SBS བོད་སྐད་སྡེ་ཚན།

རྒན་གསོ་ཁང་མ་ལག་ཡོངས་རྫོགས་བསྐྱར་བཅོས་ཆེད་ཨོ་སྒོར་ས་ཡ་ ༤༥༠ ཟུར་བཅད་བྱས་པ།

Prime Minister Scott Morrison Source: AAP

ཨོ་སི་ཊོ་ལི་ཡའི་ནང་ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་ཞིག་གིས་ཞིབ་འཇུག་གནང་པའི་རྗེས་སུ། རྒན་གསོ་ཁང་ཁག་གི་ནང་མཐུན་རྐྱེན་ལེགས་པོ་མེད་པའི་སྙན་ཐོ་ཐོན་རྗེས། ཨོ་སི་ཊོ་ལི་ཡའི་ནང་རྒན་གསོ་ཁང་ཁག་གི་ལམ་ལུགས་གཞི་རིམ་ནས་བསྐྱར་བཅོས་བྱེད་དགོས་པའི་དགོས་འདུན་བཏོན་འདུག

ཨོ་སི་ཊོ་ལི་ཡའི་ Federal གཞུང་གིས་རིག་གཞུང་ལེགས་བཅོས་དང་རྒན་གསོ་ཁང་ཁག་གི་མ་ལག་ཡོངས་རྫོགས་བསྐྱར་བཅོས་ཆེད་ཨོ་སྒོར་ས་ཡ་ ༤༥༠ ལྷག་ཟུར་བཅད་བྱ་རྒྱུའི་ཁས་ལེན་གནང་འདུག

ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་དེས་འདས་པའི་ལོ་གཉིས་རིང་རྒན་གསོ་ཁང་ཁག་གི་གནས་སྟངས་ཞིབ་འཇུག་འདྲི་བརྩད་བྱས་རྗེས། ཉེ་ཆར་རེས་གཟའ་ཟླ་བ་ཉིན་མི་མང་ལ་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་རེད།

ཞིབ་འཇུག་ཚོགས་པ་དེས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་ཁྱོན་རྒན་གསོ་ཁང་ ༡༥༠ ཙམ་གྱི་གནས་སྟངས་དང་ལྟ་སྐྱོང་བྱེད་སྟངས་ཐད་ཞིབ་འཇུག་བྱས་ཡོད་འདུག

རྒན་གསོ་ཁང་ཁག་གི་ནང་ལྟ་སྐྱོང་དང་། ཆེ་མཐོང་། གུས་ཞབས་བཅས་ནི་རྩ་བའི་གནད་དོན་གཙོ་བོ་ཡིན་ཡང་། སྙན་ཐོ་ནང་ལྟ་སྐྱོང་བྱེད་སྟངས་ཀྱི་སྤུས་ཚད་དང་ལམ་ལུགས་གཉིས་ཀ་སེམས་འཚབ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་དང་མོས་མཐུན་བྱེད་ཐབས་མེད་པའི་གནད་དོན་ཞིག་ཆགས་འདུག་ཅེས་བཀོད་ཡོད་འདུག

ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས། འདྲི་ཞིབ་དེ་ནི་འགྱུར་བ་གཏོང་བའི་ཕྱོགས་སུ་གོམ་པ་སྤོས་པ་ཞིག་ཡིན་ཡང་། དངོས་སུ་ལག་བསྟར་བྱེད་པར་རིམ་པ་ཞིག་བརྒྱུད་དགོས་ཀྱི་ཡོད་སྐོར་གསུངས་འདུག

སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས། ངའི་བསམས་པར་ཞིབ་འཇུག་གནང་མཁན་དེ་ཚོ་ཀུན་སློང་བཟང་པོ་རེད། ཁོང་ཚོས་ཡར་རྒྱས་གཏོང་རྒྱུ་ལས་སླ་མོ་མེད་པ་ཤེས་ཀྱི་ཡོད་པ་རེད། དོན་དངོས་སུ་ཁོང་ཚོ་རང་ཉིད་ཀྱིས་དྲང་བདེན་གྱི་གནད་དོན་གལ་གནད་ཆེན་པོ་ཁ་ཤས་མོས་མཐུན་བྱེད་ཐུབ་ཀྱི་མེད་པ་རེད། དེར་བརྟེན་ཁོང་ཚོས་ཀུན་སློང་བཟང་པོས་དེའི་ཐོག་ལ་ཁོང་ཚོའི་སྣང་ཚུལ་མ་འདྲ་བ་དེ་བཏོན་པ་རེད།  ངས་དགའ་བསུ་ཞུ་རྒྱུ་ཡིན་ལ་ང་ཚོས་མ་འོངས་པར་མཐོང་ཚུལ་དེའི་ཐོག་ལ་བསམ་ཞིབ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་  Greg Hunt གིས་ཨོ་སི་ཊོ་ལི་ཡའི་མི་རབས་རྒན་པ་དེ་ཚོར་གུས་ཞབས་ཆེད་དུ་རྒྱལ་ཁབ་ཞིག་གི་རིག་གཞུང་ཡར་རྒྱས་གཏང་རྒྱུའི་འདོད་པ་ཡོད་སྐོར་གསུངས་འདུག

ཁོང་གིས་ང་ཚོས་འཛམ་གླིང་གི་ལུང་པ་ཁ་ཤས་ནས་མི་རབས་རྒན་པ་དེ་ཚོར་ལྟ་ཚུལ་འཛིན་སྟངས་དང་།    སྤྱི་ཚོགས་དང་ཚོགས་སྡེ་དེ་ཚོས་རྒན་ཁོག་ལ་ལྟ་སྐྱོང་བྱེད་སྟངས། འོན་ཀྱང་སུས་འོས་ཤིང་འཚམ་་པ་དང་གུས་ཞབས ། ལྟ་སྐྱོང་དང་ཆེ་མཐོང་གུས་བརྩི་བྱེད་ཀྱི་ཡོད་མེད་ཐད་ང་ཚོས་སློབ་སྦྱོང་མང་པོ་བྱེད་དགོས་ཀྱི་འདུག་ཅེས་གསུངས་འདུག

མ་ཚད་འཕྲོད་བསྟེན་བློན་ཆེན་མཆོག་གིས་ནང་ལ་སྡོད་མཁན་ལ་ལྟ་སྐྱོང་ཆེད་ཨོ་སྒོར་ས་ཡ་ ༡༨ ཙམ་འགྲོ་སོང་བཏང་ནས། ཨོ་སི་ཊོ་ལི་ཡའི་མི་རྣམས་ནང་ལ་སྡོད་ནས་ལྟ་སྐྱོང་བྱེད་མཁན་ཡོད་པའི་གོ་སྐབས་ཤིག་བསྐྲུན་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

ཨོ་སི་ཊོ་ལི་ཡའི་རྒན་གསོ་བདེ་དོན་ཚོགས་པའི་འགན་འཛིན་ Ian Yates ལགས་ཀྱིས་སྙན་ཐོ་དེའི་ཐད་མ་འོངས་པར་རྒན་གསོ་ཁང་ཁག་གི་ཐོབ་ཐང་དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ཞབས་ཞུ་འགན་ལེན་གྱི་ཐོབ་ཐང་དང་གཅིག་མཚུངས་དགོས་ཀྱི་ཡོད་སྐོར་བསམ་ཚུལ་བཏོན་འདུག 

ཨོ་སི་ཊོ་ལི་ཡ་གཞུང་གིས་རོགས་དངུལ་དེའི་ཐད་གང་མགྱོག་གསལ་བསྒྲགས་གནང་རྒྱུ་མ་ཟད། ཨོ་སི་ཊོ་ལི་ཡའི་ནང་རྒན་གསོ་ཁང་ཁག་གི་གནས་སྟངས་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཆེན་པོ་ཞིག་གཏང་རྒྱུ་ཡིན་སྐོར་གསུངས་འདུག

Coming up next

# TITLE RELEASED TIME MORE
རྒན་གསོ་ཁང་མ་ལག་ཡོངས་རྫོགས་བསྐྱར་བཅོས་ཆེད་ཨོ་སྒོར་ས་ཡ་ ༤༥༠ ཟུར་བཅད་བྱས་པ། 03/03/2021 03:21 ...
མེ་ཁོ་རོ་སོ་ཧྥོ་ཊི་ Microsoft ཡི་ཡིག་སྒྱུར་གཉེན་ཆས་ཞབས་ཞུ་ཐོག་བོད་ཡིག་གསར་འཇུག་བྱས་པ། 20/10/2021 16:09 ...
SBS ཡི་སྐད་ཡིག་སྣ་ཚོགས་ཀྱི་ཞབས་ཞུ་ཁག་བསྐྱར་ཞིབ། 16/10/2021 05:46 ...
སྨན་པ་ཚོས་བུད་མེད་སྦྲུམ་མ་རྣམས་ལ་ཏོག་དབྱིབས་འགོག་ཁབ་ངེས་པར་རྒྱག་དགོས་པའི་སློབ་སྟོན་གནང་བ། 14/10/2021 05:40 ...
ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་བཀག་བསྡོམས་བསྐྱར་དུ་སྒོ་ཕྱེ་སྐབས་ཁྱེད་རང་གིས་ག་རེ་བྱེད་ཆོག་གམ། 08/10/2021 04:09 ...
ནོར་ར་ (Nowra) བོད་མིའི་གཙང་བཟོ་ལས་རིགས་ཚོང་ལས་ཞབས་ཞུ། 01/10/2021 11:31 ...
འགོག་ཁབ་བརྒྱ་ཆ་ ༨༠ བརྒྱབ་ཚར་རྗེས་རང་དབང་ཆགས་ཀྱི་རེད། 29/09/2021 04:59 ...
སེན་ཊེར་ལིང་སྐྱོབ་གསོའི་དངུལ་རག་ཆེད་དུས་ཡུན་རིང་པོ་སྒུག་དགོས་ཀྱི་ཡོད་པ་རེད། 26/09/2021 07:36 ...
ཨ་ཧྥི་རི་ཀའི་འགོ་ཁྲིད་ཚོས་ཏོག་ནད་འགོག་ཁབ་བགོ་འགྲེམ་འདྲ་མཉམ་བྱུང་མེད་པའི་སྐྱོན་བརྗོད། 26/09/2021 04:55 ...
ཨོ་སི་ཊོ་ལི་ཡའི་མཚོ་འགྲམ་གྱི་ས་ཆ་གང་ཞིག་རྒྱ་མཚོའི་ནང་ནུབ་སྲིད་དམ། 22/09/2021 04:48 ...
View More