༄༅། །ན་གཞོན་ཚོར་སྤྱི་ཚོགས་དྲྭ་ལམ་གྱི་ལོ་ཚད་ཚོད་འཛིན་ལ་གདོང་ལེན་བྱ་ཕྱིར་ཕྲུ་གུའི་ཕ་མ་ཚོར་ལམ་སྟོན།

Hearing a father's advice

སྤྱི་ཚོགས་འབྲེལ་བ་ནི་ན་གཞོན་ཚོའི་བདེ་ཐང་གི་ལྟེ་བ་ཡིན་པས། ཕ་མ་ཚོས་ཁོང་ཚོར་འབྲེལ་བ་རྒྱུན་འཁྱོངས་བྱེད་རྒྱུར་ཐབས་ལམ་གཞན་དག་འཆར་འགོད་བྱེད་པར་རོགས་རམ་བྱེད་ཐུབ། Credit: པར་ཁོངས། གྷི་ཊི་པར་རིས།

ཨོ་སི་ཁྲུ་ལི་ཡ་གཞུང་གིས་ལོ་ན་བཅུ་དྲུག་མན་གྱི་ན་གཞོན་ཚོར་སྤྱི་ཚོགས་དྲྭ་ལམ་གྱི་དྲྭ་ངོས་བེད་སྤྱོད་བྱེད་པར་ཚོད་འཛིན་བྱེད་བཞིན་ཡོད་པ་དང་། ཁྱིམ་ཚང་མང་པོ་ཞིག་གིས་དོན་དངོས་སུ་དེས་ཅི་ཞིག་མཚོན་གྱི་ཡོད་མེད་ལ་དོགས་པ་བྱེད་བཞིན་ཡོད། སྒྲིག་གཞི་འདིའི་འགན་འཁུར་ནི་གཉེན་ཆས་ལས་ཁུངས་སོ་སོར་ཡོད་པ་ལས་ན་གཞོན་ཚོ་དང་ཁོང་ཚོའི་ཕ་མ་ཚོར་མེད། འོན་ཀྱང་། འགྱུར་བ་འདིས་འབྲེལ་བ་བྱེད་པར་སྤྱི་ཚོགས་དྲྭ་ལམ་ལ་བརྟེན་མཁན་ན་གཞོན་ཚོར་སེམས་ངལ་བཟོ་སྲིད། བཀག་སྡོམ་འདི་ཇི་ལྟར་ལག་བསྟར་བྱེད་ཀྱི་ཡོད་མེད་དང་། འབྲེལ་ལམ་བྱེད་རྒྱུ་དེ་ད་དུང་ཡང་གལ་ཆེན་པོ་ཡིན་པའི་རྒྱུ་མཚན། དེ་བཞིན་ཆེད་ལས་པ་ཚོས་ན་གཞོན་ཚོར་འགྱུར་བ་འདིའི་བརྒྱུད་རིམ་ཁྲོད་རྒྱབ་སྐྱོར་ཇི་ལྟར་བྱེད་དགོས་པའི་སྐོར་ཤེས་རྟོགས་བྱེད་དགོས་པའི་བསྐུལ་མ་བཏང་ཡོད།


གཙོ་དོན།
  • ཨོ་སི་ཁྲུ་ལི་ཡ་གཞུང་གིས་ལོ་ན་བཅུ་དྲུག་མན་གྱི་ན་གཞོན་ཚོར་སྤྱི་ཚོགས་དྲྭ་ལམ་གྱི་ཚོད་འཛིན་གསར་པ་ཞིག་ ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་ནས་འགོ་འཛུགས་རྒྱུ་ཡིན།
  • ཕ་མ་ཚོ་མ་ཡིན་པར་སྤྱི་ཚོགས་དྲྭ་ལམ་གྱི་སྡིངས་ཆ་ཁག་གིས་ན་གཞོན་ཚོའི་ལོ་ཚད་ཞིབ་བཤེར་བྱེད་པར་འགན་འཁུར་དགོས།
  • གླེང་མོལ་ཁ་གསལ་པོ་བྱས་ན་འགྱུར་བ་འདིས་ཕྲུ་གུ་ཚོའི་སེམས་ཁམས་ལ་ཤུགས་རྐྱེན་འབྱུང་བར་གདོང་ལེན་བྱེད་རྒྱུར་རོགས་རམ་བྱེད་ཐུབ།
  • ཕ་མ་ཚོས་ན་གཞོན་ཚོར་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཐབས་ལམ་གཞན་འཆར་འགོད་བྱེད་པ་དང་། དྲྭ་ངོས་འགྱུར་བ་འགྲོ་བར་གྲ་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་ཐུབ།

སྒྲིག་གཞི་གསར་པ་དེ་གང་ཡིན་པ་དང་དེའི་སྐོར་གྱི་གསར་འགྱུར་གང་ནས་འཚོལ་དགོས།

སྤྱི་ཚོགས་དྲྭ་ལམ་གྱི་གཉེན་ཆས་བཟོ་བསྐྲུན་ཁང་ཁག་གིས་ལོ་ན་བཅུ་དྲུག་མན་གྱི་གཞོན་སྐྱེས་ཚོར་སྤྱི་ཚོགས་དྲྭ་ལམ་གྱི་གཉེན་ཆས་ཐོག་དྲྭ་ངོས་ཡོད་པ་བཀག་འགོག་བྱེད་པར་རྒྱུ་མཚན་ལྡན་པའི་གོམ་པ་སྤོ་དགོས། དེའི་ནང་ཊིག་ཊོག་དང་། ཨིན་སི་ཊ་གྷ་རམ། སི་ནེབ་ཆེཊ། ཧྤེ་སི་བྷུག ཀིག རེ་ཌི་ཊི། ཐི་རེ་ཌི། ཊི་ཝི་ཆི། ཨེཀ་སི་དང་། ཡུ་ཊུབ་བཅས་ད་ལྟ་ནས་ཚུད་ཡོད་པ་དང་། གཉེན་ཆས་གཞན་དག་ཀྱང་བསྣོན་སྲིད།
སྤྱི་ཚོགས་དྲྭ་ལམ་གྱི་ཚོད་འཛིན་ངོ་སྤྲོད་བྱེད་བཞིན་པའི་ཨོ་སི་ཁྲུ་ལི་ཡའི་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་གྱིས་འགྱུར་བ་འདི་དག་གིས་ལོ་ན་བཅུ་དྲུག་མན་གྱི་ན་གཞོན་ཚོ་སྤྱི་ཚོགས་དྲྭ་ལམ་གྱི་དྲྭ་ངོས་ནང་འཛུལ་ཞུགས་བྱེད་སྐབས་འཕྲད་སྲིད་པའི་གནོན་ཤུགས་དང་ཉེན་ཁ་ཁག་ལས་སྲུང་སྐྱོབ་བྱེད་པར་དམིགས་ཡོད་ཅེས་བརྗོད་ཡོད།

A child using smart phone lying in bed
བཟོ་བསྐྲུན་ཁང་དེ་དག་གིས་ཕྲུ་གུ་ཚོར་གཉེན་ཆས་དེ་དག་སྤྱོད་ཆོག་པའི་ལོ་ཚད་ཚོད་དཔག་བྱེད་པར་ལོ་ཚད་ཞིབ་བཤེར་གྱི་འཕྲུལ་རིག་བེད་སྤྱོད་བྱེད་དགོས་པའི་རེ་བ་བྱེད་ཀྱི་ཡོད། ན་གཞོན་ཚོས་ད་དུང་ཡང་ ཡུ་ཊུབ་དང་། ཊིག་ཊོག་ལྟ་བུའི་སྡིངས་ཆ་ཁག་གི་ཐོག་སྤྱི་ཡོངས་ཀྱིས་སྤྱོད་ཆོག་པའི་ནང་དོན་ལ་ལྟ་ཐུབ། Source: iStockphoto / འབྱུང་ཁུངས། / གྷི་ཊི་པར་རིས།
བཟོ་བསྐྲུན་ཁང་དེ་དག་གིས་ཕྲུ་གུ་ཚོར་གཉེན་ཆས་དེ་དག་སྤྱོད་ཆོག་པའི་ལོ་ཚད་ཚོད་དཔག་བྱེད་པར་ལོ་ཚད་ཞིབ་བཤེར་གྱི་འཕྲུལ་རིག་བེད་སྤྱོད་བྱེད་དགོས་པའི་རེ་བ་བྱེད་ཀྱི་ཡོད། ན་གཞོན་ཚོས་ད་དུང་ཡང་ ཡུ་ཊུབ་དང་། ཊིག་ཊོག་ལྟ་བུའི་སྡིངས་ཆ་ཁག་གི་ཐོག་སྤྱི་ཡོངས་ཀྱིས་སྤྱོད་ཆོག་པའི་ནང་དོན་ལ་ལྟ་ཐུབ།

བཀག་སྡོམ་འགོ་ཚུགས་རྗེས་ལོ་བཅུ་དྲུག་མན་ཆད་གྱི་བྱིས་པ་ཚོར་ད་དུང་གཉེན་ཆས་དེ་དག་གི་ཐོག་དྲྭ་ངོས་ཡོད་ཚེ་ཕ་མ་དང་ཕྲུ་གུ་ཚོར་ཉེས་ཆད་མེད། འགན་འཁུར་ནི་སྡིངས་ཆ་ཁག་རང་ཉིད་ལ་ཡོད།
བཀག་རྒྱ་དེ་གཉེན་ཆས་གང་དག་ལ་ཁྱབ་པ་དང་དེ་དག་གི་སྐོར་གནས་ཚུལ་གསར་ཤོས་རྣམས་ཨོ་སི་ཁྲུ་ལི་ཡའི་བདེ་འཇགས་ལས་ཁུངས་ཀྱི་དྲྭ་ཚིགས་ eSafety Commissioner’s website. ནས་རྙེད་ཐུབ།

འགྱུར་བ་དེའི་སྐོར་ལ་རང་གི་ཕྲུ་གུ་དང་གླེང་མོལ་ཇི་ལྟར་བྱེད་དགོས།

སྤྱི་ཚོགས་དྲྭ་ལམ་གྱི་ན་གཞོན་བཀག་སྡོམ་དེ་ ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་འགོ་འཛུགས་རྒྱུ་ཡིན་ནའང་། ཆེད་ལས་པ་ཚོས་ནན་བཤད་བྱེད་པ་ནི་ཁྱིམ་ཚང་ཁག་ལ་ཆེས་གལ་ཆེ་བ་ནི་སྒྲིག་གཞི་དེ་ཉིད་མ་ཡིན་པར་ཕ་མ་ཚོས་སོ་སོའི་ཕྲུ་གུ་དང་འགྱུར་བ་འདིའི་སྐོར་ལ་ཇི་ལྟར་གླེང་མོལ་བྱེད་ཀྱི་ཡོད་མེད་དེ་ཡིན། གླེང་མོལ་ཁ་གསལ་པོ་བྱས་ན་འགྱུར་བ་འདིའི་བརྒྱུད་རིམ་དེ་སེམས་ངལ་ཆུང་བ་ཡོང་བར་བྱེད་ཐུབ།
སི་ཌི་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་དྲྭ་ལམ་དང་འབྲེལ་ལམ་གྱི་སློབ་དཔོན་འགྲེས་པ་འབུམ་རམས་པ་ཁེ་ཐི་རིན་ པེ་ཇི་ ཇེ་ཧྥི་རི་ཡིས་བརྗོད་པ་ལྟར་ན། བཀག་སྡོམ་དེ་འགོ་འཛུགས་བྱེད་སྐབས་ཕ་མ་ཚོས་ཕྲུ་གུ་ཚོའི་མི་ཚེའི་ནང་སྤྱི་ཚོགས་དྲྭ་ལམ་གྱི་གལ་ཆེན་རང་བཞིན་ངོས་འཛིན་བྱེད་དགོས། ན་གཞོན་མང་པོ་ཞིག་གིས་སྤྱི་ཚོགས་དྲྭ་ལམ་དེ་ཁོང་ཚོའི་གྲོགས་པོ་ཚོ་དང་འབྲེལ་བ་བྱེད་པ་དང་། དོ་སྣང་བྱེད་ས། དེ་བཞིན་རང་ཉིད་ཀྱི་ངོ་བོ་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ལ་བེད་སྤྱོད་བྱེད་ཀྱི་ཡོད། འདི་ངོས་འཛིན་བྱས་ན་ཕྲུ་གུ་ཚོར་ཁོང་ཚོའི་བསམ་ཚུལ་ལ་ཉན་གྱི་ཡོད་པ་ལས་དགག་པ་རྒྱག་གི་མེད་པ་ཚོར་རྒྱུར་རོགས་རམ་བྱེད་ཐུབ།
Mobile phone showing the number 16 and a red forbidden sign trapped between barrier tapes on yellow background. Illustration of the British consideration of banning sale of smartphones to under 16s
བཀག་སྡོམ་འགོ་ཚུགས་རྗེས་ལོ་བཅུ་དྲུག་མན་ཆད་གྱི་བྱིས་པ་ཚོར་ད་དུང་གཉེན་ཆས་དེ་དག་གི་ཐོག་དྲྭ་ངོས་ཡོད་ཚེ་ཕ་མ་དང་ཕྲུ་གུ་ཚོར་ཉེས་ཆད་མེད། འགན་འཁུར་ནི་སྡིངས་ཆ་ཁག་རང་ཉིད་ལ་ཡོད། Source: iStockphoto / Dragon Claws/Getty Images
ཕ་མ་ཚོས་གླེང་མོལ་འགོ་འཛུགས་སྐབས་འདི་ལྟར་འདྲི་ཆོག
  • འགྱུར་བ་འབྱུང་ལ་ཉེ་བའི་སྐོར་ལ་ཁྱེད་རང་གི་ཚོར་སྣང་ག་འདྲྭ་འདུག
  • ཁྱེད་རང་ལ་སེམས་ཁྲལ་ཆེ་ཤོས་ག་རེ་འདུག
  • ཁྱེད་རང་གི་བསམ་པར་དཀའ་ངལ་ཆེ་ཤོས་ག་རེ་ཡོང་སྲིད་དམ།

འདིས་དྲང་པོ་བྱེད་རྒྱུུའི་གོ་སྐབས་བསྐྲུན་པ་དང་གཞོན་སྐྱེས་ཚོར་བཀག་སྡོམ་བྱེད་པ་ལས་རྒྱབ་སྐྱོར་བྱེད་པའི་ཚོར་སྣང་སྟེར་གྱི་རེད།

ཕྲུ་གུས་སྤྱི་ཚོགས་དང་མུ་མཐུད་འབྲེལ་བ་ཇི་ལྟར་ཉར་དགོས།

སྤྱི་ཚོགས་ཀྱི་འབྲེལ་བ་ནི་ན་གཞོན་ཚོའི་བདེ་ཐང་ལ་གལ་ཆེན་ཡིན་སྟབས་ཕ་མ་ཚོས་ཁོང་ཚོར་འབྲེལ་བ་བྱེད་སྟངས་གཞན་འཆར་འགོད་བྱེད་པར་རོགས་རམ་བྱེད་ཐུབ།
གདམ་ཀ་ཁག་ནི་འདི་ལྟར་ཡིན།
  • འཕྲིན་ཐུང་གི་མཉེན་ཆས་རིགས་ལ་བཀག་སྡོམ་མེད།
  • མི་སྒེར་གྱི་ཐུག་འཕྲད་སྔར་ལས་མང་བ་ཡོང་བ་ཡིན།
  • གཉེན་ཆས་དེ་དག་གི་ནང་དོ་དག་གི་དྲྭ་ངོས་མེད་ཀྱང་ཚོགས་པའི་གླེང་མོལ་ནང་ཞུགས་ཆོག
  • སྤྱི་ཚོགས་དང་རིག་གཞུང་། ཡང་ན་སློབ་གྲྭའི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་པར་སྐུལ་མ་གཏོང་བ།
རིག་གཞུང་དང་སྐད་ཡིག་མི་འདྲྭ་བའི་རྒྱབ་ལྗོངས་ཡོད་པའི་ན་གཞོན་ཁག་ཅིག་དང་། ལྷག་པར་དུ་མ་ནིང་པའི་སྤྱི་ཚོགས། གྲོང་གསེབ་ཁུལ། ཡང་ན་དབང་པོ་སྐྱོན་ཅན་ལ་སོགས་པར་དྲྭ་ཐོག་ཏུ་དངོས་ཡོད་འཚོ་བའི་ནང་རྙེད་དཀའ་བའི་འབྲེལ་བ་ཞིག་སྤྲོད་ཀྱི་ཡོད། ཁོང་ཚོར་འབྲེལ་བ་བྱེད་སའི་ལམ་ཁ་མང་པོ་བསྐྲུན་པ་དེས་གང་ཞིག་བརླགས་སོང་བའི་ཚོར་བ་ཉུང་དུ་གཏོང་རྒྱུར་རོགས་རམ་བྱེད་ཐུབ།
Asian teen and Black teen beauty bloggers having fun while sharing skincare tips during live video at home studio table with various cosmetic items, lighting, and camera setup
སྤྱི་ཚོགས་དྲྭ་ལམ་གཉེན་ཆས་ཁང་ཁག་གིས་ལོ་ན་ ༡༦ མན་གྱི་ཕྲུ་གུ་ཚོར་རང་གི་སྡིངས་ཆའི་ཐོག་དྲྭ་ངོས་བཟོ་བར་བཀག་འགོག་བྱེད་པའི་གོམ་པ་རྒྱག་དགོས། Source: iStockphoto / པར་ཁུངས། /གྷི་ཊི་པར་རིས།

སོ་སོའི་ཕྲུ་གུར་ཁེར་རྐྱང་གི་ཚོར་བ་སྐྱེ་སྐབས་རྒྱབ་སྐྱོར་ཇི་ལྟར་བྱ་དགོས།


ན་གཞོན་ཁག་ཅིག་ལ་སེམས་པ་སྐྱོ་བ་དང་། སེམས་འཚབ། ཡང་ན་གྲོགས་པོ་ཚོ་དང་ཁ་བྲལ་བའི་ཚོར་བ་སྐྱེ་སྲིད། སྐབས་དེར་ཕ་མ་ཚོས་བྱེད་ཐུབ་པ་ནི།
  • ཁོང་ཚོའི་ཚོར་བ་ལ་ངོས་ལེན་བྱེད་ཅིང་། “འདི་ལྟར་ཚོར་བ་དེ་རྒྱུ་མཚན་ལྡན་པ་ཞིག་རེད།” ལྟ་བུ་བརྗོད་པ། ཁོང་ཚོར་གྲོགས་པོ་ཚོ་བརླག་གི་མེད་པ་དང་འབྲེལ་བ་བྱེད་སྟངས་འགྱུར་བ་འགྲོ་གི་ཡོད་པ་དྲན་སྐུལ་བྱེད་པ།
  • ཁོང་ཚོས་འབྲེལ་བ་བྱེད་འདོད་ཆེ་ཤོས་ཡོད་པའི་གྲོགས་པོ་ཚོ་ངོས་འཛིན་བྱེད་པར་རོགས་རམ་བྱེད་པ།
  • ཆེད་ལས་མཁས་པ་ཚོས་རྒྱབ་སྐྱོར་བྱས་པའི་དྲྭ་ཐོག་གི་བདེ་འཇགས་དང་ལྟ་རྟོག་འོག་ཡོད་པའི་བརྒྱུད་ལམ་ཁག་བེད་སྤྱོད་བྱེད་པ། དཔེར་ན་བྱིས་པར་རོགས་སྐྱོར་ཨང་གྲངས་ (Kids Helpline’s ངའི་གཉེན་ཉེ། (My Circle ) ཡང་ན། རྨོངས་གྲོལ།( Beyond Blue forums) ལྟ་བུའི་གླེང་སྟེགས།
བྱིས་པར་རོགས་སྐྱོར་ཨང་གྲངས་གྱི་འགན་འཛིན་ལི་ཨོ་ཧེ་ཌེ་ཡིས་ཕྲུ་གུ་ཚོ་དང་མཉམ་དུ་འབྲེལ་བ་བྱེད་སའི་ལམ་ཁ་ཕྱེ་བ་དང་ཡིད་ཆེས་བསྐྲུན་རྒྱུ་དེ་གལ་ཆེན་པོ་ཡིན་པའི་བསམ་འཆར་བཏོན་ཡོད། དེའི་དོན་ནི་དྲྭ་ཐོག་ཏུ་གནས་ཚུལ་ངན་པ་ཞིག་བྱུང་ཚེ་ཁོང་ཚོས་ཁྱེད་ལ་བཤད་ཆོག་པ་དང་ཉེས་ཆད་གཅོད་རྒྱུའི་འཇིགས་སྣང་མེད་པ་བཟོ་རྒྱུ་དེ་རེད།

བྱིས་པ་ཞིག་གིས་ཉལ་ཁྲིའི་སྟེང་ལག་ཐོག་གློག་ཀླད་བེད་སྤྱོད་བྱེད་བཞིན་དུ་ཨ་མར་ཡ་ལན་མི་བྱེད་པ།
ཕ་མ་ཚོས་རང་གི་ཕྲུ་གུའི་ཚོར་བ་ལ་སྣང་མེད་བྱེད་མི་རུང་། Source: iStockphoto / པར་ཁུངས། /ཨེན་ཊོ་ནི་འོ་ཌེས་ཛི། གྷི་ཊི་པར་རིས།

དྲྭ་ངོས་སྒོ་མ་བརྒྱབ་གོང་ལག་བསྟར་བྱེད་དགོས་པའི་གོམ་པ་གང་དག་ཡོད་དམ།

ཕ་མ་དང་ན་གཞོན་ཚོས་མཉམ་རུབ་ཀྱིས་གྲ་སྒྲིག་བྱེད་ཐུབ།
  • དྲྭ་ངོས་རྙིང་པ་ནས་པར་དང་བརྙན་འཕྲིན། གླེང་མོལ། དྲྭ་ཐོག་གི་དྲན་བཟོའི་བརྙན་པར་བཅས་ཉར་ཚགས་བྱེད་པ།
  • འབྲེལ་བ་བྱེད་འདོད་ཡོད་པའི་གྲོགས་པོ་ཚོའི་ཐོ་གཞུང་བཟོ་བ་དང་ཁོང་ཚོ་དང་འབྲེལ་བ་བྱེད་སྟངས་གང་ཡིན་ཐག་གཅོད་བྱེད་པ།
  • མཉེན་ཆས་གཞན་དང་བདེ་འཇགས་ཅན་གྱི་དྲྭ་ལམ་སྤྱི་ཚོགས་ཁག་ལ་ཞིབ་འཇུག་བྱེད་པ།
  • འབྲེལ་བ་དང་བདེ་ཐང་ལ་ཕན་ཐོགས་ཡོད་པའི་གཉེན་ཆས་ཁག་བེད་སྤྱོད་བྱེད་བཅུག་ཀྱང་དེ་དག་ལ་རན་ཚོད་ཀྱི་སྟངས་འཛིན་བྱེད་པ།
དྲྭ་ངོས་རྣམས་དེ་མ་ཐག་ཏུ་མེད་པ་བཟོ་མི་སྲིད་ཀྱང་སྔ་ས་ནས་གྲ་སྒྲིག་བྱས་ན་དེས་སེམས་ངལ་ཉུང་དུ་གཏོང་ཐུབ།
Group of friends hanging out together in skatepark and taking selfie
བཀག་སྡོམ་དེ་ལག་བསྟར་བྱས་རྗེས་ཕ་མ་ཚོས་རང་གི་ཕྲུ་གུ་ཚོ་དང་མཉམ་དུ་དྲྭ་ཐོག་གི་འཚོ་བའི་སྐོར་ལ་མུ་མཐུད་དུ་གླེང་མོལ་བྱེད་དགོས། Credit: Johner Images/Getty Images/Johner RF

གཉེན་ཆས་ཁག་གི་དྲྭ་ངོས་བཀག་སྡོམ་འགོ་འཛུགས་བྱས་རྗེས་ཅི་ཞིག་བྱེད་དགོས་སམ།

བཀག་སྡོམ་དེ་ལག་བསྟར་བྱས་རྗེས་ཕ་མ་ཚོས་རང་གི་ཕྲུ་གུ་ཚོ་དང་མཉམ་དུ་དྲྭ་ཐོག་གི་འཚོ་བའི་སྐོར་ལ་མུ་མཐུད་དུ་གླེང་མོལ་བྱེད་དགོས། དྲྭ་ཐོག་གི་ཉེན་ཁ་ནི་སྤྱི་ཚོགས་དྲྭ་ལམ་ཁོ་ན་མ་ཡིན་པར་དྲྭ་རྒྱའི་ནང་ཡོད་པར་བརྟེན་དྲྭ་ཐོག་གི་བདེ་ཐང་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་གལ་ཆེན་པོ་རེད།
འོན་ཀྱང་བཀག་སྡོམ་དེ་ལག་བསྟར་བྱས་རྗེས་ཀྱང་ཕ་མ་ཚོས་རང་གི་ཕྲུ་གུ་ཚོ་དང་མཉམ་དུ་དྲྭ་ཐོག་གི་བདེ་འཇགས་དང་ཉེན་ཁའི་སྐོར་ལ་མུ་མཐུད་དུ་གླེང་མོལ་བྱེད་དགོས། རྒྱུ་མཚན་ནི་དྲྭ་ཐོག་གི་ཉེན་ཁ་མང་ཆེ་བ་སྤྱི་ཚོགས་དྲྭ་ལམ་ཁོ་ན་མ་ཡིན་པར་དྲྭ་རྒྱའི་ནང་ཡོད་པས་རེད།
སི་ཌི་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་དྲྭ་ལམ་དང་འབྲེལ་བའི་སློབ་དཔོན་བགྲེས་པ་ཁེ་ཐེ་རིན་པེ་ཇི་ཇེ་ཧྤི་རི་ཡིས་གསུངས།
ཡང་བསྐྱར་བཤད་ན། ཁྱེད་དང་ཁྱེད་ཀྱི་ཕྲུ་གུ་གཉིས་བར་གྱི་འབྲེལ་བ་དང་ཡིད་ཆེས་རྒྱུན་འཁྱོངས་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་ནི་ཁོང་ཚོར་དྲྭ་ཐོག་ཏུ་གནས་ཚུལ་ངན་པ་ཞིག་བྱུང་ཚེ་ཁྱེད་ལ་བཤད་ཆོག་པ་དང་སེམས་ཁྲལ་བྱེད་མི་དགོས་པ་ཤེས་སུ་འཇུག་རྒྱུ་དེ་རེད། འདི་ནི་འགྱུར་བ་འགྲོ་བའི་སྐབས་དང་རྗེས་སུ་རྒྱབ་སྐྱོར་བྱེད་སྟངས་ཀྱི་རྣམ་པ་ནུས་པ་ཆེ་ཤོས་ཤིག་རེད།
དྲྭ་ཐོག་གི་བདེ་འཇགས་དང་བདེ་ཐང་གི་ཐོན་ཁུངས་སྐོར་གྱི་གནས་ཚུལ་མང་བ་e-safety commissioner website གྱི་དྲྭ་ཚིགས་ནས་རྙེད་ཐུབ།

ཨོ་སི་ཁྲུ་ལི་ཡའི་ནང་འཚོ་བ་གསར་པར་གཞིས་ཆགས་པའི་སྐོར་གྱི་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་ཐོབ་ཕྱིར། ཨོ་སི་ཁྲུ་ལི་ཡ་འགྲེལ་བརྗོད་ལེ་ཚན་གྱི་སྒྲ་སྒམ་གྱི་རྗེས་སུ་འཇུག་པའམ་ཚོགས་ཞུགས་བྱོས།
ཁྱོད་ལ་དོགས་འདྲི་དང་བརྗོད་གཞི་གཞན་ཅི་ཞིག་ཡོད་ཚེ་ང་ཚོར་གཤམ་གྱི་དྲྭ་བྱང་ཐོག་གློག་འཕྲིན་བསྐུར་གནང་ཡོད་པ་ཞུ། australiaexplained@sbs.com.au


Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service