སྤྱི་ཚོགས་རྒྱང་བཀྱེད་ Social Distancing ནི་ད་ལྟའི་ཆར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ལམ་གལ་ཆེ་ཤོས་ཤིག་བརྩི་བཞིན་པར་ལྟར། གལ་སྲིད་ཨོ་སི་ཊོ་ལི་ཡའི་ནང་སྤྱི་ཚོགས་རྒྱང་བཀྱེད་ Social Distancing ཡི་སྒྲིག་སྲོལ་ལ་གུས་བརྩི་ལག་བསྟར་མ་བྱས་ཚེ། མངའ་སྡེ་སོ་སོའི་ནང་ཆད་པ་འདྲ་མིན་ཕོག་རྒྱུ་ཡིན་སྐོར་བརྗོད་འདུག
དེ་ཡང་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་སྒྲིག་སྲོལ་ཁག་ནི།
- ནེའུ་སོ་ཐི་ཝལ་ NSW མངའ་སྡེའི་ནང་ཆད་པ་ཨོ་སྒོར་ $1000 དང་དེ་ལས་མང་བ། ཡང་ན་བཙོན་འཇུག་གི་ཉེས་ཆད།
- ཝེ་ཊོ་རི་ཡའི་ནང་ Victoria ཨོ་སྒོར་ $1600 དང་དེ་ལས་མང་བ།
- ཨོ་སི་ཊོ་ལི་ཡ་ལྷོ་ཁུལ་ SA ཉེན་རྟོག་པས་དམིགས་བསལ་ནན་སྐུལ་གནང་མེད།
- ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁུལ་ལ་ཉེན་བརྡ་དང་ཆད་པ་གཅོད་ཆོག་པའི་ཆོག་མཆན་སྤྲད་ཡོད།
- ཁུན་སི་ལན་ཌི་ Queensland ནང་མི་སྒེར་ཨོ་སྒོར་ $1330 ཆད་པ་གཅོད་ཆོག
- ཨོ་སི་ཊོ་ལི་ཡའི་ནུབ་ཁུལ་ WA མི་སྒེར་ཨོ་སྒོར་ $1000 རེར།
- ཏཱ་སི་མ་ནེ་ཡ་ Tasmania ཆད་པ་གཅོད་ཆོག་པའི་ཆོག་མཆན་སྤྲད་པ།
- ཨོ་སི་ཊོ་ལི་ཡ་བྱང་ཁུལ་ NT ཉེན་རྟོག་པས་དམིགས་བསལ་ཉེན་སྐུལ་གནང་མེད་པ་རེད།
དེར་བརྟེན་དེང་སང་ནང་དང་ཕྱི་ལ་མི་གཉིས་ལས་མང་བ་འདུ་འཛོམས་མཉམ་འགྲོ་མི་ཆོག་པ་དང་། མི་དང་མིའི་དབར་ངེས་པར་དུ་བར་ཐག་མི་ཊར་ ༡།༥ ལས་མང་བ་བཞག་དགོས་པ། དེ་བཞིན་ཉེ་བའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཚོང་ཁང་ཆེ་གྲས་དེ་ཚོའི་ནང་ལ་ཡང་དུས་གཅིག་ཏུ་ཅ་ལག་ཉོ་མཁན་མི་གྲངས་ ༡༠ མང་བ་མཉམ་དུ་འཛུལ་མི་ཆོག་པའི་སྒྲིག་སྲོལ་བཟོས་ཡོད་པ་རེད།