ད་ཆ་ང་ཚོས་གྲོས་ཚོགས་ལ་འབོད་སྐུལ་གྱི་དྲི་བ་དེ་ཤེས་སོང་བསམ་འཆར་དེར་གོམས་སྟབས་རྗེས་མ་གང་དུ་སྤོ་སྲིད་དམ།

ཨོ་སི་ཊོ་ལི་ཡའི་ནང་མི་སེར་དང་པོ་ཚོས་གྲོས་ཚོགས་ལ་ཁོང་ཚོའི་དགོས་འདུན་ལ་ཐག་གཅོད་བསམ་ཤོག་བསྡུ་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་པ་དང་། འདི་ནས་གནས་ཚུལ་དེའི་སྐོར་འགྲེལ་བརྗོད་བྱས་ཡོད།

A split image showing the Aboriginal flag and the Torres Strait Islander flag

The Voice to Parliament referendum is due to take place this year. What do we know so far? Source: SBS / Lilian Cao

KEY POINTS:

  • Anthony Albanese has unveiled the wording of the Voice referendum.
  • Australians will head to the polls at the end of this year.
  • Mr Albanese has revealed fresh details on how the body would function.

ཨོ་སི་ཊོ་ལི་ཡའི་མི་ཚོས་ཁོང་ཚོས་རྗེས་མར་མི་རིགས་དང་པོ་ཚོས་གྲོས་ཚོགས་ལ་ཕུལ་བའི་འབོད་སྒྲ་རེ་འདུན་ First Nations Voice to Parliament དེར་འོས་ཤོག་འཕེན་དགོས་པ་ཤེས་ཀྱི་ཡོད།

ཨོ་སི་ཊོ་ལི་ཡའི་མི་མང་ཚོས་ཧ་ལམ་དུས་རབས་ཕྱེད་ཀའི་ནང་རེ་འདུན་བསམ་འཆར་ལ་འོས་ཤོག་འཕེན་པ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་དང་། གལ་སྲིད་འོས་བསྡུ་དེར་གྲུབ་འབྲས་ཐོན་ཚེ། ཕྱི་ལོ་ ༡༩༧༧ ནས་བཟུང་ཏེ་ཨོ་སི་ཊོ་ལི་ཡའི་མི་མང་གིས་རྩ་ཁྲིམས་སྒྱུར་བཅོས་ལ་འོས་ཤོག་འཕེན་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

ཉེ་ཆར་རེས་གཟའ་ཕུར་བུ་ཉིན་བསམ་འཆར་འབོད་སྒྲ་ལས་དོན་ཚོགས་པ་དང་ཐུག་འཕྲད་རྗེས་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཨན་ཐོ་ནིང་ཨལ་བྷ་ནེ་སེས་ Anthony Albanese གྲོས་ཚོགས་ནང་གཏམ་བཤད་དང་དྲི་བ་ཤོག་བུ་དེ་འོས་སྒམ་སྟེང་དུ་དབུ་འབྱེད་བྱས།

འདི་ལོའི་ལོ་མཇུག་ཏུ་ཨོ་སི་ཊོ་ལི་ཡའི་མི་མང་གིས་འོས་ཤོག་འགོ་འཛུགས་མ་བྱས་གོང་ད་ལྟ་སྔོན་ལ་གྲོས་ཚོགས་ནང་ནས་ཐེལ་ཙེ་འགོད་དགོས་ཀྱི་ཡོད་པ་རེད།

འབོད་སྒྲའི་རྣམ་པ་གང་འདྲ་ཞིག་ཏུ་འགྱུར་སྲིད་དམ།

འབོད་སྒྲ་འདི་ཨོ་སི་ཊོ་ལི་ཡ་གཞུང་རྒྱལ་ཁབ་ཀྱི་མི་སེར་དང་པོ་རྣམས་ཀྱི་ཤུགས་རྐྱེན་ཐད། བཅའ་ཁྲིམས་ནས་དགག་བྱ་བྱེད་པའི་དབང་ཆ་མེད།

སྲིད་བློན་ཨལ་བྷ་ནེ་སེ་མཆོག་ནས་བསམ་ཤོག་དེའི་ཐད་ལས་དོན་བྱེད་ཕྱོགས་ཞིབ་ཕྲ་འགྲེལ་བརྗོད་གནང་དོན།

  • ཚོགས་མི་ཚོས་ལས་དོན་བདའ་འདེད་དང་དུས་ཚོད་གཏན་འབེབས་བྱ་རྒྱུ།
  • དེའི་ནང་ན་གཞོན་གྱི་ཚོགས་མི་ཡོད་པས་མ་ཚད་ཕོ་མོའི་གྲངས་ཚད་མཉམ་པ་བྱ་རྒྱུ།
  • མངའ་སྡེ་དང་ས་ཁུལ་ཚང་མ་ནས་སྐུ་ཚབ་སླེབས་པ་བྱ་རྒྱུ།
  • དམིགས་བསལ་ས་ཆ་ཁུག་དཀྱོག་དེ་ཚོ་ནས་སྐུ་ཚབ་སླེབས་ཐབས་བྱ་རྒྱུ།

འོན་ཀྱང་ཁོང་གིས་ཚོགས་མི་རྣམས་མང་གཙོའི་ལམ་སྲོལ་ཐོག་ནས་འོས་འདེམས་བྱ་རྒྱུ་དང་ཡང་ན་བསྐོ་བཞག་བྱ་རྒྱུ་ཡིན་གསལ་ཁ་བཏོན་མེད་པ་རེད།

Man in hat walks with men dressed in traditional Indigenous garb.
The question is slightly different to the draft wording Mr Albanese unveiled at the Garma festival last year. Source: AAP / Aaaron Bunch / AAP Image

གོམ་སྟབས་རྗེས་མ་ག་རེ་ཡིན་ནམ།

གྲོས་ཚོགས་ནང་འོས་ཤོག་འཕེན་རྗེས་མི་མང་ཚོས་འོས་ཤོག་འཕེན་དགོས་ཀྱི་ཡོད།

བསམ་འཆར་དེར་མི་མང་གིས་འོས་ཤོག་འཕེན་པར་ཐོག་མར་ཁྲིམས་གཞི་དེ་གྲོས་ཚོགས་བརྒྱུད་དགོས་ཀྱི་ཡོད་པ་རེད།

དུས་རྒྱུན་དེ་འདྲ་ཡིན་ཡང་གྲོས་གཞི་དེ་གྲོས་ཚོགས་འོག་མ་དང་གྲོས་ཚོགས་གོང་མ་བརྒྱུད་དགོས་ཀྱི་མེད། གྲོས་ཚོགས་ཀྱི་ཚོགས་མི་ཉིས་རྡབ་བཟུང་ཡོད་པའི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་གཅིག་པུས་འོས་ཤོག་ཐོབ་ཐུབ་ཀྱི་ཡོད། དེའི་དོན་ནི་གལ་སྲིད་ཁོང་ཚོ་ཚང་མས་རྒྱབ་སྐྱོར་གནང་ཚེ་ཐེ་ཚོམ་མེད་པར་གྲུབ་འབྲས་ཐོན་ཐུབ་ཀྱི་ཡོད།

རེས་གཟའ་ཕུར་བུ་ཉིན་སྲིད་བློན་ཨན་ཐོ་ནིང་ལ་དྲི་བ་དྲིས་ལན་སྐབས་ཁོང་གིས་ཨོ་སི་ཊོ་ལི་ཡའི་མི་དར་མ་ཚོས་རྒྱབ་སྐྱོར་ཡོད་དང་མེད་ཀྱི་འོས་ཤོག་འཕེན་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད།

འོས་ཤོག་འཕེན་མཁན་མང་ཤོས་དང་མངའ་སྡེའི་ནང་འོས་ཤོག་འཕེན་མཁན་མང་ཤོས་ཀྱི་དངོས་དོན་གྱི་འབོད་སྒྲ་ཞིག་བཟོ་དགོས་ཀྱི་ཡོད་པ་རེད། གལ་སྲིད་དེ་འདྲ་བྱུང་ཚེ་སྲིད་བློན་ཨན་ཐོ་ནིང་མཆོག་གིས་གདོད་མའི་མི་རིགས་ཀྱི་ཚོགས་སྡེ་དང་རྒྱ་ཆེ་བའི་མང་ཚོགས་ནས་འབོད་སྒྲ་ཀྱི་རྣམ་པ་གཏན་འབེབས་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

དེ་ལྟར་བྱུང་ཚེ་གྲོས་ཚོགས་ནང་འཁྱེར་ནས་གཞན་ཁྲིམས་སྒྲིག་གཞི་དང་། བགྲོ་གླེང་། བསྐྱར་ཞིབ་བཅས་བྱེད་དགོས་ཀྱི་ཡོད་པ་རེད།

ག་དུས་ང་ཚོས་འོས་ཤོག་འཕེན་དགོས་ཀྱི་ཡོད་དམ།

Referendum Dates v2.jpg

སྲིད་བློན་ཨན་ཐོ་ནིང་གིས་འོས་ཤོག་དེ་འདི་ལོའི་ལོ་མཇུག་ཏུ་བསྡུ་རྒྱུ་ཡིན་སྐོར་ཁས་ལེན་བྱས་ཡོད།

ཁོང་གིས་ཟླ་བ་སྔོན་མའི་ནང་དུས་ཚོད་དེ་ལས་ཇེ་ཉུང་དུ་བཏང་ནས་མི་མང་གི་འོས་ཤོག་དེ་ཕྱི་ཟླ་ ༡༠ པ་ནས་ ༡༢ བར་དེར་བསྡུ་རྒྱུ་བཟོས་ཡོད།

བསམ་ཤོག་བསྡུ་རུབ་དེ་རེས་གཟའ་སྤེན་པའི་ནང་ཚུགས་རྒྱུ་ཡིན་ཞིང་དེའི་དོན་ནི་དུས་ཚོད་ཉུང་ངུ་ཞིག་ལས་མེད་པ་རེད།


Share

1 min read

Published

Updated

By Finn McHugh

Source: SBS




Share this with family and friends


Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now