ཨོ་སི་ཊོ་ལི་ཡའི་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་གྲངས་ཐོ་དང་དམིགས་ཚད།

ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཁྱོན་མི་གྲངས་ས་ཡ་ ༡༡་༢ ལྷག་ཙམ་ལ་ཏོག་དབྱིབས་འགོག་ཁབ་རག་ཡོད་པ་དང་། དེས་ཨོ་སི་ཊོ་ལི་ཡའི་ལོ་ན་ ༡༦ ཡན་གྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༥༤་༤ ཟིན་གྱི་ཡོད། དེའི་ནང་ཁྱོན་མི་གྲངས་ས་ཡ་ ༦་༥ ལྷག་ཙམ་ལ་ཏོག་དབྱིབས་འགོག་ཁབ་ཐེངས་གཉིས་ཀ་རག་ཚར་ཡོད་པས། དེས་ལོ་ན་ ༡༦ ཡན་གྱི་རྒྱལ་ཡོངས་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༣༡་༦ ཟིན་གྱི་ཡོད།

Communicable diseases; Emergency health management; Immunisation

Source: health.gov.au

དེ་རིང་ཞོགས་པ་ནེའུ་སོ་ཐི་ཝལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་གྷ་ལི་ཌི་མཆོག་གིས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་སྐབས། ཁ་སང་ཕྱི་ཚེས་ ༢༤ ཉིན་ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༩༡༩ ཐོན་ཡོད་སྐོར་གསལ་བསྒྲགས་དང་། གྲངས་འབོར་དེ་ནི་ད་ལྟའི་ཆར་མངའ་སྡེའི་ནང་ཉིན་གཅིག་གི་རིང་ཏོག་དབྱིབས་ནད་པ་གསར་པ་ཐོན་པའི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་རེད།

ཡང་ཁོ་མོས་ཁ་སང་ཉིན་གཅིག་ནང་ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་ཁྱོན་མི་གྲངས་ ༡༢༥༠༠༠ ལྷག་ལ་འགོག་ཁབ་བརྒྱབ་ཡོད་པ་དང་། ད་བར་མངའ་སྡེའི་ནང་ཁྱོན་མི་གྲངས་ས་ཡ་ ༦་༡ ལ་ཏོག་དབྱིབས་འགོག་ཁབ་ཐེངས་རེ་བརྒྱབ་ཡོད་པས་མ་ཚད། ཧ་ལམ་མི་འབོར་སུམ་ཆ་གཅིག་ལས་ཉེར་བར་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད་སྐོར་འགྲེལ་བརྗོད་གནང་སོང་། ཕྱི་ལོ་ ༢༠༢༠ ལོའི་མི་འབོར་ཞིབ་བཤེར་ལྟར་ན་ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ཁྱོན་མི་གྲངས་ས་ཡ་ ༨་༠༡༡༥༠ ཙམ་ཡོད་པ་རེད།

མངའ་སྡེ་བློན་ཆེན་མཆོག་གིས་ཁྱེད་རང་དང་། ཁྱེད་རང་གི་ནང་མི། དགའ་ས་ཉེ་ས་རྣམས་ཀྱི་ཆེད་ངེས་པར་དུ་ཏོག་དབྱིབས་འགོག་ཁབ་རྒྱག་རོགས་ཞེས་རེ་སྐུལ་དང་། ཆེད་མཁས་སྨན་པ་ཌོར་ཊ་ཆན་ལགས་ཀྱིས་འགྲེལ་བརྗོད་གནང་བར་ལྟར་ན། ཁྱེད་རང་ལ་ཏོག་དབྱིབས་འགོག་ཁབ་རག་ཡོད་ཀྱང་སྨན་གྱི་ནུས་པ་ཐོན་པར་བདུན་ཕྲག་གསུམ་བཞི་ཙམ་འགོར་གྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
Covid-19 summary statistics
Source: health.gov.au
དེ་རིང་ཕྱི་ཚེས་ ༢༥ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཁྱོན་ཏོག་དབྱིབས་ནད་པ་གསར་པ་ ༨༡༦ ཐོན་ཡོད་པའི་ནང་། ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ས་གནས་སུ་ནད་པ་གསར་པ་ ༧༥༣ དང་ལུང་པ་གཞན་ནས་འབྱོར་བའི་མི་ ༢ ཝི་ཊོ་རི་ཡ་མངའ་སྡེའི་ནང་ས་གནས་སུ་ནད་པ་གསར་པ་ ༣༥ དང་ལུང་པ་གཞན་ནས་འབྱོར་བའི་ནད་པ་ ༡ བཅས་ཡིན་པ་རེད།

ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཁྱོན་མི་གྲངས་ས་ཡ་ ༡༡་༢ ལྷག་ཙམ་ལ་ཏོག་དབྱིབས་འགོག་ཁབ་རག་ཡོད་པ་དང་། དེས་ཨོ་སི་ཊོ་ལི་ཡའི་ལོ་ན་ ༡༦ ཡན་གྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༥༤་༤ ཟིན་གྱི་ཡོད། དེའི་ནང་ཁྱོན་མི་གྲངས་ས་ཡ་ ༦་༥ ལྷག་ཙམ་ལ་ཏོག་དབྱིབས་འགོག་ཁབ་ཐེངས་གཉིས་ཀ་རག་ཚར་ཡོད་པས། དེས་རྒྱལ་ཡོངས་སུ་ལོ་ན་ ༡༦ ཡན་གྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༣༡་༦ ཟིན་གྱི་ཡོད། ཨོ་སི་ཊོ་ལི་ཡའི་ནང་ད་ལྟའི་ཆར་ཁྱོན་མི་གྲངས་ས་ཡ་ ༢༥་༧༩ ཙམ་ཡོད་པ་རེད།

ཕྱི་ཟླ་ ༨ ཚེས་ ༢༤ བར་རྒྱལ་ཡོངས་སུ་ཁྱོན་སྨན་ཁབ་གྲངས་ ༡༧་༧༤༧་༧༨༧ ལ་འགོག་ཁབ་བརྒྱབ་ཚར་ཡོད་པ་དང་། འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་སྨན་ཁབ་གྲངས་ ༣༠༧་༡༩༡ བརྒྱབ་ཡོད་འདུག

ཨོ་སི་ཊོ་ལི་ཡ་གཞུང་གིས་འདི་ལོ་ཕྱི་ཟླ་ ༡༢ པའི་ཟླ་མཇུག་ཏུ་རྒྱལ་ཡོངས་ནང་ཏོག་དབྱིབས་འགོག་ཁབ་རག་འོས་ཅན་གྱི་མི་གྲངས་བརྒྱ་ཆ་ ༨༠ ཐམ་པ་ཆ་ཚང་ལ་འགོག་ཁབ་ཡོངས་སུ་རྒྱག་ཚར་བ་བྱ་རྒྱུའི་དམིགས་ཚད་བཟུང་ཡོད། གཞན་མི་འབོར་གྱི་བརྒྱ་ཆ་ ༢༠ ཙམ་ནི་ལོ་ན་མ་ལོན་པ་དང་། བུད་མེད་སྦྲུམ་མ། དམིགས་བསལ་ན་ཚའི་རྐྱེན་པས་འགོག་ཁབ་རྒྱག་མི་རུང་བ་རྣམས་ཚུད་ཀྱི་ཡོད་པ་རེད།

ཉེ་ཆར་ནིའུ་སོ་ཐི་ཝལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་གྷ་ལི་ཌི་མཆོག་གིས་ད་ལྟའི་ཆར་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་འཕར་བཞིན་ཡོད་ཀྱང་། དེ་ལ་ངས་དམིགས་བསལ་སེམས་ཁྲལ་བྱེད་ཀྱིན་མེད་པར་གཙོ་བོར་ད་དུང་ཉིན་ལྟར་མི་གང་མང་ཞིག་ཏོག་དབྱིབས་འགོག་ཁབ་རྒྱག་པར་ཕེབས་དགོས་པའི་འབོད་སྐུལ་གནང་སོང་བ་དང་། ཁོ་མོས་གལ་སྲིད་ང་ཚོས་མངའ་སྡེའི་ནང་ཁྱོན་མི་གྲངས་བརྒྱ་ཆ་ ༧༠ དང་ ༨༠ ཙམ་ལ་ཏོག་དབྱིབས་འགོག་ཁབ་ཆ་ཚང་རྒྱག་ཐུབ་པ་བྱུང་ཚེ་གནས་སྟངས་ད་ལྟ་ལས་ཡག་བ་གུ་ཡངས་སུ་འགྲོ་རྒྱུ་རེད་ཅེས་གསུངས་སོང་།

མ་ཚད་དེ་སྔོན་ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་གལ་སྲིད་ང་ཚོས་ཁྱོན་མི་གྲངས་བརྒྱ་ཆ་ ༧༠ ཙམ་ལ་ཏོག་དབྱིབས་འགོག་ཁབ་ཆ་ཚང་རྒྱག་ཐུབ་པ་བྱུང་ཚེ། ཏོག་དབྱིབས་ལས་རིམ་གྱི་གོམ་སྟབས་བཞི་པ་སྤོ་ཐུབ་རྒྱུ་ཡིན་སྐོར་དང་། སྐབས་དེར་རྒྱལ་ཡོངས་སུ་ཏོག་དབྱིབས་ཀྱིས་རྐྱེན་པས་དམ་བསྒྲགས་ཁག་ལྷོད་དུ་གཏང་ཐུབ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

 


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service