SBS བོད་སྐད་སྡེ་ཚན།

མ་འོངས་པར་ཏོག་དབྱིབས་ན་ཚ་ལྟ་བུའི་ནད་ཡམས་མང་པོ་ཞིག་སེམས་ཅན་ནས་མི་ལ་འགོས་སྲིད་པའི་སྔོན་དཔག

A wet market in China Source: May Tse/South China Morning Post via Getty Images

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ཞིག་གི་ནང་གལ་སྲིད་འཛམ་གླིང་གི་སྲིད་གཞུང་ཁག་གིས་སྔོན་འགོག་ལག་བསྟར་མ་གནང་ཚེ། མ་འོངས་པར་ཏོག་དབྱིབས་ན་ཚ་ལྟ་བུའི་ནད་ཡམས་མང་པོ་ཞིག་སེམས་ཅན་ནས་མི་ལ་འགོས་སྲིད་པའི་ཉེན་བརྡ་བཏང་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གིས་མ་འོངས་པར་སེམས་ཅན་དེ་ཚོ་ནས་མི་ལ་སྣ་ཚ་འདྲ་མིན་བགོས་སྤེལ་བྱེད་པའི་ཉེན་ཁ་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་དང་། ནད་ཡམས་ཡོངས་སུ་འགོས་ཁྱབ་ཕྱིན་ཚེ་འཛམ་བུ་གླིང་འདིའི་ནང་མི་ཚང་མར་དཀའ་ངལ་འཕྲད་རྒྱུ་ཡིན་པས། ད་ལྟའི་ཆར་ཏོག་དབྱིབས་ན་ཚ་དེ་འཛམ་གླིང་ཁྱོན་ལ་འགོས་ཁྱབ་ཕྱིན་ཡོད་པའི་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་སྒོ་ཕྱུགས་སེམས་ཅན་ཉམས་ཞིབ་ལྟེ་གནས་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་གསར་པ་དེའི་ནང་། གནད་དོན་གཅིག་ནི་ནད་ཡམས་དེ་དག་འགོས་ཁྱབ་མ་འགྲོ་སྔོན་དུ་སྔོན་འགོག་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལས་འཆར་འགན་འཛིན་གྱི་ལས་རོགས་ལྕམ་ Inger Anderson མཆོག་གིས་ཁོང་གིས་ང་ཚོས་ན་ཚ་དེ་འདྲ་ཞིག་ཡོང་གི་ཡོད་པ་ཤེས་བཞིན་དུ། སྔོན་འགོག་མ་བྱས་ན་ནོར་འཁྲུལ་ཆེན་ཡིན་པ་དང་། ད་ལྟ་ང་ཚོས་ངེས་པར་དུ། ན་ཚ་གཞན་པ་ཞིག་ཁྱབ་བརྡལ་མི་འགྲོ་བར་གཡོལ་ཐབས་ལག་ལེན་བསྟར་ནས། ང་ཚོས་ངེས་པར་དུ་ Zoonotic disesases ཞེས་པའི་སེམས་ཅན་ནས་མི་ལ་འགོ་སྲིད་པའི་ན་ཚ་དེའི་སྐོར་གླེང་སློང་བྱེད་དགོས་ཀྱི་འདུག་ཅེས་གསུངས་འདུག

ཏོག་དབྱིབས་ནད་དུག་དང་ཨི་བྷོ་ལཱ་ནད་དུག་གཉིས་ནི་སེམས་ཅན་ནས་མི་ལ་འགོས་པའི་ Zoonotic diseases དཔེ་མཚོན་གཉིས་པོ་དེ་ཆགས་ཡོད་པ་དང་། སྙན་ཐོ་ནང་ཏོག་དབྱིབས་ན་ཚ་ནི་ཕལ་ཆེར་སེམས་ཅན་ཕ་ཝང་ནས་མི་ལ་འགོས་ཡོད་པའི་བསམས་ཚུལ་བཏོན་བཞིན་ཡོད་པ་རེད།

ལྕམ་  Anderson མཆོག་གིས་འདས་པའི་དུས་རབས་ནང་དཔེ་གསར་ཏོག་དབྱིབས་ན་ཚ་ཁྱབ་ཆེ་བ་དྲུག་ཙམ་བྱུང་ཡོད་པ་དང་། དེའི་ནང་རྒྱ་ཆ་ ༦༠ ཙམ་ནི་འགོས་ཁྱབ་འགྲོ་བའི་ཉེན་ཁ་ཅན་ཞིག་ཡིན་པ་དང་། དེའི་ནང་རྒྱ་ཆ་ ༧༥ ཙམ་ནི་སེམས་ཅན་ནས་འགོས་པའི་ན་ཚ་གསར་པ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་འདུག

 མཉལ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་ལས་བྱེད་  Mark Grassi མཆོག་གིས་སྙན་ཐོ་དེའི་ཁ་བྱང་ནི་སྔོན་འགོག་དང་མ་འོངས་པའི་ན་ཚ་ཁྱབ་བརྡལ། དེ་བཞིན་ Zoonotic Disease ཞེས་སེམས་ཅན་ནས་མི་ལ་འགོས་པའི་ན་ཚ། དེ་བཞིན་སེམས་ཅན་དང་མི་དབར་ན་ཚ་འགོས་སྟངས་བཅས་ཡིན་ཞིང་། སྙན་ཐོ་ཡིག་ཆ་དེའི་ནང་འགྲོ་བ་མིའི་བྱེད་ལས་དང་རང་བྱུང་ཁོར་ཡུག་གཏོར་བཤིག་ལ་བརྟེན་ནས་ང་ཚོས་ན་ཚ་དེ་འདྲ་ལ་གདོང་གཏད་དགོས་པ་ཆགས་ཡོད་སྐོར་འཁོད་ཡོད་ཅེས་དང་། ཡང་ཁོ་མོས་སོ་ནམ་ཞིང་ལས་ཀྱི་སྡེ་ཁག་དང་། ཤིང་ནག་གཅོད་འབྲེག སྒོ་ཕྱུགས་སེམས་ཅན་ཚད་བརྒལ་སྐོལ་སྤྱོད་བཅས། མི་རྣམས་སེམས་ཅན་དང་བར་ཐག་ཉེ་དྲག་པའི་རྐྱེན་གྱིས་ན་ཚ་དེ་དག་འགོས་ཁྱབ་འགྲོ་བཞིན་ཡོད་སྐོར་སྐྱོན་བརྗོད་དང་། གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་གཤམ་གཤིས་འགྱུར་ལྡོག་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག  

Jimmy Smith ལགས་ནི་རྒྱལ་སྤྱིའི་སྒོ་ཕྱུགས་སེམས་ཅན་ཉམས་ཞིག་ལྟེ་གནས་ཁང་གི་འགན་འཛིན་ཡིན་པ་དང་། ཁོང་གིས་ཀྱང་མཉམ་འབྲེལ་སྙན་ཐོ་དེའི་ནང་མི་འབོར་འཕེལ་རྒྱས་དང་དེ་བཞིན་དཔལ་འབྱོར་འཕེལ་རྒྱས་ཆེད་འགྲོ་བ་མིས་རང་བྱུང་ཁོར་ཡུག་གི་འཇིག་རྟེན་ལ་ཧམ་འཛུལ་བྱས་པའི་རྐྱེན་གྱིས་གནས་ཚུལ་ཐབས་སྡུག་འདི་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

འཛམ་གླིང་དུད་འགྲོ་སྲུང་སྐྱོབ་ཚོགས་པའི་ལས་འགུལ་འགན་འཛིན་ Ben Pearson མཆོག་གིས་གལ་སྲིད་ཁོང་ཚོའི་གོམས་གཤིས་ནང་རི་དྭགས་སེམས་ཅན་ཉོ་ཚོང་མེད་པ་མ་བཏང་བར་མུ་མཐུད་གནང་ཚེ། ན་ཚ་འགོས་ཁྱབ་ཀྱི་གནས་ཚུལ་སླར་ཡང་ཐོན་རྒྱུ་ཡིན་པ་དང་། ཏོག་དབྱིབས་ན་ཚ་ལ་བརྟེན་ནས་འཛམ་བུ་གླིང་གཉིད་སད་དགོས་པའི་འབོད་སྐུལ་གནང་འདུག

དེ་བཞི་ཁོང་གིས་སྙན་ཐོ་འདིའི་ནང་དོན་ནི་གལ་སྲིད་ང་ཚོས་རྩ་བའི་གནད་དོན་ཐོག་སྐད་ཆ་མ་བཤད་ན། མ་འོངས་པར་ཚ་འདི་ལྟ་བུ་འགོས་ཁྱབ་འགྲོ་རྒྱུ་ཡིན་པ་དང་། ནད་རྟགས་གང་འདྲ་ཡིན་མིན་སྐོར་བཤད་རྒྱུ་འཇོག་བྱེད་ནས་རྩ་བའི་གནད་དོན་ན་ཚ་འགོས་ཁྱབ་ཀྱི་རིགས་དང་། གཙོ་བོར་རི་དྭགས་སེམས་ཅན་གྱི་འཚོ་བ་གཏོར་བཤིག་གཏོང་རྒྱུ་མཚམས་འཇོགས་དགོས་ཀྱི་འདུག གཞི་རྒྱ་ཆེ་བའི་སེམས་ཅན་ཐོན་བསྐྱེད་ར་བ་དེ་ཚོའི་གནད་དོན་སྐོར་སྐད་ཆ་བཤད་དགོས་ཞེས་གསུངས་འདུག

 གཞན་ཡང་ཁོང་གིས་མི་ཚོས་ཤ་བཟའ་རྒྱུ་ཉུང་དུ་གཏོང་དགོས་པ་དང་ཤ་དེ་དག་ཚད་མཐོའི་བདེ་སྡུག་གི་འབྱུང་ཁུངས་ཤིག་ཡིན་པས་མ་ཚད། ཕྱུགས་གསོ་ར་བ་དང་སེམས་ཅན་ཐོན་བསྐྱེད་ར་བ་དེ་ཚོས་སྤྱི་བཏང་སེམས་ཅན་རྣམས་ལ་མཐུན་འགྱུར་ཡག་པོ་གནང་གི་ཡོད་ན་ཡང་། དེ་ནི་སེམས་ཅན་ནམས་ཀྱི་འདོད་མོས་མ་ཡིན་པར་དེ་ནི་ང་ཚོའི་འདོད་མོས་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

Coming up next

# TITLE RELEASED TIME MORE
མ་འོངས་པར་ཏོག་དབྱིབས་ན་ཚ་ལྟ་བུའི་ནད་ཡམས་མང་པོ་ཞིག་སེམས་ཅན་ནས་མི་ལ་འགོས་སྲིད་པའི་སྔོན་དཔག 08/07/2020 04:19 ...
མེ་ཁོ་རོ་སོ་ཧྥོ་ཊི་ Microsoft ཡི་ཡིག་སྒྱུར་གཉེན་ཆས་ཞབས་ཞུ་ཐོག་བོད་ཡིག་གསར་འཇུག་བྱས་པ། 20/10/2021 16:09 ...
SBS ཡི་སྐད་ཡིག་སྣ་ཚོགས་ཀྱི་ཞབས་ཞུ་ཁག་བསྐྱར་ཞིབ། 16/10/2021 05:46 ...
སྨན་པ་ཚོས་བུད་མེད་སྦྲུམ་མ་རྣམས་ལ་ཏོག་དབྱིབས་འགོག་ཁབ་ངེས་པར་རྒྱག་དགོས་པའི་སློབ་སྟོན་གནང་བ། 14/10/2021 05:40 ...
ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་བཀག་བསྡོམས་བསྐྱར་དུ་སྒོ་ཕྱེ་སྐབས་ཁྱེད་རང་གིས་ག་རེ་བྱེད་ཆོག་གམ། 08/10/2021 04:09 ...
ནོར་ར་ (Nowra) བོད་མིའི་གཙང་བཟོ་ལས་རིགས་ཚོང་ལས་ཞབས་ཞུ། 01/10/2021 11:31 ...
འགོག་ཁབ་བརྒྱ་ཆ་ ༨༠ བརྒྱབ་ཚར་རྗེས་རང་དབང་ཆགས་ཀྱི་རེད། 29/09/2021 04:59 ...
སེན་ཊེར་ལིང་སྐྱོབ་གསོའི་དངུལ་རག་ཆེད་དུས་ཡུན་རིང་པོ་སྒུག་དགོས་ཀྱི་ཡོད་པ་རེད། 26/09/2021 07:36 ...
ཨ་ཧྥི་རི་ཀའི་འགོ་ཁྲིད་ཚོས་ཏོག་ནད་འགོག་ཁབ་བགོ་འགྲེམ་འདྲ་མཉམ་བྱུང་མེད་པའི་སྐྱོན་བརྗོད། 26/09/2021 04:55 ...
ཨོ་སི་ཊོ་ལི་ཡའི་མཚོ་འགྲམ་གྱི་ས་ཆ་གང་ཞིག་རྒྱ་མཚོའི་ནང་ནུབ་སྲིད་དམ། 22/09/2021 04:48 ...
View More