SKIP TO MAIN CONTENT

༄༅། །ཛ་དྲག་ཨང་ ༠༠༠ གི་སྐོར་ལ་སློབ་སྦྱོང་སྤྲད་པ་དེས་གཞིས་སྤོ་བའི་ཁོངས་སུ་ཁྱིམ་ཚང་གི་དྲག་སྤྱོད་མྱོང་མཁན་ཚོར་རོགས་རམ་བྱེད་ཐུབ་བམ། News Feature

Domestic abuse survey
པར་ཁུངས། པི་ཨེ་ཝ་ཡར། Credit: Dominic Lipinski/PA

ཉེ་ཆར་ཨོ་སི་ཊེ་ལི་ཡའི་ཁྱིམ་ཚང་། ནང་མི། འཁྲིག་སྤྱོད་བཅས་ཀྱི་དྲག་སྤྱོད་གཏན་འབེབས་ལྷན་ཚོགས་ཀྱི་སྙན་ཐོ་ལྟར་ན། འདས་པའི་ལོ་ངོ་ ༣༣ ནང་ད་ཐེངས་དྲག་སྤྱོད་དེ་དག་གི་ཚད་མཐོ་ཤོས་སུ་སླེབས་ཡོད་པར་བསྟན་ཡོད། ཆེད་ལས་མི་སྣ་ཚོས་གསུངས་པར་གཞིགས་ན། གཞིས་སྤོ་བ་དང་། སྐྱབས་བཅོལ་བ། སྐྱབས་བཅོལ་ཞུ་མཁན་བཅས་ཁྱིམ་ཚང་དང་། ནང་མི། འཁྲིག་སྤྱོད་བཅས་དང་འབྲེལ་བའི་དྲག་སྤྱོད་ཕྱིར་བསྒྲགས་བྱེད་པའི་བཀག་རྡོ་དེ་བས་ཆེ་བ་འཕྲད་ཀྱི་ཡོད། དེར་བརྟེན་རིག་གཞུང་ལ་བསྟུན་པའི་རྒྱབ་སྐྱོར་ཞབས་ཞུ་འཕྲོད་པར་ཤེས་ཡོན་དང་། མ་དངུལ་མང་དུ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།


Published

Presented by Domnyershar Dadon

Source: SBS


Skip to podcast episode content

ཉེ་ཆར་ཨོ་སི་ཊེ་ལི་ཡའི་ཁྱིམ་ཚང་། ནང་མི། འཁྲིག་སྤྱོད་བཅས་ཀྱི་དྲག་སྤྱོད་གཏན་འབེབས་ལྷན་ཚོགས་ཀྱི་སྙན་ཐོ་ལྟར་ན། འདས་པའི་ལོ་ངོ་ ༣༣ ནང་ད་ཐེངས་དྲག་སྤྱོད་དེ་དག་གི་ཚད་མཐོ་ཤོས་སུ་སླེབས་ཡོད་པར་བསྟན་ཡོད། ཆེད་ལས་མི་སྣ་ཚོས་གསུངས་པར་གཞིགས་ན། གཞིས་སྤོ་བ་དང་། སྐྱབས་བཅོལ་བ། སྐྱབས་བཅོལ་ཞུ་མཁན་བཅས་ཁྱིམ་ཚང་དང་། ནང་མི། འཁྲིག་སྤྱོད་བཅས་དང་འབྲེལ་བའི་དྲག་སྤྱོད་ཕྱིར་བསྒྲགས་བྱེད་པའི་བཀག་རྡོ་དེ་བས་ཆེ་བ་འཕྲད་ཀྱི་ཡོད། དེར་བརྟེན་རིག་གཞུང་ལ་བསྟུན་པའི་རྒྱབ་སྐྱོར་ཞབས་ཞུ་འཕྲོད་པར་ཤེས་ཡོན་དང་། མ་དངུལ་མང་དུ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།


ལྷོ་ཨོ་སི་ཊེ་ལི་ཡའི་སི་ཊོར་ཊི་ས་གནས་འཐུས་མི་ཁེ་ལེར་ཁུ་ལུ་ཊར་ཧམ་(clutter-ham)གིས་གསུངས་པར་གཞིགས་ན། ཁོ་མོ་ཡོད་སའི་ས་ཁོངས་ཀྱི་བུད་མེད་གཞོན་ནུ་མ་ཞིག་གཉེན་སྒྲིག་བཀོད་སྒྲིག་བྱས་པ་བརྒྱུད་ཨོ་སི་ཊེ་ལི་ཡར་གཞིས་སྤོ་བྱས་ཡོད།

བུད་མེད་དེའི་ཁྱོ་གས་མགྱོགས་མྱུར་ཁོ་མོའི་དངུལ་ཁང་གི་རྩིས་ཁྲ་དབང་བསྒྱུར་བྱས་པ་དང་། དེ་ནས་ ༠༠༠ ལ་ཁ་པར་གཏོང་བར་ཉིན་རེར་ཨོ་སྒོར་ ༥,༠༠༠ སྤྲོད་དགོས་ཀྱི་ཡོད་ཚུལ་གྱི་མགོ་སྐོར་བཏང་ཡོད་པ་རེད།

ཁུ་ལུ་ཊར་ཧམ་གྱིས་བུད་མེད་དེས་མཐར་ཁྱོ་བོ་དང་ཁ་བྲལ་འདུག་ཅེས་ཟེར།

ད་གཟོད་གྲོས་ཚོགས་འཐུས་མི་ཁོང་གིས་ད་ནས་བཟུང་ཨོ་སི་ཊེ་ལི་ཡར་འབྱོར་མཁན་གསར་པར་གནས་སྤོ་བྱེད་སྟངས་སྐོར་གྱི་གོ་རྟོགས་སྤེལ་བ་དང་། གནམ་ཐང་དུ་འཛུལ་བར་སྔོན་འགོག་གི་ཉེན་བརྡ་སྟོན་པ་ལྟ་བུའི་ལྷན་དུ་གནད་དོན་དེའི་སྐོར་གྱི་སྤྱི་ཚོགས་ཁྱབ་བསྒྲགས་སྤེལ་དགོས་པའི་རེ་འདུན་ཞུ་བཞིན་ཡོད།

ཁོང་གིས་གསལ་བསྒྲགས་དག་ཨིན་སྐད་དང་གནམ་གྲུ་དེ་དག་ས་ཕྱོགས་གང་ནས་ཡོང་སའི་ཡུལ་དེའི་སྐད་ཡིག་ནང་བྱེད་ཆོག་ཅེས་གསུངས།

དེ་བཞིན་ཁུ་ལུ་ཊར་ཧམ་ལགས་ཀྱིས་གྲོས་འཆར་འདི་ཉིད་སྐོར་ནང་སྲིད་ལྷན་ཁང་དང་། མཁའ་གྲུའི་གྲོས་ཚོགས་མཐུན་གྲོགས་ཚོགས་མི་རྣམས་ལ་འབྲེལ་བ་ཞུས་ཡོད་འདུག།

ཀླུ་ཊར་རམ་ ༤

འཆར་གཞི་འདི་ད་དུང་འགོ་འཛུགས་ས་ཙམ་ཡིན་ཡང་། གཞིས་སྤོ་བུད་མེད་ཀྱི་རྒྱབ་སྐྱོར་ཞབས་ཞུའི་སྤྱི་ཁྱབ་འགན་འཛིན་མི་ཊ་རཱ་ (Mitra) ཡིས་གྲོས་འཆར་འདི་ཉིད་ལ་དགའ་བསུ་ཞུས་ཡོད།

ཁུན་སི་ལན་ཌིར་གནས་སྡོད་བྱེད་པའི་ཁྱིམ་ཚང་དང་འཁྲིག་སྤྱོད་ཀྱི་དྲག་སྤྱོད་ཞབས་ཞུ་ཁང་གིས་སྤོ་བ་དང་། སྐྱབས་བཅོལ་བུད་མེད་དང་བྱིས་པར་དྲག་སྤྱོད་མྱོང་བཞིན་པར་རྒྱབ་སྐྱོར་སྤྲོད་ཀྱི་ཡོད།

ཡིན་ནའང་། མི་ཊ་རཱ་ལགས་ཀྱིས་རིག་གཞུང་དང་། སྐད་ཡིག་སྣ་མང་གི་སྤྱི་ཚོགས་ཁྲོད་དུ་ནང་ཁྱིམ་གྱི་དྲག་སྤྱོད་སྐོར་ལ་ད་དུང་ཡང་གོ་ནོར་ཐེབས་པའི་ལྟ་ཚུལ་ཡོད་པར་གསུངས་ཡོད།

ཁེ་རེན་བྷི་ཝན་ (Beaven) ནི་ཧྥུལ་སི་ཊོབ་ཨོ་སི་ཊེ་ལི་ཡའི་ (Full Stop Australia) སྤྱི་ཁྱབ་འགན་འཛིན་ཡིན་པ་དང་། ཁོང་གིས་གསུངས་པར་གཞིགས་ན། ཁྱིམ་ཚང་དང་། ནང་ཁྱིམ་ནང་གི་དྲག་སྤྱོད་དང་། འཁྲིག་སྤྱོད་ཀྱི་དཀའ་ངལ་སྐོར་ལ་སྤྱི་ཚོགས་ཡོངས་ལ་གོ་ནོར་ཐེབས་པའི་ལྟ་ཚུལ་ཡོད།

ཁོང་གིས་གོང་གི་ཁྱབ་བསྒྲགས་བྱེད་པའི་གྲོས་འཆར་དེས་ཨོ་སི་ཊེ་ལི་ཡའི་ནང་ཡོད་པའི་ཞབས་ཞུའི་སྐོར་གྱི་གོ་རྟོགས་ཆེ་རུ་གཏོང་ཐུབ་ཀྱང་། ད་དུང་དེ་ལས་ལྷག་པ་བྱེད་ཐུབ་རྒྱུ་ཡོད་པར་བརྗོད་ཡོད།

ཕྱི་ལོ་ ༢༠༢༤ ལོར་ཨོ་སི་ཊེ་ལི་ཡའི་ནང་འཁྲིག་སྤྱོད་ཀྱི་དྲག་སྤྱོད་སྐོར་གྱི་སྙན་ཐོ་དེ་ལོ་ངོ་ ༣༣ རིང་གི་ཚད་མཐོ་ཤོས་སུ་སླེབས་ཡོད་པ་དང་། འདི་ནི་གཟའ་འཁོར་འདིའི་(ཟླ་ ༩ ཚེས་ ༩ ཉིན།)

ནང་བཏོན་པའི་ཁྱིམ་ཚང་དང་ནང་མི་འཁྲིག་སྤྱོད་བཅས་ཀྱི་དྲག་སྤྱོད་གཏན་འབེབས་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་ལྟར་ཡིན། ཨོ་སི་ཊེ་ལི་ཡའི་གྲངས་ཐོ་ལྷན་ཁང་གི་ལོགས་སུ་སྟོན་བཏོན་པའི་ཁྱིམ་ཚང་དང་། ནང་མིའི་དྲག་སྤྱོད་ཀྱི་ཉེས་ཅན་པའི་གྲངས་འབོར་དེ་བརྒྱ་ཆ་ ༨ འཕར་ནས་ ༩༧,༨༠༠ བར་སླེབས་ཡོད་པའི་གནས་ཚུལ་གསལ་ཡོད།

ཕྱི་ལོ་ ༢༠༢༡ ལོའི་མོ་ནཱ་ཤི་གཙུག་ལག་སློབ་གྲྭ་ཆེན་མོའི་གཞིས་སྤོ་དང་། མཐུད་འབྱོར་ལྟེ་གནས་ཁང་གི་ཞིབ་འཇུག་གཅིག་གིས་ཨོ་སི་ཊེ་ལི་ཡའི་ནང་གནས་སྤོ་བ་དང་། སྐྱབས་བཅོལ་བུད་མེད་གསུམ་ནས་གཅིག་གིས་ཁྱིམ་ཚང་ནང་ནང་མིའི་དྲག་སྤྱོད་མྱོང་བཞིན་ཡོད་པར་ཚོད་དཔག་བྱས་ཡོད།

སྐབས་འཕྲལ་མཐོང་མཆན་ཡོད་མཁན་ཚོས་དྲག་སྤྱོད་ཀྱི་ཚད་གཞི་མཐོ་བ་མྱོང་བཞིན་པ་སྙན་སེང་ཞུས་ཡོད་པ་དང་། དེའི་ཁོངས་སུ་ཁོ་ཚོའི་གཞིས་སྤོ་བའམ་མཐོང་མཆན་གྱི་གནས་བབ་དེ་དྲག་སྤྱོད་ཀྱི་ལག་ཆར་བེད་སྤྱོད་བྱས་པ་བཅས་ཡོད།

ཝེ་ནི་ས་བྷན་ནི་ཁེན་བྷེ་རཱ་ཁན་བྷེ་རཱར་ཡོད་པའི་བུད་མེད་ཁྲིམས་རྩོད་ལྟེ་གནས་ཁང་གི་གཞིས་སྤོ་བའི་ཚན་པའི་འགན་འཛིན་ཡིན།

ཨོ་སི་ཊེ་ལི་ཡའི་བུད་མེད་ཁྲིམས་རྩོད་ཞབས་ཞུ་ཁང་གིས་ (WLSA) ཡིས་ད་ལྟའི་གནས་སྤོ་བའི་ཁྲིམས་ལུགས་ནང་གི་བར་སྟོང་དེ་འགེངས་ཐབས་སུ་གཞུང་འབྲེལ་གྱི་ཁྱིམ་ཚང་དྲག་སྤྱོད་མྱོང་མཁན་གྱི་མཐོང་མཆན་ལོགས་སུ་འཛུགས་དགོས་པའི་འབོད་སྐུལ་བྱས་ཡོད།

ད་ལྟའི་ཆར་ནང་སྲིད་ལྷན་ཁང་གིས་མཐོང་མཆན་ངེས་ཅན་ཞིག་གི་འོག་ཡོད་པའི་མི་སྣ་ཚོར་སྲུང་སྐྱོབ་བྱེད་ཆེད་ཁྱིམ་ཚང་དྲག་སྤྱོད་མྱོང་མཁན་ཚོར་མཁོ་ཆས་སྤྲོད་བྱེད་ཀྱི་ཡོད་པ་དང་། དེའི་ཁོངས་སུ་བཟའ་ཟླའི་མཐོང་མཆན་ལག་འཁྱེར་དང་། གཏན་གནས་ཀྱི་ཆ་རྐྱེན་ལ་སྒུག་བཞིན་པ་ཡང་ཡོད།

ཡིན་ནའང་བྷན་ལགས་ཀྱིས་ལམ་ལུགས་འདིས་གཞིས་སྤོ་བ་དང་། སྐྱབས་བཅོལ་བ་མང་པོ་ཞིག་ལ་ཁྱབ་ཐུབ་ཀྱི་མེད་པར་བརྗོད།

གཞུང་གི་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པའི་ཚོད་ལྟའི་ལས་གཞི་ཞིག་གིས་བུད་མེད་ ༢,༥༠༠ ལྷག་ལ་གཞིས་སྤོ་བའི་ཁྲིམས་ལུགས་དང་། རང་ཁྱིམ་ནང་དྲག་སྤྱོད་ཀྱི་ལམ་ལུགས་རྙོག་འཛིང་ཅན་གྱི་བར་འབྲེལ་མཐུད་བྱེད་པར་རོགས་རམ་བྱས་ཡོད།

ཡིན་ནའང་ཚོགས་པ་འདིས་ལས་གཞི་འདི་ལྟ་བུ་དང་། འབྲེལ་ཡོད་ཞབས་ཞུར་མ་དངུལ་མང་དུ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།

བྷན་ལགས་ཀྱིས་སྐབས་འཕྲལ་གྱི་མཐོང་མཆན་ཡོད་མཁན་ཚོར་དྲག་སྤྱོད་མྱོང་བཞིན་པར་རྒྱབ་སྐྱོར་མང་བ་དགོས་ཀྱི་ཡོད་པར་གསུངས་ཡོད།

རྒྱལ་སྤྱིའི་གཞིས་སྤོ་བའི་ཞབས་ཞུ་ཁང་གིས་ (Settlement Services International) གནད་དོན་འདིའི་ཐོག་སྤྱི་ཚོགས་ཁྱབ་བསྒྲགས་སྤེལ་དགོས་པའི་གྲོས་འཆར་འདི་ཉིད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།

ཨེ་སི་བྷི་ཨེ་སི་གསར་འགྱུར་ཁང་ལ་གསར་འབྱོར་བའི་འགན་འཛིན་ཡ་མ་མཱ་ཧ་ཨ་གྷ་ (Yamamah Agha) ཡིས་གསུངས་དོན།

" གཞིས་སྤོ་བ་དང་། སྐྱབས་བཅོལ་བའི་རྒྱབ་ལྗོངས་ནས་ཡོང་བའི་གསར་འབྱོར་བ་ཚོར་གཞི་རྩའི་ཞབས་ཞུའི་གནས་ཚུལ་དེ་ཁོ་ཚོའི་སྐད་ཡིག་ནང་ཐོབ་ཐུབ་པ་དང་། དེ་དག་ཇི་ལྟར་ཐོབ་ཐུབ་པ་བྱེད་དགོས་མིན་ཤེས་རྟོགས་བྱུང་ན་ད་གཟོད་རོགས་སྐྱོར་རྙེད་ཐུབ་པ་ཡོང་གི་ཡོད།

" སྐད་སྒྱུར་བྱས་པའི་གསལ་བསྒྲགས་ནི་མི་ཚོས་རོགས་རམ་གང་ཞིག་ཡོད་མེད་དང་། དེ་དག་ཇི་ལྟར་ཐོབ་ཐུབ་མིན་ཤེས་པར་བྱེད་པའི་གཞི་རྩའི་ཐབས་ལམ་ཞིག་ཡིན་པ་དང་། དེས་དངོས་གནས་ཁྱད་པར་བཟོ་ཐུབ། གསར་འབྱོར་བ་ཚོའི་སྐད་ཡིག་ནང་དང་། དུས་ཚོད་འོས་འཚམ་དུ་ཤུགས་སྣོན་རྒྱག་པའི་སྔོན་་རྗེས་ཀྱི་གཞི་རྩའི་ཞབས་ཞུའི་སྐོར་གྱི་གནས་ཚུལ་དེ་ནི་གསར་འབྱོར་བ་ཚོར་མེད་དུ་མི་རུང་བ་ཞིག་ཡིན།"

༼གལ་ཏེ་ཁྱེད་རང་ངམ་ཁྱེད་རང་གིས་ངོ་ཤེས་པའི་མི་ཞིག་ལ་ཁྱིམ་ཚང་དང་། ནང་མི། འཁྲིག་སྤྱོད་བཅས་ཀྱི་དྲག་སྤྱོད་ཀྱིས་གནོད་འཚེ་ཕོག་ཡོད་ཚེ། ༡༨༠༠RESPECT ལ་ ༡༨༠༠༧༣༧༧༣༢ ཐོག་ཁ་པར་གཏོང་བ་འམ། ༠༤༥༨ ༧༣༧ ༧༣༢ ཐོག་བརྡ་འཕྲིན་གཏོང་དགོས།

དྲག་སྤྱོད་མེད་པའི་སྐྱེས་པའི་ལམ་སྟོན་ཞབས་ཞུ་ལ་༡༣༠༠ ༧༦༦ ༤༩༡ ཐོག་འབྲེལ་བ་བྱེད་དགོས།

ཛ་དྲག་གི་གནས་ཚུལ་ཡོད་ཚེ། ༠༠༠ ལ་ཁ་པར་གཏོང་དགོས།༽

 

བོད་སྐད་ནང་འཛམ་གླིང་གི་གསར་འགྱུར་དང་ཨོ་སི་ཊེ་ལི་ཡའི་ནང་འཚོ་བ་སྐྱེལ་སྟངས་སྐོར་གྱི་གནས་ཚུལ་གཞན་ལ་རྗེས་འབྲངས་གནོངས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now