སིཌ་ནི་ནང་ཏོག་དབྱིབས་ན་ཚ་བསྐྱར་དུ་ཁྱབ་རྗེས་འགྲུལ་བཞུད་དམ་བསྒྲགས་ཐད་འགྱུར་བ་ཕྱིན་ཡོད། འདིར་ཁྱེད་རང་གིས་ཤེས་དགོས་པའི་གནས་ཚུལ་ཁག་ཅིག

གུང་སེང་སྐབས་སུ་ཞིག་མངའ་སྡེའི་ནང་ཁུལ་དུ་འགྲུལ་བཞུད་བྱ་འདོད་ཡོད་ཚེ། འདིར་ཁྱེད་རང་གིས་ད་ལྟའི་ཆར་འགྲུལ་བཞུད་དམ་བསྒྲགས་ཐད་ཤེས་དགོས་པའི་གནས་ཚུལ་ཁག་ཅིག་བཀོད་ཡོད།

Travel restrictions could get worse

Travel restrictions are changing after Sydney's latest outbreak Source: AAP

ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར་སིཌ་ནི་བྱང་ཁུལ་མཚོ་མཐའ་ཁུལ་དང་། Greater སིཌ་ནི་ཁུལ་དུ་གློ་བུར་ཏོག་དབྱིབས་ནད་པ་གསར་པའི་གྲངས་ཚར་འཕར་ཡོད་པའི་རྐྱེན་གྱིས། མངའ་སྡེ་དང་ས་ཁུལ་གྱི་འགོ་ཁྲིད་ཚོས་དེ་མ་ཐག་ས་ཁུལ་དེ་དག་ནས་འགྲུལ་བཞུད་དམ་བསྒྲགས་སྒྲིག་གཞི་གསར་པ་ཞིག་ལག་བསྟར་གནང་དགོས་འཁེལ་ཡོད། 

རེས་གཟའ་ཉི་མའི་མཚན་གུང་བར་བརྟག་དཔྱད་སྐབས་ནད་པ་གསར་པ་ ༣༠ ཐོན་ཡོད་པ་བཅས་ཁྱོན་ཉིན་དེར་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་ ༧༠ ཆགས་ཡོད། འོན་ཀྱང་འགོ་ཁྲིད་ཚོས་ན་ཚ་འགོས་ཁྱབ་དེའི་འབྱུང་ཁུངས་ད་དུང་ཤེས་རྟོགས་བྱུང་མེད་སྐོར་འགྲེལ་བརྗོད་གནང་ཡོད། 

ཁོ་མོས་བྱང་ཕྱོགས་མཚོ་མཐའ་ཁུལ་གྱི་ས་གནས་གཞུང་གི་མངའ་ཁུལ་དེ་བཞིན་ང་ཚོས་དེ་སྔོན་ཕྱི་ཟླ་ ༣ པའི་སྐབས་སུ་དམ་བསྒྲགས་དེ་བཞིན་ཕྱིར་ལོག་ལག་བསྟར་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད།
གློ་བུར་གྱི་ན་ཚ་ཁྱལ་བརྡལ་དེས་སིཌ་ནི་ཉེ་འགྲམ་དང་ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་གནས་སྡོད་བྱེད་མཁན་རྣནམས་གུང་སེང་སྐབས་མངའ་སྡེའི་ནང་ཁུལ་དུ་འགྲུལ་བཞུད་བྱ་འདོད་ཡོད་མཁན་རྣམས་ལ་ཧང་སང་བའི་གནས་ཚུལ་ཆགས་ཡོད།་འདིར་ཁྱེད་རང་གི་ཤེས་དགོས་པའི་གནས་ཚུལ་ཁག་ཅིག་བཀོད་ཡོད། 

ཝི་ཊོ་རི་ཡ། Victoria

སིཌ་ནི་གྱི་ས་གནས་ Greater Sydney དང་དེའི་ནང་ Central Coast དེ་བཞིན་རི་སྔོན་པོ་ཁུལ་དུ་གནས་སྡོད་བྱེད་མཁན་རྣམས་ banned ཝི་ཊོ་རི་ཡར་འགྲུལ་བཞུད་བཀག་བསྡོམས་བྱ་རྒྱུ་ཡིན་སྐོར་ཝི་ཊོ་རི་ཡ་མངའ་སྡེའི་བློན་ཆེན་ཌེ་ནལ་ཨེན་ཌོར་ Daniel Andrews མཆོག་གིས་གསལ་བསྒྲགས་གནང་འདུག 

དུས་ཚོད་དེའི་རྗེས་ནས་སུ་ཞིག་མངའ་སྡེའི་ནང་འཛུལ་ཞུགས་བྱས་ཚེ་དུས་ཡུན་ཉིན་གྲངས་་༡༤ རིང་མགོན་ཁང་དུ་ཟུར་བཀག་ལ་སྡོད་དགོས་ཀྱི་ཡོད་འདུག

རེས་གཟའ་ཟླ་བའི་མཚན་གུང་བར་ཝི་ཊོ་རི་ཡའི་མི་སུ་ཞིག་ཕྱིར་ལོག་བྱེད་མཁན་རྣམས་སོ་སོའི་ནང་ཁྱིམ་དུ་དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་དུ་སྡོད་དགོས་ཀྱི་ཡོད་འདུག

དུས་ཚོད་དེའི་རྗེས་ནས་འབྱོར་མཁན་རྣམས་ལ་ད་དུང་མགྲོན་ཁང་ཟུར་བཀག་བཀོད་སྒྲིག་གནང་རྒྱུ་ཡིན་འདུག

སྐུ་ཞབས་ཨན་ཌོར་མཆོག་གིས་གལ་གནད་ཅན་གྱི་གོམ་སྟབས་གསར་པ་དེ་ཐག་གཅོད་བྱ་རྒྱུ་ཁག་པོ་འདུག་ཀྱང་། འདི་ནི་ངེས་པར་དུ་ཐག་གཅོད་དགོས་ངེས་ཤིག་ཆགས་ཡོད་ཅེས་དང་། ཡང་ཁོང་གིས་རེས་གཟའ་ལྷག་པའ་མཚན་དཀྱིལ་བར་བྱང་ཕྱོགས་མཚོ་མཐའ་ཁུལ་དུ་བཀག་བསྡོམས་མཇུག་མ་བསྒྲིལ་བར་དུ་དེ་ལྟར་ས་མཚམས་བཀག་བསྡོམས་མུ་མཐུད་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

གློག་གི་བརྡ་རྟགས་གནས་གསལ་ལྟར་ན་ Greater Sydney ཁུལ་ཕུད་དེ་མིན་ནེའུ་སོ་ཐི་ཝལ་མངའ་སྡེའི་ཁྱོན་དུ་གློག་བརྡ་ལྗང་ཁུ་ཡིན་ཡང་། ནེའུ་སོ་ཐི་ཝལ་མངའ་སྡེའི་ཁུལ་དུ་གནས་སྡོད་བྱེད་མཁན་རྣམས་ཝི་ཊོ་རི་ཡར་འགྲོ་བསྐྱོད་བྱེད་པར་ད་དུང་ཆོག་མཆན་ཞུ་དགོས་ཀྱི་ཡོད་འདུག

སིཌ་ནི་བྱང་ཕྱོགས་མཚོ་མཐའ་ཁུལ་ནས་ཡིན་པའི་མི་ཕྱི་ཟླ་ ༡༢ པའི་ཚེས་ ༡༡ དང་ཡང་ན་དེ་ནས་བཟུང་ཝི་ཊོ་རི་ཡའི་ནང་འབྱོར་ཡོད་མཁན་རྣམས་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་དང་ཟུར་བཀག་དུ་སྡོད་དགོས་ཀྱི་ཡོད་འདུག 

ཁུན་སི་ལན་ཌི། Queensland

ཁུན་སི་ལན་ཌིའི་འཕྲོད་བསྟེན་འགོ་ཁྲིད་ཚོས་སིཌ་ནི་དང་མངའ་སྡེའི་ས་མཚམས་སྒོ་རྒྱག་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག སུ་ཞིག་སིཌ་ནི་དང་། རི་སྔོན་པོ།  Central Coast  དེ་བཞིན་ Illawarra-Shoalhaven ས་གནས་བཅས་ནས་འདས་པའི་བདུན་ཕྲག་གཉིས་ནང་བརྟག་དཔྱད་མེད་པར་མངའ་སྡེའི་ནང་འཛུལ་ཞུགས་ཆོག་གི་མེད་པ་དང་། གལ་སྲིད་འཛུལ་ཞུགས་ཆོག་མཆན་ཐོབ་ཚེ་ད་དུང་མགྲོན་ཁང་ནང་དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་དུ་སྡོད་དགོས་ཀྱི་ཡོད་སྐོར་བརྗོད་འདུག 

ཁུན་སི་ལན་ཌིའི་མི་རྣམས་རེས་གཟའ་མིག་དམར་ཐོ་རངས་ཆུ་ཚོད་ ༡ པོ་བར་གཞན་ཡང་ཆུ་ཚོད་ ༢༤ ནང་རང་ཁྱིམ་ལ་ཕྱིར་ལོག་བྱེད་ཆོག་གི་ཡོད་ཀྱང་། ཁོང་ཚོར་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་བྱེད་དགོས་པས་མ་ཚད། དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་དུ་སྡོད་དགོས་ཀྱི་ཡོད་འདུག

རེས་གཟའ་ཉི་མའི་ཉིན་ཁུན་སི་ལན་ཌི་མངའ་སྡེའི་བློན་ཆེན་ཨ་ནཱ་སི་ཊ་ཤཱ་ Annastacia Palaszczu ལགས་ཀྱིས་གལ་སྲིད་ཁྱེད་རང་ Greater Sydney ས་གནས་ནས་ཡིན་ཚེ། ད་ལྟའི་ཆར་ཁུན་སི་ལན་ཌིའི་ནང་འགྲུལ་བཞུད་བྱ་རྒྱུའི་དུས་ཚོད་མ་རེད་ཅེས་གསུངས་འདུག

ཁུན་སི་ལན་ཌི་མངའ་སྡེས་ནེའུ་སོ་ཐི་ཝལ་མངའ་སྡེའི་ས་མཚམས་སུ་བརྟག་དཔྱད་ས་ཚིགས་ཁག་ཅིག་འགྲེམས་འཇོག་བྱ་རྒྱུ་ཡིན་འདུག  

 

རྒྱལ་སའི་མངའ་ཁུལ། The Australian Capital Territory

ཨོ་སི་ཊོ་ལི་ཡ་རྒྱལ་ས་མངའ་ཁུལ་གྱིས་སུ་ཞིག་སིཌ་ནི་དང་། རི་སྔོན་པོ།  Central Coast  དེ་བཞིན་ Illawarra-Shoalhaven བཅས་ནས་འབྱོར་ཡོད་ཚེ་དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་དུ་སྡོད་དགོས་པ་དང་། གལ་སྲིད་ཁྱེད་རང་རྒྱལ་ས་མངའ་ཁུལ་དུ་གནས་སྡོད་བྱེད་མཁན་མིན་ཚེ། གོང་གསལ་ས་གནས་དེ་དག་ལ་ཕྱིན་ཡོད་ན། ང་ཚོའི་བརྡ་ལན་དེ་སྟབས་བདེ་ཞིག་ཡིན་ "ཁྱེད་ཚོ་རྒྱལ་སའི་མངའ་ཁུལ་མ་ཡོང་རོགས་" ཞེས་རེས་གཟའ་ཉི་མའི་ཉིན་རྒྱལ་ས་མངའ་ཁུལ་གྱི་འཕྲོད་བསྟེན་བློན་ཆེན་ Kerryn Coleman མཆོག་གིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་སུ་ཞིག་འགྲུལ་བཞུད་མཉམ་དུ་ཡོད་ཚེ་ཟུར་བཀག་དུ་སྡོད་དགོས་པ་རེད་ཅེས་ཁོ་མོས་འགྲེལ་བརྗོད་གནང་འདུག

སྨན་པ་ཀོ་ལེ་མན་ Dr Coleman ལགས་ཀྱིས་རྒྱལ་ས་མངའ་ཁུལ་གྱི་འཕྲོད་བསྟེན་ནས་ཛ་དྲག་དང་གནས་སྟངས་ཅི་འདྲ་ཡིན་རུང་རྒྱལ་ས་མངའ་ཁུལ་ལ་གནས་སྡོད་བྱེད་མཁན་མིན་ཚེ་གོང་གསལ་ས་གནས་དེ་དག་ནས་སུ་ཞིག་ལ་བསམ་གཞིག་བྱ་རྒྱུ་མིན། འདིས་མ་འོངངས་པར་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་ངས་ཤེས་ཀྱི་ཡོད། ཏན་ཏན་ཐག་གཅོད་ཡང་མོ་ཞིག་བྱ་རྒྱུ་ཡོད་མ་རེད། ང་ཚོས་དུས་ཡུན་རིང་པོ་དམ་བསྒྲགས་བྱེད་དགོས་འཁེལ་གྱི་མ་རེད་ལ། ང་ཚོའི་ས་གནས་ནས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་དང་ལོ་གསར་གྲ་སྒྲིག་བྱེད་དགོས་པ་རེད་ཅེས་གསུངས་འདུག
ནུབ་ཕྱོགས་མངའ་སྡེ། Western Australia

སིཌ་ནིའི་བྱང་ཕྱོགས་མཚོ་མཐའ་ཁུལ་ལ་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་འཕར་ཡོད་པར་བརྟེན་ནུབ་ཕྱོགས་མངའ་སྡེའི་བློན་ཆེན་མཱ་ཁེ་ Mark McGowan ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེ་ནས་ནེའུ་སོ་ཐི་ཝལ་མངའ་སྡེ་དང་ས་མཚམས་བསྐྱར་དུ་སྒོ་ཕྱེ་རྒྱུ་ཁག་པོ་ཡོད་སྐོར་གསལ་བསྒྲགས་གནང་འདུག

རེས་གཟའ་སྤེན་པ་ཉིན་མངའ་སྡེ་དེ་ནེའུ་སོ་ཐི་ཝལ་དང་ཉེན་ཁའི་ཚད་གཞི་དང་དམའ་ཤོས་ནས་འབྲིང་གྲས་སུ་ཆགས་ཡོད་སྟབས། དེའི་དོན་ནི་འདི་ལོ་ལོ་སྟོད་ཀྱི་གནས་ཚུལ་དང་ཛ་དྲག་ཚད་གཞི་གཅིག་མཚུངས་སུ་ཆགས་ཡོད། 

ནེའུ་སོ་ཐི་ཝལ་མངའ་སྡེ་ནས་ཕྱི་ཟླ་ ༡༢ ཚེས་ ༢༠ རྗེས་ལ་གནམ་ཐོག་གཅིག་པུ་ནས་དམིགས་བསལ་ཆོག་མཆན་ཡོད་པ་གཅིག་མ་གཏོགས་ནུབ་ཕྱོགས་མངའ་སྡེའི་ནང་འོངས་མི་ཆོག
བློན་ཆེན་  Mr McGowa མཆོག་གིས་དུས་ཚོད་འདིར་ཐག་གཅོད་འདི་འདྲ་ཞིག་བྱ་རྒྱུ་དཀའ་ལས་ཁག་པོ་འདུག ནེའུ་སོ་ཐི་ཝལ་མངའ་སྡེ་ནས་ཡེ་ཤུའི་འཁྲུངས་སྐར་སྐབས་ནང་མི་ཕན་ཚུན་ཐུག་འཕྲད་འགྲོ་འོངས་བྱ་འདོད་ཡོད་པ་ངས་ཤེས་ཀྱི་ཡོད་ཅེས་གསུངས་འདུག 

བྱང་ཕྱོགས་མངའ་ཁུལ། The Northern Territory

རེས་གཟའ་ཉི་མའི་དགོང་མོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Nicole Manison མཆོག་གིས་བྱང་ཕྱོགས་མངའ་སྡེ་ནས་  Greater Sydney ནས་འགྲོ་འོངས་བྱེད་མཁན་འགྲུལ་པ་རྣམས་བཀག་འགོག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་སིཌ་ནི་དང་། རི་སྔོན་པོ། དེ་བཞིན་ Central Coast དང་ Illawarra ས་གནས་བཅས་ནས་འབྱོར་ཡོད་པའི་འགྲུལ་པ་རྣམས་དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་དུ་སྡོད་དགོས་སྐོར་འགྲེལ་བརྗོད་གནང་འདུག

ཡང་ཁོང་གིས་ང་ཚོའི་མི་གཅིག་སྲུང་སྐྱོབ་དེས་ས་ཁུལ་ནང་ཡོད་པའི་ཚེ་སྲོག་ཚང་མ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་། གལ་སྲིད་དེ་ལྟར་མ་བྱུང་ཚེ་དཀའ་ངལ་ཁག་པོ་ཆགས་རྒྱུ་ཡིན་སྐོར་དང་། ང་ཚོ་གང་མགྱོག་ལག་བསྟར་བྱེད་དགོས་ཀྱི་ཡོད་སྐོར་གསར་འགོད་པར་འགྲེལ་བརྗོད་གནང་འདུག

ཏཱ་སི་མ་ནི་ཡ། Tasmania

འཕྲོད་བསྟེན་འགོ་ཁྲིད་ཚོས་བྱང་ཕྱོགས་མཚོ་མཐའ་ཁུལ་གྱི་་གནས་གཞུང་གི་ས་ཁུལ་དེ་བཞིན་ཉེན་ཁ་ཆེ་བའི་གནས་སུ་ངོ་འཛིན་གྱིས་ཕྱི་ཟླ་ ༡༢ ཚེས་ ༡༡ ནས་བཟུང་ཛ་དྲག་ཅན་མ་གཏོགས་འགྲུལ་བཞུད་བྱེད་མཁན་རྣམས་བཀག་བསྡོམས་བྱ་རྒྱུ་དང་། དེ་མིན་ Greater Sydney ཡི་ས་གནས་ཁག་ཉེན་ཁ་འབྲིང་བའི་ས་ཁུལ་ལ་ངོས་འཛིན་གྱིས་ས་ཁུལ་དེ་དག་ནས་ཡོང་བའི་འགྲུལ་པ་རྣམས་དུས་ཡུན་ཉིན་གྲངས་ ༡༤ རིད་ཏཱ་སི་མ་ནི་ཡའི་ནང་འབྱོར་རྗེས་ཟུར་བཀག་དུ་སྡོད་དགོས་པའི་ཐག་གཅོད་བྱས་ཡོད་འདུག

སིཌ་ནི་ནས་ Hobart yacht race ཞེས་གྲུ་གཏོང་འགྲན་སྡུར་གྱི་དུས་སྟོན་དེ་ལོ་རྒྱུས་ནང་འདི་ལོར་ཐེངས་དང་པོ་མེད་པ་བཟོས་ཡོད། སིཌ་ནི་ནང་ཏོག་དབྱིབས་ན་ཚ་སླར་ཡང་ཁྱབ་བརྡལ་ཕྱིན་པའི་རྐྱེན་གྱིས་ས་མཚམས་བཀག་བསྡོམས་སོགས་ལ་བརྟན་ནས་གོ་སྒྲིག་གནང་ཐུབ་ཀྱི་མེད་པ་རེད།

ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེ། South Australia

ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སི་ཊེ་ཝན་མཱར་ཤལ་ Steven Marshall ལགས་ཀྱིས་རེས་གཟའ་ཉི་མའི་ཉིན་ Greater Sydney ས་གནས་ནས་རེས་གཟའ་ཉི་མའི་མཚན་དཀྱིལ་ནས་ས་མཚམས་སྒོ་རྒྱག་རྒྱུ་དང་། ནེའུ་སོ་ཐི་ཝལ་མངའ་སྡེ་དང་ཨཱ་དྷེ་ལཱ་སྡེ་གནམ་ཐང་བཅས་དང་འཁེལ་བའི་ས་མཚམས་ལམ་ཁ་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་ས་ཚིགས་འཛུགས་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

མ་ཚད་ greater Sydney ནས་ལྷོ་ཕྱོགས་མངའ་སྡེའི་ནང་འབྱོར་མཁན་འགྲུལ་པ་ཚང་མ་དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་དུ་སྡོད་དགོས་པ་དང་། དེ་དང་ཆབས་ཅིག་ལྷོ་ཕྱོགས་མངའ་སྡེའི་ནང་གནས་སྡོད་བྱེད་མཁན་སུ་ཞིག་ཉེ་བའི་ཆར་བྱང་ཕྱོགས་མཚོ་མཐའ་ཁུལ་ལ་ཕྱིན་ཡོད་ཚེ་དེ་མཚུངས་ཟུར་བཀག་དུ་སྡོད་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་མི་ཚང་མ་ངེས་པར་དུ་མི་གཞན་ལས་བར་ཐག་རྨིད་ ༡་༥ ཡི་མཚམས་སུ་སྡོད་དགོས་པ་ཡིན། དེ་བཞིན་ཁྱེད་རང་གི་ས་གནས་སུ་དམ་བསྒྲགས་དང་འདུ་འཛོམས་ཚད་གཞི་སྐོར་གྱི་སྒྲིག་གཞི་ཞིབ་འཇུག་བྱེད་དགོས་པ་ཡིན།

གལ་སྲིད་ཁྱེད་རང་ཆམ་པ་རྒྱག་པ་དང་། རིམ་ཆམས་ཀྱི་ནད་རྟགས་ལྟར་བུ་ཐོན་ཚེ་ནང་ལ་བསྡད་ནས་སྨན་པར་ཁ་པར་གཏང་ནས་བརྟག་དཔྱད་གོ་སྒྲིག་བྱེད་པའམ་ཡང་ན་ཏོག་དབྱིབས་ན་ཚའི་འཕྲོད་བསྟེན་འབྲེལ་གཏུགས་ཁ་པར་ 1800 020 080 ཐོག་འབྲེལ་བ་བྱེད་དགོས་པ་ཡིན། 

གསར་འགྱུར་དང་ཏོག་དབྱིབས་ན་ཚའི་སྐོར་གནས་ཚུལ་སྐད་ཡིག་ ༦༣ ནང་ཡོད་པས་ https://www.sbs.com.au/language/tibetan/coronavirus-updates ནེའུ་སོ་ཐི་ཝལ་ NSW, ཝི་ཊོ་རི་ཡ་ Victoria, ཁུན་སི་ལན་ཌི་ Queensland, ནུབ་ཕྱོགས་མངའ་སྡེ་ Western Australia, ལྷོ་ཕྱོགས་མངའ་སྡེ་ South Australia, བྱང་ཕྱོགས་ས་ཁུལ་ Northern Territory, རྒྱལ་ས་མངའ་ཁུལ་ ACT, ཏཱ་སི་མ་ནི་ཡ་ Tasmania བཅས་ཁྱེད་རང་གི་འབྲེལ་ཡོད་མངའ་སྡེའི་ལམ་སྟོན་དང་གནས་ཚུལ་ཁག་ལ་ཞིབ་འཇུག་གནང་རོགས།


Share

Published

Updated

Presented by Yang J. Joo, Sangyal Dorjee
Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service