ཨོ་སི་ཁྲུ་ལི་ཡར་ཀ་ལའི་ཆུ་འཐུང་ཆུར་སྤྱོད་འོས་སམ།

tap water.jpg

Credit: Shttefan/Unsplash

བདེ་འཇགས་ཀྱི་འཐུང་ཆུ་ཐོབ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། ཨོ་སི་ཁྲུ་ལི་ཡའི་ཁོར་ཡུག་རྟག་ཏུ་ཛ་དྲག་ཆེ་བས་ང་ཚོའི་འཐུང་ཆུའི་མཁོ་སྤྲོད་ཧ་ཅང་རྩ་ཆེན་ཡིན་པ་མཚོན། རྒྱལ་ཡོངས་ཀྱི་འཐུང་ཆུའི་མཁོ་སྤྲོད་དང་སྤུས་ཚད་ལ་ཁྱད་པར་ཡོད་ན། ང་ཚོས་འཐུང་ཆུ་བདེ་འཇགས་ཡིན་མིན་ཇི་ལྟར་ཤེས་ཐུབ། ལེ་ཚན་འདིའི་ནང་དུ་ང་ཚོས་ཆུའི་ཆེད་མཁས་པས་དྲི་བ་འདི་དང་དེ་ལས་མང་བར་ལན་འདེབས་ཀྱི་ཡོད།


སྙིང་དོན།
  • ཨོ་སི་ཁྲུ་ལི་ཡའི་ཆུ་གཙང་བཅོས་དང་ལྟ་ཞིབ་ཚད་ལེན་བྱས་ནས་འཕྲོད་བསྟེན་དང་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་པར་ཁག་ཐེག་བྱེད་ཀྱི་ཡོད།
  • ཨོ་སི་ཁྲུ་ལི་ཡའི་འཐུང་ཆུའི་ཕྱོགས་སྟོན་ནི་ང་ཚོའི་ཆུ་མཁོ་འདོན་བྱེད་མཁན་ལ་མཛུབ་སྟོན་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཡིན།
  • ཨོ་སི་ཁྲུ་ལི་ཡའི་ས་ཁུལ་མང་ཆེ་བར་རང་ཀ་ལའི་ཆུ་འཐུང་ན་བདེ་འཇགས་ཡིན་མོད། འོན་ཀྱང་ས་ཁུལ་ཆུང་བ་དང་མཐའ་འཁོབ་ཀྱི་སྡེ་ཁུལ་ལ་དཀའ་ངལ་ཕར་མ་འཕྲད་ཀྱི་ཡོད།
ཨོ་སི་ཁྲུ་ལི་ཡ་རུ་ཁྱེད་རང་སྡོད་སའི་ས་འབབ་ཀྱིས་ཁྱེད་ཀྱི་འཐུང་ཆུ་གང་ནས་ཡོང་བ་ཐག་གཅོད་ཀྱི་ཡོད། དེ་ནི་ཚྭ་མེད་མཚོ་ཆུ་དང་། ས་འོག་གི་ཆུ་མཁོ་སྤྲོད་དམ། ཆུ་རགས་སོགས་ལས་ཡོང་སྲིད།
ང་ཚོའི་གྲོང་ཁྱེར་དང་ས་ཁོངས་ཀྱི་གྲོང་བརྡལ་མང་ཆེ་བར་འཐུང་ཆུ་ནི་ས་འོག་ཆུ་སྦུག་གི་ཆུ་ལམ་དྲ་བ་བརྒྱུད་ནས་ཁྱིམ་ལ་མཁོ་སྤྲོད་བྱེད་ཀྱི་ཡོད། 

ང་ཚོས་ཆུ་འཐུང་ན་བདེ་འཇགས་ཡིན་པའི་ཚོད་དཔག་བྱེད་ཐུབ་བམ།

ཨོ་སི་ཁྲུ་ལི་ཡའི་ཆུའི་མཐུན་ཚོགས་ཀྱི་ཆུའི་སྤུས་ཚད་ཆེད་ལས་པའི་འབྲེལ་ལམ་ཚན་པའི་མཉམ་འབྲེལ་ཚོགས་གཙོ་ཨེ་མི་ལི་ཀུའེ་ཁེ་ལགས་ཀྱིས། "རེད། ཨོ་སི་ཁྲུ་ལི་ཡའི་ས་ཆ་མང་ཆེ་བར་ཀ་ལའི་ཆུ་འཐུང་ན་བདེ་འཇགས་རེད"ཅེས་གསུངས་འདུག
"ང་ཚོའི་ཀ་ལའི་ཆུ་གཙང་བཅོས་དང་ལྟ་ཞིབ་ཚད་ལེན་བྱས་ནས་ཨོ་སི་ཁྲུ་ལི་ཡའི་འཐུང་ཆུའི་ཚད་གཞི་དང་མཐུན་པའི་འཕྲོད་བསྟེན་གྱི་ཚད་གཞི་ནན་པོ་དང་མཐུན་པ་དང་། ཆུ་སྤྱོད་ལས་ཁུངས་ཀྱིས་ཀྱང་དུས་བཅད་ལྟར་ཞིབ་དཔྱད་ཚད་ལེན་བྱས་ནས་བདེ་འཇགས་ཡིན་པར་ཁག་ཐེག་བྱེད་ཀྱི་ཡོད།" ཞེས་སི་ཌི་ནི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་དམངས་བཟོ་སྐྲུན་སློབ་གྲྭའི་ཆུའི་སྤུས་ཚད་ཞིབ་འཇུག་པ་སློབ་དཔོན་སི་ཊུ་ཝ་ཊི་ཁཱན་ཡིས་ཀྱང་དེ་ལྟར་མོས་མཐུན་བྱེད་ཀྱི་ཡོད།
"ཨོ་སི་ཁྲུ་ལི་ཡའི་ས་ཆ་མང་ཆེ་བར་དྲི་བ་དེ་ལ་ལན་རེད་འཐུང་ཆོག་ཅེས་རྒྱབ་ན་ཐེ་ཚོམ་སྤུ་ཙམ་ཡང་མེད། འོན་ཀྱང་བདེ་འཇགས་ནི་བལྟོས་བཅས་ཀྱི་ཐ་སྙད་ཅིག་ཡིན་པས། ཨོ་སི་ཁྲུ་ལི་ཡ་རུ་བདེ་འཇགས་ཀྱི་ཆུ་ཚད་རྒྱལ་ཁབ་ཀྱི་ས་ཁུལ་གཞན་ལས་མངོན་གསལ་གྱིས་དམའ་བའི་ཆུ་མཁོ་འདོན་ཡོད་པ་སྨོས་མེད་རེད" ཅེས་སློབ་དཔོན་ཆེན་མོ་ཁཱན་གྱིས་གསུངས་འདུག
བདེ་འཇགས་ལྡན་པའི་འཐུང་ཆུའི་འབྱུང་ཁུངས་གཙང་ཉར་བྱེད་རྒྱུ་ཁག་ཤོས་ཁག་ནི་ས་གནས་ས་ཁུལ་དང་མཐའ་འཁོབ་ཀྱི་སྡེ་ཁུལ་ཡིན།
སློབ་དཔོན་སི་ཊུ་ཝ་ཊི་ཁཱན།
སློབ་དཔོན་ཆེ་མོ་སི་ཊུ་ཝ་ཊི་ཁཱན་ཡིས་ "མཐའ་འཁོབ་ས་ཁུལ་དུ་ཆུ་བཅོས་དང་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པའི་འཕྲུལ་ཆས་ཅུང་ཞིབ་ཚགས་ཅན་གྱི་མཁོ་འབྱོར་དམན་པ་དང་། ཡང་ན་འཕྲུལ་ཆས་དེ་དག་བཀོལ་སྤྱོད་བྱེད་པའི་སྦྱོང་བརྡར་དང་ནུས་རྩལ་འོས་འཚམ་ལྡན་པའི་མི་ཅུང་དཀོན་པ་ཡོད།" ཅེས་གསུངས་ཡོད།

ཨོ་སི་ཁྲུ་ལི་ཡའི་འཐུང་ཆུའི་ལམ་སྟོན་རྩ་ཡིག་ཟེར་བ་ཅི་ཞིག་ཡིན།

འདི་དག་ནི་ཆུ་མཁོ་འདོན་བྱེད་མཁན་ལ་སྡེ་ཁུལ་ལ་བདེ་འཇགས་དང་བློས་འགེལ་ཆོག་པའི་འཐུང་ཆུ་མཁོ་འདོན་བྱེད་པའི་ཉེན་ཁ་གང་རུང་ལ་དོ་དམ་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཡིན།
"ཚད་གཞི་འདི་དག་གིས་འཐུང་ཆུ་གཙང་བཅོས་བྱེད་པའི་དམིགས་བསལ་གྱི་བརྒྱུད་རིམ་ཁ་གསལ་བཟོས་མེད། ཉེན་ཁ་དང་འབྲེལ་བའི་ལམ་སྟོན་འདིའི་ནང་ཆུའི་འབྱུང་ཁུངས་ཁ་ཤས་ཀྱི་རང་བཞིན་གྱིས་གཞན་ལས་སྦགས་བཙོག་ཐེབས་སླ་བ་འམ་ཁག་པ་ཡོད་པར་ཁས་ལེན་བྱས་ཡོད། དེར་བརྟེན་དང་ལེན་བྱེད་ཐུབ་པའི་བདེ་འཇགས་ཀྱི་ཆུ་ཚད་དུ་སླེབས་པར་མཁོ་བའི་གཙང་བཅོས་ཀྱི་རིགས་དང་ཚད་ནི་འཐུང་ཆུའི་འབྱུང་ཁུངས་སོ་སོར་མི་འདྲ་བ་ཡོད།"ཅེས་སློབ་དཔོན་ཆེན་མོ་ཁཱན་གྱིས་འགྲེལ་བཤད་སྐྱོན་འདུག
Emily Quek with Stuart Khan.jpg
ཆུའི་ཆེད་ལས་པ་འབུམ་རམས་པ་ཨི་མི་ལི་ཀུའེ་ཁེ་དང་སློབ་དཔོན་ཆེ་མོ་སི་ཊུ་ཝ་ཊི་ཁཱན་གྱི་འདྲ་པར། Credit: Emily Quek/Image supplied; Stuart Khan/Iain Bond

ང་ཚོའི་ཆུ་ཇི་ལྟར་གཙང་བཅོས་བྱེད་ཀྱི་ཡོད་དམ།

ཨོ་སི་ཁྲུ་ལི་ཡ་རུ་ཆུ་བཅོས་པའི་བརྒྱུད་རིམ་ལ་སྤྱིར་བཏང་ཆུ་གར་དུ་འཇུག་པ་དང་། འཚག་པ། ཁོ་ལོ་རིན་དུག་སེལ་སོགས་འདུས་ཡོད།
ཆུ་གར་དུ་འཇུག་རྒྱུ་དེ་རྫས་འགྱུར་གྱི་བརྒྱུད་རིམ་ཞིག་ཡིན་ཞིང་། དེས་ཆུའི་ནང་ལྡིང་ནས་ཡོད་པའི་རྡུལ་ཕྲན་དང་སྐྱེ་ལྡན་དངོས་པོ་རྣམས་མཉམ་དུ་འདུས་ནས་ཅུང་ཆེ་ཞིང་ལྕི་བའི་གོང་བུ་ཞིག་ཏུ་འདུས་ནས་འཚག་རིམ་སྐབས་ལས་སླ་པོར་མེད་པར་བཟོ་ཐུབ། བརྒྱུད་རིམ་འདིས་ད་དུང་འབུ་ཕྲ་དང་ནད་དུག་སོགས་ནད་སློང་བའི་སྐྱེ་དངོས་ཕྲ་རབ་ཀྱི་ཉེན་ཁ་ཇེ་ཉུང་དུ་གཏོང་ཐུབ།
ཁྱེད་ཀྱིས་སྤྱོད་བཞིན་པའི་ཀ་ལའི་ཆུ་དེ་འཚག་སེལ་དང་དུག་སེལ་ལ་སོགས་གཙང་བཅོས་ཀྱི་རིམ་དུ་མ་བརྒྱུད་ནས་ཡོང་ཡོད།
"ཁོ་ལོ་རིན་གྱི་རྫས་དེ་ཨོ་སི་ཁྲུ་ལི་ཡའི་འཐུང་ཆུ་མང་ཆེ་བར་བསྣན་ནས་འབུ་ཕྲ་གསོད་པ་དང་བདེ་འཇགས་ཡོང་བར་བྱེད་ཀྱི་ཡོད། ས་ཁུལ་མང་པོ་ཞིག་ལ་ཧྤོ་ལོ་ར་ཡི་ཊི་བསྣན་ནས་སོ་རུལ་བར་སྔོན་འགོག་བྱེད་ཀྱི་ཡོད། རྫས་འགྱུར་དངོས་པོ་དེ་གཉིས་ཀ་བདེ་འཇགས་ཡིན་ལ་ཚད་དམའ་བའི་སྒོ་ནས་ཨོ་སི་ཁྲུ་ལི་ཡའི་འཐུང་ཆུའི་ལམ་སྟོན་གྱི་ཚད་འཛིན་བཞིན་བེད་སྤྱོད་བྱེད་བཞིན་ཡོད།"
ཆུ་གཙང་བཅོས་བྱེད་ཐབས་འདི་དག་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན།
སློབ་དཔོན་ཆེ་མོ་བ་ཁཱན་གྱིས་གསུངས་དོན། "མི་མང་ནང་དུ་སེམས་ཁྲལ་ཡོད་པ་ཕྲན་བུ་ཡོད་ཀྱང་ཧྤོ་ལོ་ར་ཡི་ཊི་ཡིས་འཐུང་ཆུ་གཙང་བཟོ་བྱེད་པ་དེ་ཕན་ནུས་ཆེན་པོ་ཡོད་པ་དང་ཐབས་བྱུས་ཧ་ཅང་བདེ་འཇགས་ཅན་ཞིག་ཡིན།"
"ཆུའི་ནང་ཞུས་ཟིན་པའི་ཁོ་ལོ་རིན་གྱི་རྫས་དེས་ང་ཚོར་གནོད་པའི་ནད་ཀྱི་སྐྱེ་དངོས་ཕྲ་རབ་གསོད་པའམ་ནུས་པ་མེད་པར་བཟོ་བར་ཕན་ནུས་ཆེན་པོ་ཡོད"ཅེས་གསུངས་འདུག།
ཁོ་ལོ་རིན་གྱི་རྫས་འཐུང་ཆུའི་དུག་སེལ་དུ་སྤྱད་པ་དེས་དུས་རབས་སྔོན་མའི་ནང་མི་ས་ཡ་དུ་མའི་ཚེ་སྲོག་བསྐྱབས་པ་རེད།
སློ་དཔོན་ཆེན་མོ་སི་ཊུ་ཝ་ཊི་ཁཱན།

ཨོ་སི་ཁྲུ་ལི་ཡ་ས་གནས་ཁག་ཏུ་ཆུའི་སྤུས་ཚད་དང་བྲོ་བ་མི་འདྲ་བའི་རྒྱུ་མཚན་ཅི་ཡིན་ནམ།

སློ་དཔོན་ཆེན་མོ་སི་ཊུ་ཝ་ཊི་ཁཱན་གྱིས་གསུངས་གསལ་ལྟར་ན། འཐུང་ཆུའི་སྤུས་ཚད་ནི་ང་ཚོའི་རྒྱལ་སའི་གྲོང་ཁྱེར་སོ་སོའི་བར་ལའང་ཁྱད་པར་ཡོད། འདི་ནི་ཆ་ཤས་ཤིག་ནི་ཆུའི་འབྱུང་ཁུངས་མི་འདྲ་བའི་རྐྱེན་གྱིས་ཡིན་པ་རེད།
"གྲོང་ཁྱེར་འདི་དག་གི་ནང་ལ་ལ་ས་འོག་གི་ཆུ་ལ་བརྟེན་པ་དང་། གཏེར་རྫས་དང་ཚྭ་ཆའི་གྲུབ་ཚུལ་ལ་ཁྱད་པར་ཡོད། ལ་ལས་མཚེའུ་དང་ཆུ་རགས་ཀྱི་ཆུ་བཀོལ་ནས་ཆུ་དེ་དག་ལ་ཆུ་སྔོ་སྐྱེས་ཀྱི་ཤུགས་རྐྱེན་ཐེབས་སྲིད། གྲོང་ཁྱེར་འདི་དག་གི་ནང་དུ་མི་མང་པོ་ཞིག་གིས་ཚྭ་མེད་མཚོ་ཆུ་ཡིས་འཐུང་ཆུ་ཁ་གསབ་བྱས་ཡོད་ལ། ཆུ་དེ་དྭངས་གཙང་ཚད་མཐོན་པོ་ཡིན་མོད། འོན་ཀྱང་དེ་ཡང་འབྱུང་ཁུངས་མི་འདྲ་བ་ཞིག་རེད"ཅེས་གསུངས། 
Warragamba Dam.jpg
ཝ་ར་ཀམ་པ་ཆུ་རགས་ཀྱིས་སི་ཌི་ནི་ནང་འཐུང་ཆུ་མཁོ་སྤྲོད་བྱེད་ཀྱི་ཡོད། པར་ལེན་མཁན། དྷི་བ་སུ་ཌུ། Credit: པར་ལེན་མཁན། དྷི་བ་སུ་ཌུ།
ས་ཁོངས་ས་ཁུལ་དུ་རྒྱུ་རྐྱེན་ཁ་ཤས་ཀྱིས་ས་གནས་དེ་གའི་འཐུང་ཆུའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་སྲིད།
"གྲོང་གསེབ་དང་མཐའ་འཁོབ་ས་ཁུལ་དུ་འཐུང་ཆུ་ནི་ཁུང་བུ་དང་ཆུ་བོ། ཆར་ཆུ་བླུག་སྒམ་སོགས་འབྱུང་ཁུངས་སྣ་ཚོགས་ནས་ཡོང་སྲིད། སྨན་བཅོས་ཀྱི་ཆུ་ཚད་དང་མ་ལག་གི་འགོག་ཤུགས་ནི་ས་གནས་ཀྱི་མཐུན་རྐྱེན་། འཕྲུལ་ལས་བཀོལ་སྤྱོད་ཀྱི་རྒྱབ་སྐྱོར། ཁོར་ཡུག་གི་ཆ་རྐྱེན་བཅས་ལ་གཞིགས་ཏེ་མི་འདྲ་བ་རེད"ཅེས་འབུམ་རམས་པ་ཀུའེ་ཁེ་ཡིས་བཤད།
གཞན་ཡང་འཐུང་ཆུ་དེ་ས་འོག་གི་ཆུ་དང་ས་ངོས་ཀྱི་ཆུ་ལས་བྱུང་བ་ཡིན་མིན་ལ་རག་ལས་ཡོད།
སློབ་དཔོན་ཆེ་མོ་ཁཱན་གྱིས་ "མཐའ་འཁོབ་ཀྱི་སྡེ་ཁུལ་མང་པོ་ཞིག་གིས་ས་འོག་གི་ཆུ་ལ་བརྟེན་པ་དང་། ས་འོག་གི་ཆུའི་སྤུས་ཚད་ལ་རང་བྱུང་དུ་བྱུང་བའི་གཏེར་རྫས་ཀྱི་ཤུགས་རྐྱེན་ཐེབས་སྲིད་པ་སྟེ། དཔེར་ན་ཀལ་ཤམ་དང་། མེག་ནེ་ཤམ། ཚྭ་སོགས་དང་། ཡང་ན་གནས་ཚུལ་ཁ་ཤས་ཀྱི་འོག་ཏུ་ཨར་ས་ནིག་དང་ཡུ་རས་ནི་ཡམ་སོགས་ཡིན། འཐུང་ཆུའི་ཉེན་ཁ་རྟོགས་པར་བྱེད་པར་མི་རྣམས་རྫས་དེ་དག་ཇི་ཙམ་སྤྱོད་ཀྱི་ཡོད་མེད་ཤེས་རྒྱུ་གལ་ཆེན་པོ་ཡིན།" ཅེས་འགྲེལ་བརྗོད་གནང་འདུག
"སྡེ་ཁུལ་གཞན་དག་གིས་ཆུ་ཕྲན་དང་ཆུ་བོ་སོགས་ས་ངོས་ཀྱི་ཆུ་ལ་བརྟེན་པ་དང་། ཆར་ཆུ་འབབ་པ་དང་ས་གནས་སོ་སོའི་གནམ་གཤིས་དོན་རྐྱེན་གཞན་བྱུང་རྗེས་ཆུའི་སྤུས་ཚད་ལ་འགྱུར་ལྡོག་འབྱུང་སྲིད་"ཅེས་གསུངས་འདུག

གལ་ཏེ་ཁོར་ཡུག་གི་དོན་རྐྱེན་གྱིས་ཁྱེད་ཀྱི་འཐུང་ཆུ་ལ་ཤུགས་རྐྱེན་ཐེབས་ན་ཇི་ལྟར་བྱེད་དགོས་སམ།

ཁྱེད་ཚོའི་ས་གནས་འཕྲོད་བསྟེན་ལས་ཁུངས་དང་ཆུ་དོན་ལས་ཁུངས་ཀྱིས་མཛུབ་ཁྲིད་བྱེད་ངེས་ཡིན།
ཆུའི་སྤུས་ཚད་ལ་ཉེན་ཁ་ཡོད་པ་ཤེས་པའམ་ཡང་ན་ དོགས་གཞི་ཡོད་ཚེ་ཆུ་སྐོལ་བའམ་འཚག་པ་སྔོན་འགོག་བྱེད་ཐབས་སུ་བརྩིས་ཆོག
འབུམ་རམས་པ་ཨི་མི་ལི་ཀུའེ་ཁེ།
འབུམ་རམས་པ་ཨི་མི་ལི་ཀུའེ་ཁེ་ལགས་ཀྱིས་འགྲེལ་བཤད་གནང་དོན། "དེའི་དཔེ་མཚོན་ནི་ཆུ་ལོག་སོགས་ཐལ་དྲགས་པའི་གནམ་གཤིས་དོན་རྐྱེན་བྱུང་བའམ། ཡང་ན་ཆུ་གཙང་བཅོས་ཀྱི་ཐབས་ལམ་ལ་ནུས་པ་ཆ་ཚང་ཐོན་གྱིི་ཡོད་མེད་ཀྱི་སེམས་ཁྲལ་ཡོད་སྐབས་སོགས་ཡིན། "
ལོ་རབས་བརྒྱད་ཅུ་པའི་སྔོན་དུ། ཨོ་སི་ཁྲུ་ལི་ཡའི་ཁང་པ་མང་པོ་ཞིག་གི་ནང་གི་ཆུ་སྦུག་རྣམས་ཞ་ཉེ་འམ་ཞ་ཉེ་བསྲེས་མ་བེད་སྤྱད་ནས་བསྐྲུན་ཡོད།
གནའ་བོའི་བཟོ་བཀོད་འདི་དག་གི་ནང་དུ་སྦུག་ལམ་ནས་ཞ་ཉེ་ཞུ་བ་ནི་བལྟོས་བཅས་ཀྱིས་དལ་བའི་བརྒྱུད་རིམ་ཞིག་ཡིན་ལ། མང་ཆེ་བ་ནི་ཆུ་སྦུག་ལམ་ནང་དུས་ཡུན་རིང་པོར་ལུས་ན་ཡོང་གི་ཡོད།
འབུམ་རམས་པ་ཀུའེ་ཁེ་ཡིས་གསུངས་རྒྱུར། " གལ་སྲིད་ཁྱེད་རང་ཆུ་སྦུག་ནང་ཞ་ཉེ་སོགས་རྫས་རིགས་ཡོད་མེད་ལ་སེམས་ཁྲལ་བྱུང་ཚེ་དང་། དམིགས་བསལ་ཞོགས་པ་ཆུ་བེད་སྤྱོད་མ་གཏང་གོང་སྐར་ཆ་ཁ་ཤས་རིང་གློད་ནས་ཞོག"
Flooding events impact water supplies.jpg
Flooding events can impact local drinking water supplies. Credit: Wes Warren/Unsplash

གལ་ཏེ་ཁྱེད་རང་གིས་འཐུང་ཆུ་ལ་འགྱུར་བ་བྱུང་བ་མཐོང་ན་ཅི་ཞིག་བྱེད།

"ཁྱེད་ཀྱིས་རང་ཉིད་ཀྱི་ཆུ་མཁོ་འདོན་བྱེད་མཁན་ལ་འབྲེལ་གཏུག་བྱས་ནས་འགྲེལ་བཤད་བྱེད་ཆོག ཆུའི་བྲོ་བ་དང་དྲི་མ་ཡང་ན་རྣམ་པ་མི་འདྲ་བའམ། ཁྱེད་ཀྱི་སེམས་ཁྲལ་ནི་ཁྱིམ་ཚང་ནང་གི་ནད་རིགས་ལས་བྱུང་བ་ཡིན་ནམ། གནས་ཚུལ་ཆེ་ཆུང་ཅི་རིགས་ཀྱིས་ཆུ་མཁོ་འདོན་བྱེད་མཁན་ལ་མི་མངོན་པའི་གནད་དོན་བརྟག་དཔྱད་དང་དཔྱད་དཔོག་བྱེད་པར་ཕན་ཐོག་ཡོང་ངེས་ཡིན།"
ཁྱེད་ཀྱིས་དྲ་ཐོག་ནས་ཆུའི་སྤུས་ཚད་ཀྱི་གྲངས་གཞི་དང་། སྙན་ཐོ། ཞིབ་དཔྱད་ཚད་ལེན་བྱས་འབྲས་བཅས་མང་ཆེ་བ་རྙེད་ཐུབ་པས། ས་གནས་དེ་གའི་ཆུ་མཁོ་འདོན་བྱེད་མཁན་ལ་འབྲེལ་གཏུག་བྱས་ནས་ཁོང་ཚོའི་ལམ་སྟོན་ཞུ་དགོས། ཞེས་སློབ་དཔོན་ཆེ་མོ་ཁཱན་གྱིས་གསུངས་འདུག
ཨོ་སི་ཁྲུ་ལི་ཡའི་འཐུང་ཆུའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཤེས་འདོད་ན་གཤམ་འོག་ལ་གཟིགས་རོགས།
ཨོ་སི་ཁྲུ་ལི་ཡའི་ནང་འཚོ་བ་གསར་པར་གཞིས་ཆགས་པའི་སྐོར་གྱི་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་ཐོབ་ཕྱིར་ཨོ་སི་ཁྲུ་ལི་ཡ་འགྲེལ་བརྗོད་ཚན་པའི་སྒྲ་འཇུག་ཀྱི་རྗེས་སུ་འཇུག་པའམ་ཚོགས་ཞུགས་བྱོས།

ཁྱེད་ལ་དོགས་འདྲི་དང་བརྗོད་གཞི་གཞན་་ཅི་ཞིག་ཡོད་ཚེ་ང་ཚོར་གློག་རྡུལ་འཕྲིན་ཡིག་ཐོག་བསྐུར་རོགས། australiaexplained@sbs.com.au

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service