ཨེ་སི་བྷི་ཨེ་སི་གསར་འགྱུར་ཁང་ནས་ཨོ་སི་ཁྲུ་ལི་ལ་ཁྱོན་ཡོངས་སུ་འཚོ་སྡོད་གདོད་མའི་རིགས་རྒྱུན་ཡུལ་མི་དང་ཊོ་རི་སི་མཚོ་ཕྲན་མི་མང་རྣམས་རྒྱལ་ཁབ་ཀྱི་སྲོལ་རྒྱུན་གྱི་བདག་པོ་ཡིན་པ་དང་། ཡུལ་གྱི་ས་ཆུ་སྤྱི་ཚོགས་བཅས་ལ་མུ་མཐུད་འབྲེལ་ནས་ཡོད་པ་དང་ལེན་བྱེད་ཀྱི་ཡོད།
ཨོ་སི་ཁྲུ་ལི་ཡ་ནམ་ཡང་ལེགས་པར་རྒྱས། ཞེས་པའི་གཞས་ཚིགས་འདི་ཉིད་ཕྱི་ལོ་ ༡༩༧༨ ལོར་ཨོ་སི་ཁྲུ་ལི་ཡའི་སློབ་གྲྭའི་དགེ་རྒན་དང་གཞས་ཚིག་འབྲི་མཁན་པི་ཊར་ཌྷོ་ཛི་མེག་ཁོར་མིག་ལགས་ཀྱིས་བརྩམས། གཞས་དེ་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་ཀྱི་རྒྱལ་གླུར་ཕྱི་ལོ་ ༡༩༨༤ ལོར་གཏན་འཁེལ་བྱུང་།
ཕྱི་ལོ་ ༢༠༢༡ ལོར་མཉམ་རུབ་ཀྱི་རང་བཞིན་མཚོན་ཕྱིར་རྒྱལ་གླུའི་གཞས་ཚིགས་ཀྱི་ཚིག་ཕྲན་གཉིས་པ་ " གཞོན་ཞིང་རང་དབང་" ཞེས་པ་ནས་ "གཅིག་སྒྲིལ་དང་རང་དབང་" དུ་བཅོས་སྒྱུར་བྱས།
རྒྱལ་གླུ་དེ་གཞུང་འབྲེལ་གྱི་མཛད་སྒོ་དང་། ལུས་རྩལ་འགྲན་བསྡུར། དེ་བཞིན་སྤྱི་ཚོགས་ཀྱི་བྱ་འགུལ་གཞན་དག་ལ་གཏོང་བཞིན་ཡོད། རྒྱལ་གླུ་དེ་གཞུང་འབྲེལ་གྱི་མཛད་སྒོ་དང་། ལུས་རྩལ་འགྲན་བསྡུར། དེ་བཞིན་སྤྱི་ཚོགས་ཀྱི་བྱ་འགུལ་གཞན་དག་ལ་གཏོང་བཞིན་ཡོད།
ཨོ་གླིང་རྒྱལ་གླུ།
ཨོ་སི་ཁྲུ་ལི་ཡ་ཡོངས་རྫོགས་དགའ་སྤྲོར་རོལ།།
ང་ཚོ་གཅིག་སྒྲིལ་དང་རང་དབང་ངང་གནས།།
ངལ་རྩོལ་ལ་གསེར་གྱི་ས་གཞི་དང་རྒྱུ་ནོར་ལྡན།
ང་ཚོའི་ཁྱིམ་གཞིས་མཚོ་ཡིས་བསྐོར།
ས་ཁྱོན་ཡོངས་རྫོགས་ཕྱུགས་ཤིང་དཀོན་གྱུར་བའི།
རང་བྱུང་ཁམས་ཀྱི་ལེགས་སྐྱེས་ནོམ་པས་ཚོགས།
ལོ་རྒྱུས་ཤུལ་ལམ་རིང་མོའི་ཤོག་སྣེ་རུ།
ཨོ་སི་ཁྲུ་ལི་ཡ་ནམ་ཡང་ལེགས་པར་རྒྱས།
བདེ་ལྡན་དཀའ་བའི་དུས་ཀྱི་ཁོར་མཚམས་སུ།
ཨོ་སི་ཁྲུ་ལི་ཡ་ལེགས་པར་རྒྱས་ཞེས་གླུ་རུ་ལེན།
ང་ཚོའི་འོད་མདངས་འཚེར་བའི་ལྷོ་ཕྱོགས་རྒྱ་གྲམ་འོག
ལུས་སེམས་གཉིས་ཀྱིས་དཀའ་སྤྱད་འབད་བརྩོན་གྱིས།
སྤྱི་མཐུན་རྒྱལ་ཁབ་འདི་ཉིད་ཡུལ་ཀུན་ལ།
རྣམ་པར་གྲགས་པར་བྱེད་རྒྱུར་ངལ་བས་བརྩོན།
མཐའ་ཡངས་རྒྱ་མཚོའི་ཕྱོགས་ནས་ཕེབས་པ་ཚོར།
ང་ཚོས་ཡངས་པའི་ས་གཞི་མཉམ་སྤྱོད་བྱེད།
བློ་སྟོབས་དཔའ་ངར་ཆེན་པོས་ང་ཚོ་ཡོངས།
གཅིག་ཏུ་ཨོ་སི་ཁྲུ་ལི་ཡ་ནམ་ཡང་ལེགས་པར་རྒྱས།
བདེ་ལྡན་དཀའ་བའི་དུས་ཀྱི་ཁོར་མཚམས་སུ།
ཨོ་སི་ཁྲུ་ལི་ཡ་ལེགས་པར་རྒྱས་ཞེས་གླུ་རུ་ལེན།
- Credit: Don Arnold/Getty Images
ཨོ་སི་ཁྲུ་ལི་ཡའི་མི་སེར་གྱི་དམ་འཅའི་བརྗོད་ཚིག
ཕྱི་ལོ་ ༡༩༤༩ ལོར་ཨོ་སི་ཊོ་ལི་ཡའི་མི་སེར་གྱི་ཐོབ་ཐང་ངོ་སྤྲོད་བྱས་པ་ནས་བཟུང་མི་ས་ཡ་དྲུག་ལྷག་གཞུང་འབྲེལ་གྱི་གཟེངས་རྟགས་བརྒྱུད་ནས་རྒྱལ་ཁབ་ཀྱི་མི་སེར་ཆགས་ཡོད།
ཕྱི་ཟླ་ ༩ ཚེས་ ༡༧ ཉིན་གྱི་ཨོ་སི་ཊོ་ལི་ཡའི་མི་སེར་གྱི་ཉིན་མོས་གཙོས་མི་སེར་ཆགས་པའི་མཛད་སྒོ་རྣམས་ས་གནས་ལྷན་ཁང་གིས་གོ་སྒྲིག་བྱེད་ཀྱི་ཡོད།
མཛད་སྒོའི་ཐོག་ཨོ་སི་ཁྲུ་ལི་ཡའི་རྒྱལ་གླུ་གཏོང་བ་དང་། མི་ཚོས་ཨོ་སི་ཁྲུ་ལི་ཡའི་མི་སེར་ཀྱི་འགན་འཁྲི་ཁས་ལེན་བྱེད་པའི་གཡར་དམ་འཇོག་གི་ཡོད།
དམ་བཅའ་དེ་ལ་ཐོན་རིམ་གཉིས་ཡོད་ཅིང་། དེའི་ནང་ནས་གཅིག་ལ་དཀོན་མཆོག་ཅེས་བརྗོད་ཡོད།
དམ་བཅའི་ཐོན་རིམ་དང་པོ།
དུས་འདི་ནས་བཟུང་དཀོན་མཆོག་དཔང་པོར་བཞག་ནས།
བདག་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་དང་།
མང་གཅོའི་བསམ་བློ་རང་ཉིད་དང་མཚུངས་པ་རྣམས་ལ་བློ་གཏོད་བཅོལ་རྒྱུ་དང་།
ཁོང་ཚོའི་ཐོབ་ཐང་དང་རང་དབང་ལ་གུས་བརྩི།
ཁྲིམས་ལུགས་ལ་སྲུང་སྐྱོབ་དང་བརྩི་བཀུར་ཞུ་རྒྱུ་ཡིན།
དམ་བཅའི་ཐོན་རིམ་གཉིས་པ།
དུས་འདི་ནས་བཟུང་།
བདག་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་དང་།
མང་གཅོའི་བསམ་བློ་རང་ཉིད་དང་མཚུངས་པ་རྣམས་ལ་བློ་གཏོད་བཅོལ་རྒྱུ་དང་།
ཁོང་ཚོའི་ཐོབ་ཐང་དང་རང་དབང་ལ་གུས་བརྩི།
ཁྲིམས་ལུགས་ལ་སྲུང་སྐྱོབ་དང་བརྩི་བཀུར་ཞུ་རྒྱུ་ཡིན།
ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་མི་སེར་གྱི་དམ་བཅའི་བརྗོད་ཚིག་རང་ཉིད་ཀྱི་སྐད་ཡིག་ནང་དུ་གཟིགས།