འཕྲོད་བསྟེན་བློན་ཆེན་མཆོག་གིས་ཨོ་གླིང་གི་ས་མཚམས་སྒོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་སྐོར་གསུངས་འདུག

ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་གྷེ་རིག་ཧན་ཊི་ Greg Hunt མཆོག་གིས་ཨོ་སི་ཊོ་ལི་ཡ་ནི་གནས་གཙང་མཚོ་གླིང་ཞིག་ཡིན་པས་དུས་ཚོད་ངེས་ཅན་ཞིག་གི་བར་ས་མཚམས་ཁག་མུ་མཐུད་སྒོ་རྒྱག་རྒྱུ་ཧ་ཅང་གནད་འགག་ཆགས་ཡོད་སྐོར་གསུངས་འདུག

Minister for Health Greg Hunt Source: AAP

Health Minister Greg Hunt Source: AAP

དེ་ཡང་ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་གྷེ་རིག་ཧན་ཊི་མཆོག་གིས། ད་ལྟའི་ཆར་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་ནད་དུག་ཤུགས་རྐྱེན་གྱི་ཚད་གཞི་མྱུར་པོ་ཆགས་བཞིན་ཡོད་སྟབས། ཨོ་སི་ཊོ་ལི་ཡ་འདི་གནས་གཙང་མཚོ་གླིང་ཞིག་ཡིན་པས། དུས་ཚོད་ངེས་ཅན་ཞིག་གི་བར་ས་མཚམས་ཁག་སྒོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་ཉེ་ཆར་རེས་གཟའ་མིག་དམར་ཉིན་ ABC རླུང་འཕྲིན་ལ་འགྲེལ་བརྗོད་གནང་འདུག

ཁོང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཁབ་ཅིག་མ་རག་བར་དུ་རྒྱལ་སྤྱིའི་ས་མཚམས་ཁག་སྒོ་རྒྱག་དགོས་པའི་བསམས་ཚུལ་བཏོན་ཡོད་པ་དང་། དེ་བཞིན་ཨོ་སི་ཊོ་ལི་ཡའི་ཆེས་མཐོའི་གསོ་རིག་སློབ་སྟོན་པ་ཞིག་གིས་ཏོག་དབྱིབས་ན་ཚ་ཁྱབ་བརྡལ་ཐད་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཝི་ཊོ་རི་ཡ་ (Victoria) དེ་ནིའུ་སོ་ཐི་ཝལ་ (NSW) མངའ་སྡེ་དང་བསྡུར་ན་འཐུས་ཤོར་མང་པོ་ཕྱིན་ཡོད་སྐོར་གསུངས་འདུག

ཝི་ཊོ་རི་ཡ་མངའ་སྡེའི་ནང་རེས་གཟའ་ཟླ་བ་ཉིན་ཏོག་དབྱིབས་ནད་པ་གསར་པ་གྲངས་ ༡༦ ཐོན་ནས་ཁྱོན་བདུན་ཕྲག་གཅིག་གི་ནང་ཏོག་དབྱིབས་ནད་པ་གསར་པ་གྲངས་ ༡༢༥ ཐོན་ཡོད་སྟབས། བདུན་ཕྲག་གཅིག་གི་ནང་ནད་པ་ལྡབ་གཅིག་འཕར་ཡོད།

ནེའུ་སོ་ཊི་ཝལ་མངའ་སྡེའི་ནང་འདས་པའི་བདུན་ཕྲག་ནང་ནད་པ་གསར་པ་གྲངས་ ༢༢ ཐོན་ཡོད་པ་དང་། མངའ་སྡེ་གཞན་ཁག་གྲངས་འབོར་མར་ཆགས་པའམ་ཁག་ཅིག་ནད་པ་གསར་པའི་གྲངས་ཐོ་ཀླད་ཀོ་ཆགས་ཡོད། ཝི་ཊོ་རི་ཡའི་ནི་ད་ལྟའི་ཆར་ནད་པ་གསར་པ་ཐོན་པའི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་དང་། ཉེ་བའི་ཉིན་གྲངས་ ༦ དེ་ནི་འདས་པའི་ཟླ་བ་ ༢ ཙམ་གྱི་ནང་གསར་དུ་ཐོན་པའི་ནད་པའི་གྲངས་འབོར་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེས་ཕྱི་ཟླ་བརྒྱད་པའི་ནང་མངའ་སྡེའི་ས་མཚམས་སྒོ་ཕྱེ་རྒྱུའི་འཆར་གཞི་ཡོད་ཀྱང་། ནེའུ་སོ་ཐི་ཝལ་མངའ་སྡེས་མེལ་བྷོན་དུ་འགྲུལ་བཞུད་བྱ་རྒྱུ་ཉེན་བརྡ་ཞིག་ཆགས་བཞིན་ཡོད། རེས་གཟའ་ཟླ་བ་ཉིན་གསོ་རིག་འགན་འཛིན་བྷ་རན་དྷ་མུར་ཕེ་ Brendan Murphy མཆོག་གིས་ཀྱང་ཉེ་ཆར་ཝི་ཊོ་རི་ཡའི་ནང་ནད་པ་གསར་དུ་འཕར་བཞིན་པའི་གནད་དོན་དེའི་ཐད་འཐུས་ཤོར་དང་མ་འདང་ས་མང་པོ་ཞིག་ཡོད་པ་རེད་བསམས་ཀྱི་འདུག་ཅེས་གསུངས་འདུག

རེས་གཟའ་མིག་དམར་ཉིན་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེས་ཆེད་མཁས་སྨན་པ་ཚོགས་ཆུང་ཞིག་ཝི་ཊོ་རི་ཡར་ཆེད་གཏོང་གིས་དུས་ཡུན་བདུན་ཕྲག་གསུམ་ཙམ་གྱི་རིང་ཝི་ཊོ་རི་ཡའི་ནང་འཕྲོད་བསྟེན་ལས་བྱེད་ཚོར་སྨན་བཅོས་རོགས་རམ་གནང་རྒྱུ་རེད་འདུག

ཨོ་སི་ཊོ་ལི་ཡ་ནུབ་བརྒྱུད་མངའ་སྡེའི་བློན་ཆེན་མཱ་ཁི་མེ་ཁི་གྷོ་ཝང་  Mark McGowan མཆོག་གིས་མངའ་སྡེའི་ས་མཚམས་སྒོ་ཕྱེ་རྒྱུ་དུས་ཚེས་བཟོས་ཡོད་ཀྱང་། མངའ་སྡེ་ནང་ཁུལ་གྱི་ཏོག་དབྱིབས་ནད་དུག་སྔོན་འགོག་དམ་བསྒྲགས་ཁག་ཕྱི་ཟླ་ ༧ ཚེས་ ༡༨ ཉིན་གཞི་ནས་ཕྱིར་བསྡུ་གནང་རྒྱུ་ཡིན་འདུག

དེ་དང་ཆབས་ཅིག་ཨོ་སི་ཊོ་ལི་ཡའི་ནང་སྨན་དཔྱད་ཁང་ནས་མི་སྣ་མ་འདྲ་བ་ཁ་ཤས་ལ་སྨན་ཁབ་བརྟག་དཔྱད་བྱས་པའི་གྲུབ་དོན་དེ་བཞིན་ཕྱི་ཟླ་ ༧ པའི་ཟླ་འཇུག་ཏུ་ཐོན་རྒྱུ་ཡིན་སྐོར་གསུངས་འདུག ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་ས་དང་བླངས་བ་རྣམས་ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེ་ Adelaide ས་གནས་སུ་བསྡུ་སྐོང་བྱས་ཡོད་འདུག

རོ་ཡོལ་ཨ་དྷེ་ལཱ་དྷི་སྨན་ཁང་ (royal adelaide hospital) གི་ཉམས་ཞིབ་པ་ཚོས་ཏོག་དབྱིབས་ནད་དུག་གི་སྨན་ཁབ་ཚོད་ལྟ་ཆེད་ལོ་གཞོན་བདེ་ཐང་ཅན་གྱི་མི་གྲངས་ ༡༠༠ ཙམ་ཞིག་འཚོལ་བཞིན་ཡོད་འདུག་པ་དང་། ལས་དོན་དེ་འདི་ལོའི་ལོ་མཇུག་ཏུ་ལག་བསྟར་ཐུབ་ཐབས་འབད་བརྩོན་བྱེད་བཞིན་ཡོད་འདུག


ཨོ་སི་ཊོ་ལི་ཡའི་ནང་མི་རྣམས་ངེས་པར་དུ་མི་གཞན་དང་བར་ཐག་རྨིད་ ༡།༥ བཞག་དགོས་པ་དང་། འདུ་འཛོམས་ཚད་བཀག་སྐོར་མངའ་སྡེ་གཞུང་གི་བཀོད་ཁྱབ་བརྟག་དཔྱད་བྱེད་དགོས་པ་ཡིན། ཏོག་དབྱིབས་ནད་དུག་བརྟག་དཔྱད་བྱེད་ས་ཨོ་སི་ཊོ་ལི་ཡའི་ས་གནས་གང་སར་ཡོད། གལ་སྲིད་ཁྱེད་རང་ལ་ཆམ་པ་དང་ཡང་ན་རིམས་ཆམ་ནད་རྟགས་ཐོན་ཚེ། བརྟག་དཔྱད་བཀོད་སྒྲིག་ཆེད་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་གནས་ཚུལ་མཁོ་སྤྲོད་ཛ་དྲག་འབྲེལ་གཏུགས་ཨང་གྲངས་ 1800 020 080 ཐོག་ནས་འབྲེལ་བ་བྱེད་དགོས་པ་ཡིན། 

ཨོ་སི་ཊོ་ལི་ཡ་གཞུང་གི་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་མཉེན་ཆས་ COVIDSafe དེ་ཁྱེད་ཀྱི་ཁ་པར་ཐོག་ཕབ་ལེན་བྱེད་ཆོག ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་མཉེན་ཆས COVIDSafe སྐོར་འདི་ནས་གཟིགས་རོགས།

SBS གསར་ཁང་གིས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གི་འཕེལ་རིམ་སྐོར་གནས་ཚུལ་གསར་ཤོས་མཁོ་སྤྲོད་བྱེད་བཞིན་ཡོད། ཏོག་དབྱིབས་ནད་དུག་སྐོར་གསར་འགྱུར་དང་གནས་ཚུལ་ཁག་དྲ་ཚིགས་ sbs.com.au/coronavirus ཐོག་སྐད་ཡིག་ ༦༣ ནང་ཡོད་པ་ཡིན།


Share

Published

Updated

Presented by Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service