལ་སྐབས་ཤོག་དངུལ་སྤྲོད་ལེན་བྱ་རྒྱུ་མེད་པ་དང་། (ཤོག་དངུལ་ལས་ཏོག་དབྱིབས་ན་ཚ་འགོས་སྲིད་པའི་འགྲེལ་བརྗོད་གནང་གི་ཡོད་) མི་མང་འགྲིམ་འགྲུལ་བ་རྣམས་ཁ་རས་གྱོན་དགོས་པའི་གཏན་འབེབས་བྱས་མེད་ཀྱང་རང་ངོས་ནས་མ་སྐུལ་དང་བླངས་ཐོག་ཁ་རས་གྱོན་ན་དགེ་མཚན་ཡོད་སྐོར་འགྲེལ་བརྗོད་གནང་འདུག

གློ་རྒྱག་པ་དང་སྣ་ཆུ་འཛག་དུས་ལག་པ་གཙང་བ་བཀྲུ་དགོས་པ་དང་། འགྲུལ་བཞུད་སྐབས་རང་ཉིད་ཀྱི་དུག་སེལ་ཆུ་དང་དུག་སེལ་ལག་འཕྱིས་མཉམ་དུ་འཁྱེར་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོན་གནང་འདུག

ཞབས་ཞུ་སྡེ་ཚན་ཁག་གིས་ལྟེ་གནས་ཁག་དང་། འབབ་ཚུགས་ཁག རླངས་འཁོར་ནང་ངོས་བཅས་ལ་འགྲུལ་པ་རྣམས་ཀྱིས་སྤྱི་བསྐྱོད་རླངས་འཁོར་སོགས་འགྲིམ་འགྲུལ་ནང་མ་འགྲོ་སྔོན་དང་། འགྲོ་བའི་སྐབས། དེ་རྗེས་མར་བབས་ཚར་དུས་བཅས་ལ་གཙང་སྦྲ་འཕྲོད་བསྟེན་གང་ལེགས་གནང་དགོས་པའི་རེ་སྐུལ་སྦྱར་ཡིག་སྦྱར་དགོས།

ཨོ་སི་ཊོ་ལི་ཡའི་ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་ལྷན་ཁང་གི་ལམ་སྟོན་གནང་བ་ལྟར་མི་མང་ཚོས་རྒྱུན་དུ་ལག་པ་ཡང་ཡང་འཆང་ས་དང་། གསང་སྤྱོད་སོགས་སུ་གཙང་བཟོ་གཙང་ཉར་བྱེད་དགོས་པ། དཔེར་ན། གསང་སྤྱོད་སོགས་སུ་དུག་སེལ་ཆུའི་མཐུན་རྐྱེན་ཡོད་པ་བྱེད་དགོས་པ་སོགས་ལམ་སྟོན་གནང་འདུག

ཏོག་དབྱིབས་ནད་དུག་སྐབས་སྤྱི་དམངས་འགྲིམ་འགྲུལ་རྩ་འཛིན་ལམ་སྟོན་སྐོར་ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས་རོགས།  https://www.infrastructure.gov.au/transport/files/COVID19_public_transport_principles_29052020.pdf 


Share

Published

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service
སྤྱི་བསྐྱོད་འགྲིམ་འགྲུལ་སྐབས་རྩ་འཛིན་ལམ་སྟོན་འདི་འདྲ་གནང་འདུག | SBS Tibetan