Watch FIFA World Cup 2026™

LIVE, FREE and EXCLUSIVE starting June 12 2026

༄༅། །སྣུམ་འཁོར་མི་འདྲ་བ་ལ་འཚམ་པའི་རྡོ་སྣུམ་གྱི་ཁྱད་པར། Australia Explained

Albanese Government Announces Fuel Excise Cut

ཨོ་སི་ཊེ་ལི་ཡའི་སྣུམ་ཁང་ཚང་མར་སྣུམ་གྱི་སྤུས་ཀ་གཅིག་མཚུངས་ཀྱི་ཚད་དང་ལྡན་པ་ཡིན་པར་བརྟེན་ཁ་ལོ་བ་རྣམས་ལ་སྣུམ་གོང་ཁེ་ཤོས་འཚོལ་དགོས་པའི་ལམ་སྟོན་བྱས་ཡོད། Credit: Morgan Hancock/Getty Images

རྡོ་སྣུམ་གྱི་རིན་གོང་ལ་བརྟན་ཆ་མེད་པའི་སྐབས་འདིར་སྣུམ་འཁོར་གཏོང་མཁན་རྣམས་ཀྱིས་སྣུམ་ཁང་དུ་དངུལ་འཕར་མ་སྤྲོད་དགོས་པར་འགྱུར་བཞིན་ཡོད། དེས་ན་སྣུམ་གོང་ཆུང་བ་དེ་བེད་སྤྱོད་བྱས་ན་འོས་འཚམ་ཡིན་ནམ། དེ་ནི་ཁྱེད་ཀྱི་འཕྲུལ་འཁོར་གྱི་དགོས་མཁོ་ལ་རག་ལུས་ཡོད། སྣུམ་རིགས་ཚང་མ་འཕྲུལ་འཁོར་ཡོངས་རྫོགས་ལ་འཚམ་པོ་མེད།


Published

By Zoe Thomaidou

Presented by Domnyershar Dadon

Source: SBS



Share this with family and friends


རྡོ་སྣུམ་གྱི་རིན་གོང་ལ་བརྟན་ཆ་མེད་པའི་སྐབས་འདིར་སྣུམ་འཁོར་གཏོང་མཁན་རྣམས་ཀྱིས་སྣུམ་ཁང་དུ་དངུལ་འཕར་མ་སྤྲོད་དགོས་པར་འགྱུར་བཞིན་ཡོད། དེས་ན་སྣུམ་གོང་ཆུང་བ་དེ་བེད་སྤྱོད་བྱས་ན་འོས་འཚམ་ཡིན་ནམ། དེ་ནི་ཁྱེད་ཀྱི་འཕྲུལ་འཁོར་གྱི་དགོས་མཁོ་ལ་རག་ལུས་ཡོད། སྣུམ་རིགས་ཚང་མ་འཕྲུལ་འཁོར་ཡོངས་རྫོགས་ལ་འཚམ་པོ་མེད།


ཨོ་སི་ཊེ་ལི་ཡའི་སྣུམ་སྣོད་ས་ཚིགས་ཁག་ཏུ་རྡོ་སྣུམ་གྱི་གྲུབ་ཆ་གཙོ་བོ་ནི་རྫས་སྦྱོར་མེད་པའི་རྡོ་སྣུམ། ཨི་ཐ་ནོལ་བསྲེས་པའི་སྣུམ། དེ་བཞིན་སྣུམ་ནག་བཅས་ཡིན།

དེ་དག་ལ་གཞིགས་པའི་སྣུམ་འཐེན་འཕྲུལ་ཆས་གཙོ་བོ་གསུམ་ཡོད་པ་ནི་ཨོག་ཊེན་ ༩༡ ཡོད་པའི་རྫས་སྦྱོར་མེད་པའི་རྡོ་སྣུམ་དཀྱུས་མ། ཨོག་ཊེན་ ༩༥ རྫས་སྦྱོར་མེད་པའི་རྡོ་སྣུམ་ལེགས་པ། ཨོག་ཊེན་ ༩༨ བཅས་ཡོད།

ཨང་གྲངས་འདི་དག་རྒྱལ་ཁབ་གཞན་དག་གི་སྣུམ་འཐེན་འཕྲུལ་ཆས་དང་བསྡུར་ན་ཅུང་ཟད་མི་འདྲ་བ་ཡོད་སྲིད། འོན་ཀྱང་དེ་དག་ནི་རྩིས་རྒྱག་ཐབས་མི་འདྲ་བ་ལ་བརྟེན་པ་ཙམ་ལས་སྣུམ་གྱི་སྤུས་ཀ་གཅིག་མཚུངས་ཡིན་པས་སེམས་ཁྲལ་བྱེད་མི་དགོས་ཞེས་ཛེག་ཨ་མན་གྱིས་བརྗོད་ཡོད།

ཁོང་ནི་ནུབ་ཨོ་སི་ཊེ་ལི་ཡ་གཙུག་ལག་སློབ་གཉེར་ཁང་གི་ཚོང་ལས་ཤེས་ཡོན་གྱི་འགན་འཛིན་གཞོན་པ་དང་རྫས་སྦྱོར་བཟོ་བསྐྲུན་གྱི་སློབ་དཔོན་ཡིན།

ཨོག་ཊེན་གྱི་ཨང་གྲངས་དེས་རྡོ་སྣུམ་ནུས་འགྱུར་བྱེད་ཚད་ཤུགས་ཆེ་བ་འགོག་ཇི་ཙམ་ཐུབ་མིན་གྱི་ཚད་གཞི་སྟོན་གྱི་ཡོད་ཅེས་ཝིག་ཊོ་རི་ཡ་མཐོ་རིམ་འགྲུུལ་འཁོར་མཐུན་ཚོགས་ཀྱི་སྲིད་ཇུས་འགན་འཛིན་ཇེམ་སི་ཝི་ལམ་གྱིས་འགྲེལ་བརྗོད་གནང་།

ཨོག་ཊེན་གྱི་ཚད་མཐོ་བ་ཡོད་པ་དེས་རིན་གོང་མཐོ་བ་ཡོད་པ་མཚོན་གྱི་ཡོད།

འོན་ཀྱང་དེས་འཕྲུལ་འཁོར་གྱི་ནུས་པ་དང་སྣུམ་གྱི་བེད་སྤྱོད་ལ་ཁྱད་པར་བཟོ་ཡི་མེད།

ཇེམ་སི་ཝི་ལི་ཡམ་སི་ཡིས་བརྗོད་པ་ལྟར་ན། གལ་ཏེ་ཁྱེད་ཀྱིས་ནུས་ཤུགས་ཧ་ཅང་ཆེ་བའམ་རྩེད་འགྲན་སྣུམ་འཁོར་ཞིག་གཏོང་དགོས་མེད་ན། རྫས་སྦྱོར་མེད་པའི་རྡོ་སྣུམ་ ༩༡ ནི་སྣུམ་གྱི་ཚད་གཞི་དང་འགྲོ་བཞུད་ཀྱི་བར་ཐག་ལ་གཞིགས་ནས་འགྲོ་གྲོན་ལ་འཚམ་ཤོས་དེ་ཡིན།

ཕྱོགས་གཞན་ཞིག་ནས་བཤད་ན། གལ་ཏེ་ཁྱེད་ཀྱི་འཕྲུལ་འཁོར་དེ་ཨོག་ཊེན་མཐོ་བའི་སྣུམ་སྤྱོད་རྒྱུའི་ཕྱིར་བཟོས་ཡོད་ན། རྫས་སྦྱོར་མེད་པའི་སྣུམ་ ༩༡ བེད་སྤྱོད་བྱེད་རྒྱུ་མེད།

ཁྱེད་ཀྱི་སྣུམ་འཁོར་ལ་གཞིགས་པའི་སྣུམ་གྱི་ཨོག་ཊེན་ག་ཚོད་དགོས་མིན་དེ་སྣུམ་འཁོར་གྱི་སྣུམ་སྣོད་ཀྱི་ཁ་གཅོད་དམ་ཡང་ན་བེད་སྤྱོད་ལག་དེབ་ནང་དུ་གསལ་བཤད་བྱས་ཡོད།

སྣུམ་ནག་ཅན་གྱི་འཕྲུལ་འཁོར་ནང་དུ་རྫས་འབྱོར་མེད་པའི་རྡོ་སྣུམ་བླུགས་པ་དང་། རྫས་འབྱོར་མེད་པའི་སྣུམ་ཅན་གྱི་འཕྲུལ་འཁོར་ནང་དུ་སྣུམ་ནག་བླུགས་ན་ནམ་ཡང་མི་འོས་པ་ཡིན།

གལ་ཏེ་ཁྱེད་ཀྱིས་སྣུམ་ནག་ཅན་གྱི་འཕྲུལ་འཁོར་ཞིག་གཏོང་གི་ཡོད་ན། ཁྱེད་ཀྱི་འཕྲུལ་འཁོར་དེ་ཁོར་ཡུག་ལ་གནོད་ཚབ་ཆེ་བའམ་གནོད་ཚབ་མི་གཏོང་བའི་སྣུམ་ནག་ཅི་དགོས་མིན་ཁྱེད་ཀྱི་བཟོ་བ་སྐྲུན་པས་ཤེས་ཀྱི་ཡོད།

དེ་འདྲ་མིན་ན་རྫས་སྦྱོར་མེད་པའི་རྡོ་སྣུམ་ཁོ་ན་བེད་སྤྱོད་བྱས་ན་བཟང་།

ཨོ་སི་ཊེ་ལི་ཡའི་ནང་དུ་ཨི་ཐ་ནོལ་བསྲེས་པའི་རྡོ་སྣུམ་མང་ཤོས་ནི་ E10 ཨི་ཊན་ཡིན། དེའི་བརྒྱ་ཆ་ ༡༠ ནི་རྩེ་ཤིང་གྱི་གྲུབ་ཆ་ལས་བྱུང་བའི་ཨི་ཐ་ནོལ་དང་། རྒྱ་ཆ་༩༠ རྫས་སྦྱོར་མེད་པའི་རྡོ་སྣུམ་ཡིན།

དེ་ནི་ཨོག་ཊེན་གྱི་རིན་ཐང་མཐོ་བ་ཡོད་པ་དང་སྣུམ་གོང་དམའ་བ་ཡོད་ཀྱང་། དེས་ཁྱེད་ལ་སྣུམ་གྱི་འགྲོ་གྲོན་ཉུང་དུ་གཏོང་གི་མེད་ཅེས་སློབ་དཔོན་ཨ་མན་གྱིས་འགྲེལ་བརྗོད་གནང་།

ཁོང་གིས་གལ་ཏེ་རང་ཉིད་ཀྱི་འགྲུལ་འཁོར་ནང་ཨི་ཊན་གྱི་སྣུམ་བླུག་དགོས་མིན་དོགས་པ་ཡོད་ཚེ། འགྲུལ་འཁོར་དེའི་བཟོ་སྐྲུན་པའི་བེད་སྤྱོད་ལག་དེབ་བམ་ཁོང་ཚོའི་དྲྭ་ཚིགས་ལ་བལྟ་དགོས་ཞེས་གསུངས།

མཐའ་དོན་ཨོ་སི་ཊེ་ལི་ཡའི་སྣུམ་ཁང་ཚང་མར་སྣུམ་གྱི་སྤུས་ཀ་གཅིག་མཚུངས་ཀྱི་ཚད་དང་ལྡན་པ་ཡིན་པར་བརྟེན། ཝིག་ཊོ་རི་ཡ་མཐོ་རིམ་འགྲུལ་འཁོར་མཐུན་ཚོགས་ཀྱིས་ཁ་ལོ་བ་རྣམས་ལ་སྣུམ་གོང་ཁེ་ཤོས་འཚོལ་དགོས་པའི་ལམ་སྟོན་བྱས་ཡོད། འགྲོ་གྲོན་ལ་སེམས་ཁྲལ་བྱེད་མཁན་གྱི་ཁ་ལོ་བ་རྣམས་ཀྱི་ཆེད་དུ་བཟོ་སྐྲུན་པའི་དགོས་མཁོ་དང་མཐུན་པའི་སྣུམ་གོང་ཆུང་ཤོས་དེ་འཚོལ་རྒྱུ་ནི་དངུལ་གྲོན་ཆུང་བྱེད་པའི་ཐབས་ལམ་ལེགས་ཤོས་ཤིག་ཡིན།

བོད་སྐད་ནང་འཛམ་གླིང་གི་གསར་འགྱུར་དང་ཨོ་སི་ཊེ་ལི་ཡའི་ནང་འཚོ་བ་སྐྱེལ་སྟངས་སྐོར་གྱི་གནས་ཚུལ་གཞན་ལ་རྗེས་འབྲངས་གནོངས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now