Watch FIFA World Cup 2026™

LIVE, FREE and EXCLUSIVE

Tibetan: The Uluru Statement from the Heart

Uluru Statement from the heart in your language

Uluru Statement from the heart in your language Source: Jimmy Widders Hunt

ཕྱི་ལོ་ ༢༠༡༧ ལོར་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨེ་བྷི་རི་ཇི་ནར་དང་། ཊོ་རི་སིཊ་མཚོ་གླིང་པའི་མི་རིགས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག་རྒྱལ་ཡོངས་གདོད་མའི་རྩ་ཁྲིམས་ལྷན་ཚོགས་སྐབས་‘ཨུ་ལུ་རུ་སེམས་ཀྱི་བསྒྲགས་གཏམ།’ཞེས་པ་དེ་གྲོས་མཐུན་བཞག་ཡོད་པ་རེད། བསྒྲགས་གཏམ་དེའི་ནང་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་ནང་གདོད་མའི་མི་རིགས་ལ་བརྩི་འཇོག་བྱེད་པའི་སྒོ་ནས་གནད་དོན་གསུམ་གྱི་ཐོག་རྩ་ཁྲིམས་ལ་སྒྱུར་བཅོས་གཏང་དགོས་པ་ནི། བསམ་ཚུལ་དང་། གྲོས་མཐུན། བདེན་དོན་གསུམ་ཡིན། དེ་ཡང་ལོ་གཉིས་ཀྱི་ནང་ས་གནས་སོ་སོར་གདོད་མའི་མི་རིགས་ཀྱི་གྲོས་མོལ་ཐེངས་བཅུ་གསུམ་ཙམ་ཞིག་ཚོགས་ནས་མཐར་གདོད་མའི་མི་རིགས་དང་ཊོ་རི་སིཊ་མཚོ་གླིང་པའི་མི་རིགས་ཀྱི་སྐུ་ཚབ་མི་གྲངས་ ༢༥༠ ཙམ་གྱིས་གྲོས་མཐུན་བཞག་པ་ཞིག་ཡིན། དེའི་བརྒྱུད་གདོད་མའི་མི་རིགས་དང་། ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་གཉིས་བར་དྲང་བདེན་དང་རང་ཐག་རང་གཅོད་ཀྱི་ཁྱད་ཆོས་ལྡན་པའི་འབྲེལ་བ་བཟང་པོ་ཞིག་བསྐྲུན་ནས། འདུམ་སྒྲིག་ཡོང་ཆེད་མདུན་བསྐྱོད་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་པ་རེད། -གཞས་པ་ཧྥ་རན་ཁེ་ཡུ་མཱ་བྷོ་ཊི་ (Frank Yamma)

Published

Presented by Pema Dolkar

Source: SBS

Share this with family and friends

ང་ཚོ་ལྷོ་ཕྱེད་གོ་ལའི་ས་ཕྱོགས་གང་སར་ནས་གནས་ཡོད་པའི་མི་རྣམས་ཕྱི་ལོ་༢༠༡༧ ལོའི་རྒྱལ་ཡོངས་རྩ་ཁྲིམས་ལྷན་ཚོགས་སུ་མཉམ་འཛོམས་ཐོག་ཨུ་ལུ་རུ་སེམས་ཀྱི་བསྒྲགས་གཏམ་དེ་བཟོས་པ་ཞིག་ཡིན། ང་ཚོ་གདོད་མའི་རིགས་དང་ཊོ་རི་སིཊ་མཚོ་གླིང་པའི་མི་རིགས་ནི་ཨོ་སི་ཊོ་ལི་ཡ་དང་འདིའི་ཉེ་འཁོར་གླིང་ཕྲན་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཆེས་ཐོག་མ་དེ་ཆགས་ཡོད་པ་དང་། ང་ཚོའི་ཁྲིམས་ལུགས་འོག་ས་འདིའི་བདག་པོ་ཡིན། དེ་ཡང་ང་ཚོའི་མེས་པོ་རྣམས་ཀྱི་དུས་ནས་བཟུང་ས་འདིར་བདག་དབང་འཛིན་ཡོད་པ་དང་། སྤྱི་མང་གི་རྩིས་སྲོལ་ལྟར་ན་གནའ་བོའི་དུས་ནས་ཡོད་པར་ངོས་འཛིན་ཞིང་། ཚན་རིག་ལ་ལྟར་ན་ལོ་ ༦༠༠༠༠ གོང་ནས་ས་གནས་འདིར་ང་ཚོའི་མི་རིགས་གནས་ཆགས་ཡོད། བདག་དབང་ཞེས་པ་ནི་ང་ཚོའི་མེས་པོའི་སའམ་རང་བྱུང་སྐྱེ་དངོས་དང་ས་དེར་སྐྱེ་འཚར་བྱུང་ནས་གཞིས་ཆགས་ཡོད་པའི་གདོད་མའི་མི་རིགས་བར་གྱི་ཆོས་ཕྱོགས་ཀྱི་འབྲེལ་བར་གོ་དགོས་པ་དང། རྒྱུ་མཚན་འདིར་གཞི་བཞག་ཐོག་ང་ཚོ་ས་འདིའི་བདག་པོ་དང་ང་ཚོ་ས་འདིའི་བདག་དབང་ཆ་ཚང་ཡོད་པ་ཡིན། ང་ཚོས་ས་འདིའི་བདག་དབང་ནམ་ཡང་བློས་བཏང་ཞུས་མེད་ལ། ས་འདི་ནམ་ཡང་འདོར་མེད། ང་ཚོའི་བདག་དབང་ཨོ་སི་ཊོ་ལི་ཡའི་གཞུང་དང་མཉམ་འབྲེལ་ཐོག་མུ་མཐུད་གནས་ཡོད། དེ་ལྟར་མ་ཡིན་ཚེ་གནས་ལུགས་གཞན་ཡོང་ག་ལ་སྲིད། ང་ཚོའི་མི་རིགས་འདིས་ས་གནས་འདིར་ལོ་སྟོང་ཕྲག་དྲུག་ཅུ་ཙམ་བདག་འཛིན་བྱས་ཡོད་པས་། ཉེ་བའི་ལོ་ཉིས་བརྒྱ་ཙམ་གྱི་ནང་རྩ་ཆེན་གྱི་ས་ཆ་འདི་དང་ང་ཚོའི་མི་རིགས་བར་གྱི་འབྲེལ་བ་དམིགས་བསལ་དེ་རྒྱལ་རབས་ལོ་རྒྱུས་ནས་ཡལ་བ་ག་ལ་སྲིད། དེར་བརྟེན་ཁ་ཡོད་ལག་ཡོད་ཀྱི་རྩ་ཁྲིམས་བསྒྱུར་བཅོས་གཏང་ན་ཨོ་སི་ཊོ་ལི་ཡར་གནའ་རབས་ཀྱི་བདག་དབང་དང་ལྡན་པའི་རྒྱལ་ཁབ་ཅིག་ཡོང་བའི་རེ་བ་ཡོད། མི་རིགས་གཞན་དང་བསྡུར་ན་ང་ཚོའི་མི་རིགས་ནི་བཙོན་འཇུག་བྱེད་པ་མང་ཤོས་ཆགས་ཡོད། དེ་ཡང་ང་ཚོ་སྐྱེ་དུས་ནས་ཉེས་ཅན་པ་མ་ཡིན། ང་ཚོའི་ཕྲུ་གུ་ཚོ་རང་ཉིད་ཀྱི་ནང་མི་ལས་ཁ་ཐོར་འགྲོ་ཡི་ཡོད། དེ་ནི་ང་ཚོས་ཕྲུ་གུར་བརྩེ་བ་དང་ཤ་ཚ་མེད་པ་མ་ཡིན། ང་ཚོའི་གཞོན་སྐྱེས་ཕོན་ཆེན་ཞིག་བཙོན་དུ་ཚུད་ཀྱི་ཡོད། ཁོང་རྣམས་ང་ཚོའི་མ་འོངས་ཀྱི་རེ་བ་ཡིན། གནད་དོན་དེ་ལྟར་ལས་ང་ཚོའི་མི་རིགས་ཀྱི་དཀའ་ངལ་འདི་ནི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་ཐུག་ཡོད་པ་གསལ་པོ་རེད་ལ་ང་ཚོར་ནུས་སྟོབས་མེད་པའི་རྐྱེན་གྱིས་ཀྱང་རེད། ང་ཚོས་རྩ་ཁྲིམས་བསྒྱུར་བཅོས་བྱེད་ནས་གདོད་མའི་མི་རིགས་ཀྱི་ནུས་ཤུགས་སྤེལ་བའི་ཐོག་ང་ཚོའི་མི་རིགས་ཀྱི་ཐོབ་ཐང་དང་དབང་ཆ་བདག་འཛིན་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ང་ཚོའི་མི་རིགས་ལ་ནུས་སྟོབས་དང་དབང་ཐང་སྤེལ་བ་ཡིན་ན་ང་ཚོའི་ཕྲུ་གུ་ཚོའི་མདུན་ལམ་དར་རྒྱས་ཡོང་ངེས་རེད། ང་ཚོའི་མི་རིགས་ཀྱི་བསམ་ཚུལ་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་ནང་ཆ་འཇོག་བཞག་དགོས་པར་ཞུ་སྐུལ་བྱེད་ཀྱི་ཡོད། མཱ་ཀཱ་རཱ་ཊ་ (Makarrata ) ཞེས་པ་ནི་དཀའ་ངལ་མང་པོར་མཉམ་དུ་གདོང་ལེན་བྱེད་པའི་དོན་རེད། ང་ཚོའི་མཐར་ཐུག་དམིགས་ཡུལ་ནི་ཨོ་སི་ཊོ་ལི་ཡའི་མི་མང་རྣམས་དང་དྲང་བདེན་གྱི་འབྲེལ་བ་ཞིག་བསྐྲུན་པའི་ཐོག་ང་ཚོའི་ཕྲུ་གུ་རྣམས་ལ་ བདེན་པ་དང་རང་ཐག་རང་གཅོད་ཀྱི་མ་འོངས་པ་ཞིག་བཟོ་རྒྱུ་དེ་ཡིན། ང་ཚོས་མཱ་ཀཱ་རཱ་ཊ་ལྷན་ཚོགས་ཞིག་བཟོས་ནས་དེས་ཨོ་སི་ཊོ་ལི་ཡའི་གཞུང་དང་གདོད་མའི་མི་རིགས་བར་གྲོས་མཐུན་དང་། ང་ཚོའི་ལོ་རྒྱུས་དྲང་པོ་བཤད་པར་འགན་ཁུར་བླངས་དགོས་པ་ཡིན། ཕྱི་ལོ་ ༡༩༦༧ ལོར་ང་ཚོའི་མི་རིགས་རྣམས་མི་འབོར་ཞིབ་གཤེར་སྐབས་མི་གྲངས་སུ་རྩིས་པ་རེད། ཕྱི་ལོ་ ༢༠༡༧ ལོར་ང་ཚོའི་བསམ་ཚུལ་དང་སེམས་ཚོར་ཉན་ནས་ཆ་འཇོག་བྱེད་པར་རེ་སྐུལ་བྱེད་ཀྱི་ཡོད། ང་ཚོ་སྡོད་སྒར་ནས་ཐོན་ཏེ་ས་ཁྱོན་ཆེ་བའི་ལུང་པ་འདིར་གོམས་གྲོས་བྱེད་རྒྱུ་ཡིན་པས། ཨོ་སི་ཊོ་ལི་ཡའི་མི་རིགས་ཀྱི་མ་འོངས་མདུན་ལམ་ཡག་པོ་ཞིག་ཡོང་ཆེད་ཁྱེད་རྣམས་པས་ང་ཚོའི་ལས་འགུལ་ནང་མཉམ་ཞུགས་གནང་བར་ཞུ་འབོད་བྱེད་ཀྱི་ཡོད།

གནས་ཚུལ་རྒྱས་པ་དྲ་ཚིག་ཁ་བྱང་། www.ulurustatement.org འདིའི་ཐོག་བསྐྱོད་པའམ། གདོད་མའི་མི་རིགས་ཀྱི་ཁྲིམས་དོན་སྟེ་གནས་ཁང་ ilc@unsw.edu.au ཐོག་གློག་ཕྲིན་བརྒྱུད་འབྲེལ་གཏུགས་གནང་རོགས།

Know more about the dialogue process behind the Uluru Statement from the Heart, where First Nations peoples from across Australia discussed ideas for change and voiced many different points of view.

ཁྱེད་ཀྱིས་ཨུ་ལུ་རུའི་སེམས་ཀྱི་བསྒྲགས་གཏམ་གྱི་རྒྱབ་ལྗོངས་དང་བརྒྱུད་རིམ་སྐོར་ཤེས་ཐབས་གནང་རོགས། SBS ཨེས་སྦི་ཨེས་ཀྱིས་རིག་གཞུང་དང་སྐད་རིགས་སྣ་མང་གི་ཚོགས་སྡེ་ཁག་ནང་གདོད་མའི་མི་རིགས་ཀྱི་གནད་དོན་ཐོག་གྲོས་བསྡུར་མུ་མཐུད་ཡོང་ཆེད་ཨུ་ལུ་རུའི་སེམས་ཀྱི་བསྒྲགས་གཏམ་དེ་སྐད་རིགས་མི་འདྲ་བ་ཁག་ ༦༣ ནང་ཕབ་བསྒྱུར་གནང་ཡོད་པ་རེད།

Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now