ཨོ་སི་ཊོ་ལི་ཡའི་ནང་བྱས་རྗེས་ཅན་གྱི་བུད་མེད་བཞི་ལ་གཟེངས་རྟགས་ཕུལ་བ།

Prime Minister Scott Morrison with 2021 Young Australian of the Year winner Isobel Marshall during the 2021 Australian of the Year Awards at the National Arboretum in Canberra, Monday, January 25, 2021. (AAP Image/Mick Tsikas) NO ARCHIVING

Prime Minister Scott Morrison with 2021 Young Australian of the Year winner Isobel Marshall during the 2021 Australian of the Year Awards Source: AAP

ཕྱི་ལོ་ ༢༠༢༡ ལོའི་ཨོ་སི་ཊོ་ལི་ཡའི་ནང་བྱས་རྗེས་ཅན་གྱི་ལོ་འཁོར་གཟེངས་བརྟགས་བཞེས་མཁན་བཞི་བྱུང་ཡོད་པ་དེ་དག་ཚང་མ་བུད་མེད་དང་། ཁོང་ཚོ་ནི་སྤྱི་ཚོགས་ནང་ལས་རིགས་དང་གནད་དོན་འདྲ་མིན་ཐོག་ཞབས་ཞུ་དང་ཕྱག་ལས་འབུར་དུ་ཐོན་པ་གནང་མཁན་དེ་འདྲ་ཆགས་ཡོད་འདུག


གཟེངས་རྟགས་དེར་ལོ་ངོ་ ༦༡ རིང་གི་ལོ་རྒྱུས་ཡོད་པ་དང་། དེ་ཡང་ཐོག་མར་ཏཱ་སི་མ་ནི་ཡའི་མི་ཞིག་ལ་(Australian of the Year) ཞེས་ལོ་འདིའི་ཨོ་སི་ཊོ་ལི་ཡའི་མི་སེར་ཞེས་པའི་གཟེངས་རྟགས་དེ་ཕུལ་ཡོད་འདུག

ཕྱི་ལོ་ ༢༠༢༡ ལོའི་ཨོ་སི་ཊོ་ལི་ཡའི་མི་སེར་ཞེས་པའི་གཟེངས་རྟགས་བཞེས་མཁན་བུད་མེད་བཞི་པོ་ནི་ལོ་ན་ཆེ་ཆུང་འདྲ་མིན་དང་། བྱས་རྗེས་ཀྱི་རྒྱབ་ལྗོངས་འདྲ་མིན་སྣ་ཚོགས་ཡིན་པ་དང་། དེ་ཡང་བུད་མེད་ལོ་ཆུང་ཞིག་གིས་སྲོག་ཉེན་ལས་ཐར་བའི་བཙན་གཡེམ་གྱི་གནད་དོན་ཐད་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བ་དང་།  ཨེ་བྷོ་རི་ཇི་ནར་མི་རིགས་ཡིན་པའི་བུད་མེད་ལོ་ལོན་ཞིག་གིས་ཤེས་ཡོན་དང་རིག་གཞུང་རང་དབང་ཐད་ལས་འགུལ་སྤེལ་ཡོད་འདུག

གཞན་ཡང་སྤྱི་ཚོགས་ཁེ་ལས་པའི་བུད་མེད་ཅིག་གིས་བུད་མེད་སྒེར་གྱི་གཙང་སྦྲ་འཕྲོད་བསྟེན་ལ་དགོས་མཁོ་ཅ་དངོས་རོགས་རམ་དང་། དེ་བཞིན་གཞིས་སྤོས་ལ་ཡོང་མཁན་བུད་མེད་ཅིག་གིས་ཁོང་རང་ཉིད་ཀྱི་ཉམས་མྱོངས་ལ་བརྟེན་ནས་གཞིས་སྤོས་ལ་ཡོང་མཁན་བུད་མེད་གཞན་གྱི་དཀའ་ངལ་སེལ་རོགས་གནང་མཁན་དེ་འདྲ་ཆགས་ཡོད་འདུག

ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༢༥ རེས་གཟའ་ཟླ་བ་ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་རའི་ནང་ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་གཟེངས་རྟགས་ཐོབ་མཁན་དང་། དེ་ཡང་འདི་ལོ་གཟེངས་རྟགས་ཐོབ་མཁན་ཚང་མ་བུད་མེད་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་རེད།

དེ་ཡང་སྲིད་བློན་སི་ཀོ་ཊི་མ་རེ་སོན་མཆོག་གིས་བྱ་དགའ་འདི་དག་ནི་ཨོ་སི་ཊོ་ལི་ཡའི་མི་མང་ཚོས་རྒྱལ་ཁབ་དང་། རང་དབང་། ཐུན་མོངས་ཀྱི་ཆེད་དུ་ག་རེ་སྒྲུབ་ཐུབ་ཀྱི་ཡོད་མེད་དང་། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་གྲུབ་འབྲས་ག་རེ་སོན་ཡོད་མེད་ལོ་འཁོར་དྲན་གསོ་གཏོང་མཁན་ཞིག་ཆགས་ཡོད།

ཕོ་མོ་དབྱེ་བ་མེད་པའི་འབད་བརྩོན་དང་། སློབ་སྦྱོང་། བློས་གཏོང་། ཁོང་ཚོའི་བརྩེ་སེམས་དང་ཁོང་ཚོའི་ཕན་ཚུན་རྒྱབ་སྐྱོར་ལ་བརྟེན་ནས་ཨོ་སི་ཊོ་ལི་ཡ་ཡག་པོ་ཞིག་བསྐྲུན་ཐུབ་ཡོད་པ་དང་། ད་དུང་དེ་ལས་ལྷག་པའི་ཨོ་སི་ཊོ་ལི་ཡ་ཞིག་བསྐྲུན་ཐུབ་ངེས་རེད་ཅེས་གསུངས་འདུག 

ཐེངས་འདིར་གཟེངས་རྟགས་བཞེས་མཁན་ Grace Tame ལགས་ཁོང་མོ་ལོ་ན་ ༡༥ ཡིན་སྐབས་ལོ་ན་ ༥༨ ཡིན་པའི་ཁོང་གི་ཨང་རྩིས་དགེ་རྒན་ཞིག་གིས་བཙན་གཡེམ་བཏང་ཡོད་འདུག་པ་དང་། རྗེས་སུ་ཁོང་གི་ནག་ཉེས་ཐེར་འདོན་དང་བཙན་གཡེམ་གཏོང་མཁན་དེ་བཙོན་འཇུག་བྱས་ཡོད་འདུག ཡིན་ན་ཡང་ཏཱ་སི་མ་ནི་ཡའི་ནང་འཁྲིག་སྤྱོད་ཀྱི་ཁྲིམས་འགལ་སྙད་འདོག་ཁ་བཀག་པའི་ཁྲིམས་དེའི་འོག་ནས་བུ་མོ་ Tame ལགས་ཀྱིས་ལོ་ངོ་མང་པོའི་རིང་ཁ་གསང་མ་ཐུབ་པར་ལྷག་ཡོད་འདུག

ད་ལྟའི་ཆར་བུ་མོ་ Tame ལ་སྲོག་ཉེན་ལས་ཐར་པའི་བཙན་གཡེམ་ཕོག་མཁན་ཚོ་ལ་སེམས་ཤུགས་སྤར་བ་དང་། ཁྲིམས་ལུགས་འགྱུར་བ་གཏོང་དགོས་པའི་ལས་འགུལ་སྤེལ་བ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཐེངས་འདིར་གཟེངས་རྟགས་དེ་ཐོབ་ཡོད་པ་དང་།

ཁོ་མོས་གཟེངས་རྟགས་དེ་ནི་བཙན་གཡེམ་ཕོག་ནས་སྲོག་ཉེན་ལས་ཐར་མཁན་བྱིས་པ་ཚང་མའི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

བུ་མོ་ Tame ལགས་ཀྱིས། བཙན་གཡེམ་གྱི་དཀའ་ངལ་མྱོངས་ནས་གསོན་པོ་གནས་ཡོད་པའི་ཕྲུ་གུ་ཚོ། བྱ་དགའ་འདི་ནི་ང་ཚོ་ཚང་མའི་ཆེད་དུ་ཡིན་པ་དང་། ཁོང་གིས་ཁོ་རང་གི་ནག་ཉེས་འགྲེལ་བརྗོད་བྱས་ཡོད། དེ་ནི་འཇིགས་སུ་རུང་བ་ཞིག་རེད། དེ་སྔོན་ཁྲིམས་ལུགས་ཀྱིས་རྐྱེན་པས་མི་མང་གི་མདུན་དུ་ང་ཁུ་སིམ་མེར་བསྡད་དགོས་འཁེལ་ཡོད་ཀྱང་ད་ནི་དེ་འདྲ་སྡོད་མི་དགོས་པར་ཁྱེད་ཚོས་ངའི་འབོད་སྒྲ་འདི་ཐོས་ཀྱི་འདུག་གམ་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནའི་བུད་མེད་ལས་འགུལ་བ་དང་། ཤེས་ཡོན་ཅན། སྒྱུར་རྩལ་བ་བཅས་ཡིན་པའི་ལོ་ན་ ༧༣ ཅན་གྱི་བུད་མེད་ཌོ་ཊར་ Dr Miriam-Rose Ungunmerr མིང་གཞན་  Baumann ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་མངའ་སྡེ་ནང་ཨ་བྷོ་རེ་ཇི་ནའི་བུད་མེད་དགེ་རྒན་ཐོག་མ་དང་། ཨོ་སི་ཊོ་ལི་ཡ་མཉམ་འབྲེལ་གཞུང་འཛིན་ཚོགས་པའི་རྒྱལ་ཡོངས་སུ་ཡུལ་དེ་གར་ས་སྐྱེས་རྡོ་སྐྱེས་མི་རིགས་ལྷན་ཚོགས་ཀྱི་འཐུས་མི། དེ་བཞིན་ཕྱི་ལོ་ ༢༠༡༣ ལོར་ཁོ་མོས་ཨ་བྷོ་རི་ཇི་ནལ་གྱི་རིག་གཞུང་དང་ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་དབར་བར་ཐག་ཉེ་རུ་གཏོང་ཐབས་ཀྱི་མཱ་རེམ་རྒྱ་སེར་མེ་ཏོག་ཐེགས་རྩ་ Miriam Rose Foundation  ཟེར་བའི་ཐེག་རྩ་ཞིག་བཙུགས་ཡོད་འདུག

ཌོ་ཊར་ Baumann ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་མི་མང་ཚོས་ཨ་བྷོ་རི་ཇི་ནལ་གྱི་སྤྱི་ཚོགས་སྐོར་ཤེས་རྟོགས་ཡག་པོ་ཡོང་ཐབས་ཐད་འབད་བརྩོན་གནང་གི་ཡོད་འདུག

གཞན་ཡང་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེ་ནས་ཡིན་པའི་སྨན་དང་སྤྱི་ཚོགས་བཟོ་ལས་ཐོན་སྐྱེད་སྐོར་སློབ་སྦྱོང་གནང་བཞིན་པའི་སློབ་མ་བུ་མོ་  Sobel Marshall ལ་འདི་ལོར་ལོ་འདིའི་ཨོ་སི་ཊོ་ལི་ཡའི་ན་གཞོན་ཞེས་པའི་གཟེངས་རྟགས་དེ་ཐོབ་ཡོད་འདུག

བུ་མོ་ Marshall  ལགས་ཀྱིས་ཁོ་མོ་ལོ་ན་ ༡༨ སྐབས་གཞན་དང་མཉམ་འབྲེལ་ཐོག་ནས་ TABOO ཞེས་པའི་འཕྲོད་བསྟེན་ཅ་དངོས་ཐོན་བསྐྱེད་གསར་འཛུགས་གནང་ཡོད་པ་དང་། དེས་འཛམ་བུ་གླིང་གི་བུད་མེད་རྣམས་ལ་གཙང་སྦྲ་འཕྲོད་བསྟེན་ཐད་ཕན་ཐོག་ཆེན་པོ་བྱུང་ཡོད་འདུག

ཡང་གཟེངས་རྟགགས་ཐོབ་མཁན་གཞན་ཞིག་ནི་ཨོ་སི་ཊོ་ལི་ཡའི་ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་གནས་སྡོད་བྱས་ཡོད་པའི་ལོ་ན་ ༦༠ ཡིན་པའི་བུད་མེད་

Rosemary Kariuki ལགསཡིན་པ་དང་། ཁོ་མོ་ཕྱི་ལོ་ ༡༩༩༩ ལོར་  Kenya རྒྱལ་ཁབ་ནས་ཨོ་སི་ཊོ་ལི་ཡའི་ནང་བྲོས་བྱོལ་དུ་སླེབས་ཡོད་པ་དང་། ཁོ་མོས་ད་ལྟའི་ཆར་གཞིས་སྤོ་དུ་ཡོང་མཁན་དང་། ལྷག་པར་དུ་ཁོ་རང་གི་སྤྱི་ཚོགས་ནང་བཟའ་ཚང་གི་དཀའ་ངལ་དང་། སྐད་ཡིག་མི་ཤེས་མཁན་བུད་མེད་དཀའ་ངལ་འཕྲད་མཁན་རྣམས་ལ་རོགས་རམ་གནང་གི་ཡོད་འདུག


Share

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now