སིཌ་ནི་བོད་མི་ཚོས་བོད་ཀྱི་སྲོལ་རྒྱུན་ལོ་གསར་སྲུང་བརྩི་ཞུས་པ།

སིཌ་ནི་བོད་མི་ཚོས་བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ།

Tibetan Kids Dancing

བོད་ཕྲུག་ཚོས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ། Source: SBS Tibetan

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༩ རེས་གཟའ་སྤེན་པའི་ཉིན་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ཁུལ་དུ་གནས་སྡོད་བོད་མི་ཚོས་ཌེ་ཝེ་ Dee-Why ས་གནས་སུ་ཡོད་པའི་མེ་ཁའི་ལཱ་སློབ་གྲྭའི་ནང་བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་ཡོད་པ་རེད།
Tibetan Student
བོད་ཕྲུག་ཚོས་གཞས་སྣ་འཁྲབ་སྟོན་གནང་བཞིན་པ། Source: SBS Tibetan
མཛད་སྒོ་སྐབས་ཐོག་མར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲི་གདན་འདྲེན་དང་སྐུ་མགྲོན་ཚོས་མཇལ་དར་སྒྲོན་འབུལ་དང་ལྷན་བཀྲ་ཤིས་ཞོལ་པ་གཟིགས་འབུལ་བཅས་ཞུས་གྲུབ་རྗེས། བོད་ཀྱི་རྒྱལ་གླུ་དང་ཨོ་སི་ཊོ་ལི་ཡའི་རྒྱལ་གླུ་བཅས་རིམ་པར་བཏང་གནས་སོང་།

མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་དབུས་གྲོས་ཚོགས་གོང་མའི་འཐུས་མི་ Jason Falinski མཆོག་དང་། ཡི་ཤུའི་ཆོས་དཔོན་སྐུ་ཞབས་ Bill Crews བཅས་ནས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་དང་གསུངས་བཤད་གནང་བ་མ་ཟད། གཞན་ཡང་སྐུ་མགྲོན་དུ་ཨེ་ཤེ་ཡ་དང་ཨོ་སི་ཊོ་ལི་ཡའི་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་སོགས་ནས་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གཏམ་བཤད་རིམ་པར་གནང་སོང་།

ཐུན་མོངས་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་ལོ་གསར་དེའི་ཐོག བོད་མི་ཙམ་མ་ཟད་ཕྱི་རྒྱལ་རྒྱལ་གྱི་མི་རིགས་མང་པོ་ཞིག་ཀྱང་མཉམ་ཞུགས་དང་། བོད་རིགས་མཐུན་ཚོགས་ཀྱིས་སྤྱི་ཚོགས་ཁྲོད་མི་མང་སྤྱི་དང་ལྷག་པར་དུ་བོད་མི་རྣམས་ལ་རོགས་རམ་ཤུགས་ཆེ་གནང་མཁན་་ཨོ་སི་ཊོ་ལི་ཡའི་མི་སེར་ཁག་ཅིག་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་བྱ་དགའ་ཕུལ་གནང་སོང་།
Tibetan Student
རིག་གནས་སྐྱེད་ཚལ་ཁང་གི་སློབ་ཕྲུག Source: SBS Tibetan
གཞན་ཡང་སིཌ་ནི་རིག་གནས་སྐྱེད་ཚལ་ཁང་གིས་ལོ་འཁོར་ཡིག་རྒྱུགས་ཨང་རིམ་རྩེ་སོན་དང་ལྷག་པར་དུ་ཀུན་སྤྱོད་ལེགས་ཤོས་ཀྱི་བོད་རིགས་སློབ་ཕྲུག་ཁག་ཅིག་ལ་གཟེངས་བསྟོད་བྱ་དགའ་ཕུལ་གནང་སོང་།

བོད་ཀྱི་ལོ་གསར་སྲུང་བརྩི་མཛད་སྒོ་ཐོག་ཕེབས་པའི་ཕྱི་རྒྱལ་བ་སྐུ་མགྲོན་ Jeni Thornley ལགས་ཀྱིས།
Jeni Thornley
Jeni Thornley third from left Source: SBS Tibetan
གུས་མོ་དེ་རིང་བོད་པའི་གྲོགས་པོ་གྲོགས་མོ་ཚོ་ཐུག་པར་ཡོང་བ་ཡིན། ཁོང་ཚོས་མཛའ་བརྩེའི་སྣེ་ལེན་དང་ལོ་གསར་སྐོར་འགྲེལ་བཤད་རྒྱག་ཡོང་དུས་སེམས་པ་སྐྱིད་པོ་ཡོང་གི་འདུག རྒྱུན་དུ་༧གོང་ས་མཆོག་གི་འཁྲུངས་སྐར་དང་ལོ་གསར་དེ་འདྲ་ཡོང་ཐེངས་རེ་བོད་པའི་སྐོར་གསར་པ་རེ་ཤེས་ཀྱི་འདུག ང་རང་དམིགས་བསལ་བོད་པའི་རྒྱལ་གླུ་ལ་དགའ་པོ་ཡོད་གང་ཡིན་ཟེར་ན་ངས་འགྲེལ་བཤད་ཆ་ཚང་དབྱིན་ཡིག་ཐོག་ནས་བཀླགས་པ་ཡིན། དེ་བཞིན་ང་རང་བོད་པའི་གཞས་དང་ཞབས་བྲོ་དང་ཞལ་ལག་ལ་ཡང་ཧ་ཅང་དགའ་པོ་ཡོད། བོད་པ་ཚོས་སོ་སོའི་རིག་གཞུང་སྲུང་སྐྱོབ་དང་བརྒྱུད་འཛིན་བྱེད་པ་མཐོང་དུས་སེམས་འགུལ་ཚད་མེད་ཐེབས་ཀྱི་འདུག འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ལ་མཚོན་ན་དེ་དག་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་སོང་།
Lobsang Norbu
སྤོ་བོ་བློ་བཟང་ནོར་བུ། Source: SBS Tibetan
ཡང་ལོ་གསར་མཛད་སྒོ་ཐོག་ཕེབས་པའི་སྤོ་བོ་བློ་བཟང་ནོར་བུ་ལགས་ཀྱིས། བོད་ཀྱི་ལོ་གསར་འདི་འདྲ་སྲུང་བརྩི་བྱ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པ་རེད། བོད་པའི་སྲོལ་རྒྱུན་རིག་གཞུང་དེ་མ་བརླག་པ་བྱེད་དགོས་པ་རེད། ལྷག་པར་དུ་ཕྲུ་གུ་ཆུང་ཆུང་མི་རབས་གཞོན་པ་ཚོས་བོད་ཀྱི་ལོ་གསར་དེ་གང་འདྲ་ཡིན་མིན་ཤེས་དགོས་པ་དེ་གལ་ཆེན་པོ་རེད། རྒྱ་མི་དམར་པོས་བོད་པའི་ཆོས་དང་རིག་གཞུང་རྩ་མེད་གཏོང་གི་ཡོད་པ་རེད། ཕྲུ་གུ་ཚོས་གཞས་དང་ཞབས་བྲོ་མང་པོ་འཁྲབ་སོང་བ། དེ་ཡང་གལ་ཆེན་པོ་ཆགས་ཡོད་པ་རེད། དེ་ཡང་བོད་པའི་སྲོལ་རྒྱུན་རིག་གཞུང་དང་རིག་གནས་ཆགས་ཡོད་པ་རེད། བོད་པའི་སྲོལ་རྒྱུན་རིག་གཞུང་ཉམས་ཚར་ན་གང་ཡང་ལྷག་ཡོད་མ་རེད། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག བོད་མི་ཚོ་འདི་འདྲའི་རུབ་རུབ་བྱས་ནས་འདུ་འཛོམས་བྱ་རྒྱུ་བྱུང་བ་དེ་སེམས་ལ་དགའ་ཚོར་སྐྱེ་ཡི་འདུག ལོ་གསར་གྱི་འདུ་འཛོམས་འདི་འདྲ་གཞོན་སྐྱེས་ཚོར་རིག་གཞུང་ངོ་སྤྲོད་བྱེད་པའི་སྡིང་ཆ་གལ་ཆེན་ཞིག་ཆགས་ཡོད་སྐོར་ཀྱང་འགྲེལ་བརྗོད་གནང་སོང་།

གཞན་ཡང་རིག་གནས་སྐྱེད་ཚལ་ཁང་གི་སློབ་ཕྲུག་ཚོས་བོད་མིའི་གཞས་དང་ཞབས་བྲོ་འཁྲབ་ནས་བོད་རང་གི་ཐུན་མོངས་མ་ཡིན་པའི་གླུ་དབྱངས་དང་ཆས་གོས་དེས་ཕྱི་རྒྱལ་བ་ཚོའི་ཡིད་སེམས་འཕྲོག་པར་བྱས་སོང་། དེ་བཞིན་གཞོན་སྐྱེས་ཚོའི་དབར་ལག་རྩེད་སྤོ་ལོ་འགྲན་བསྡུར་དང་། ཕྱི་དྲོ་བོད་མི་ཚོས་སྒོར་གཞས་སོགས་གཞས་སྣ་འཁྲབ་སྟོན་གནང་ཡོད་པ་རེད།


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service