ཨོ་སི་ཊེ་ལི་ཡ་ནི་རྒྱ་ཆེ་ཞིང་སྣ་མང་བའི་རྒྱལ་ཁབ་ཅིག་ཡིན་པས་ལྗོངས་མྱུལ་བྱེད་རྒྱུ་ཧ་ཅང་མང་། འོན་ཀྱང་ཞིང་གྲོང་དང་རྒྱང་རིང་གི་ས་ཁུལ་དུ་རླངས་འཁོར་གཏོང་བ་ལ་གྲོང་ཁྱེར་ནང་མ་མཐོང་བའི་གནས་སྟངས་འཕྲད་སྲིད། གང་ཞིག་ལ་རེ་བ་བྱེད་པ་དང་ཇི་ལྟར་གྲ་སྒྲིག་བྱེད་དགོས་པ་ཤེས་ན་ཁྱེད་རང་བློ་བདེ་པོ་དང་ཡིད་ཆེས་ལྡན་པའི་ངང་འགྲུལ་བཞུད་བྱེད་པར་ཕན་ཐོགས་ཡོད།
གཙོ་གནད།
- ཁྱེད་རང་མ་ཐོན་གོང་ངེས་པར་དུ་རང་ཉིད་ཀྱི་རླངས་འཁོར་དེ་ཐག་རིང་རྒྱ་ལམ་ལ་འགྲོ་ནུས་པ་ཡིན་པ་དང་། བདེ་འཇགས་ཀྱི་ཡོ་བྱད་དང་མཁོ་ཆས་འདང་ངེས་ཡོད་པ་སོགས་ལྟ་ཞིབ་བྱེད་དགོས།
- ལམ་དང་གནམ་གཤིས་ཀྱི་གནས་སྟངས་མྱུར་པོར་འགྱུར་བ་འགྲོ་སྲིད། འགྲུལ་བཞུད་མ་བྱས་གོང་དང་བྱེད་བཞིན་པའི་སྐབས་སུ་གཞུང་འབྲེལ་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ཆུ་ལོག་གི་ནང་རླངས་འཁོར་གཏོང་མི་རུང་།
- གནས་སྟངས་དང་མཐུན་པར་བདེ་འཇགས་ངང་རླངས་འཁོར་གཏོང་དགོས་པ་དང་། ངལ་གསོ་ཡང་སེ་རྒྱག་དགོས། རླངས་འཁོར་གཞན་རྣམས་བརྒལ་ནས་འགྲོ་སྐབས་ཁྲིམས་མཐུན་ཡིན་པ་དང་བདེ་འཇགས་ཡིན་མིན་ལྟ་དགོས།
ལམ་འགྲུལ་རིང་པོ་བྱེད་རྒྱུར་ཇི་ལྟར་གྲ་སྒྲིག་བྱེད་དགོས་སམ།
ཞིང་གྲོང་ངམ་རྒྱང་རིང་གི་ལམ་ཁར་བདེ་འཇགས་ངང་རླངས་འཁོར་ཇི་ལྟར་གཏོང་དགོས།
ལམ་དང་གནམ་གཤིས་ཀྱི་གནས་ཚུལ་སྐོར་ཇི་ལྟར་ཤེས་རྟོགས་བྱེད་ཐུབ་བམ།
ལམ་གཞུང་དང་ངལ་གསོ་རྒྱག་སའི་ས་ཆ་རྣམས་གཞན་དང་ལྷན་དུ་བདེ་འཇགས་ངང་མཉམ་སྤྱོད་ཇི་ལྟར་བྱེད་དགོས་སམ།
ལམ་འགྲུལ་རིང་པོ་བྱེད་རྒྱུར་ཇི་ལྟར་གྲ་སྒྲིག་བྱེད་དགོས་སམ།
གལ་ཏེ་ཁྱེད་རང་ཨོ་སི་ཊེ་ལི་ཡའི་ཞིང་གྲོང་དང་རྒྱང་རིང་གི་ས་ཁུལ་དུ་ལམ་ཐོག་འགྲུལ་བཞུད་ལ་འགྲོ་རྩིས་ཡོད་ན་གྲ་སྒྲིག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན།
ཁྱེད་རང་མ་ཐོན་གོང་སྐབས་དེའི་ལམ་དང་གནམ་གཤིས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ངེས་པར་དུ་རླངས་འཁོར་བཟོ་བཅོས་བྱས་ཏེ་ལམ་ལ་འགྲོ་རུང་བ་བཟོ་དགོས། རོ་ཡལ་རླངས་འཁོར་མཐུན་ཚོགས་ཀྱི་རེ་སི་ཧེ་རོན་གྱིས་འགྲེལ་བརྗོད་བྱས་པ་ལྟར་ན།
"ལམ་ལ་མ་ཐོན་གོང་རླངས་འཁོར་གྱི་འཁོར་ལོ་དང་། གློག་འོད། ལམ་འགོག་མ་ལག་བཅས་ལ་ཞིབ་བཤེར་བྱེད་དགོས། ལམ་ཁར་བདེ་འཇགས་ངང་འགྲོ་བར་རླངས་འཁོར་གྱི་གནས་སྟངས་ཡག་པོ་དགོས་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། གལ་ཏེ་ཁྱེད་རང་གིས་གུར་འཁོར་སོགས་གཞན་ནང་བསྐྱོད་ཀྱི་ཡོད་ནའང་འཁོར་ལོ་དང་ལྗིད་ཚད་སྙོམས་སྒྲིག་ཡོད་མེད་ཞིབ་བཤེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
"ཡང་ཁྱེད་རང་སྔོན་མ་འགྲུལ་བཞུད་བྱེད་མྱོང་མཁན་ཞིག་ཡིན་ནའང་། དེའི་རྗེས་སུ་རྒྱ་ལམ་གྱི་གནས་སྟངས་འགྱུར་བ་ཕྱིན་ཡོད་སྲིད། ཁྱེད་རང་རང་ཁྱིམ་ནས་རྒྱང་ཐག་རིང་པོར་འགྲོ་བཞིན་པའི་སྐབས་སུ་མགོ་འཐོམས་ནས་སེམས་ཤུགས་ཆག་པ་དེ་ལས་སྡུག་པ་ཞིག་མེད། དེ་ནི་ཁྱེད་རང་གི་གུང་གསེང་འགོ་འཛུགས་སྟངས་ཡག་པོ་ཞིག་མིན།" ཅེས་ཧེ་རོན་ལགས་ཀྱིས་གསུངས།

འགྲུལ་བཞུད་ལ་འཚམ་པའི་མཁོ་ཆས་དང་བདེ་འཇགས་ཀྱི་ཡོ་བྱད་འཁྱེར་དགོས། ཁི་ལི་པི་ཊར་སེན་ལགས་ནི་ཁུན་སི་ལན་ཌིའི་སྐྱེལ་འདྲེན་དང་གཞུང་ལམ་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་ཡིན་པ་དང་། ཁོང་གིས་འགྲེལ་བརྗོད་བྱས་པ་ལྟར་ན།
"ཁྱེད་རང་ལ་འདང་ངེས་ཀྱི་ཟ་ཆས་དང་། ཆུ། སྨན་བཅོས། སྣུམ་འཕར་མ། བསྐྱར་གསོ་བྱེད་པའི་ཡོ་བྱད། གལ་ཏེ་ཁྱེད་རང་གིས་རྡོ་ཧྲུག་ཅན་གྱི་ལམ་ལ་འགྲུལ་བཞུད་བྱེད་ཀྱི་ཡོད་ན་འཁོར་ལོ་འཕར་མ་གཉིས་བཅས་ངེས་པར་ཡོད་དགོས།"
"ཨོ་སི་ཊེ་ལི་ཡའི་ཞིང་གྲོང་གི་གི་ས་ཁུལ་ནི་ཧ་ཅང་རྒྱ་ཆེན་པོ་ཡིན་པ་དང་། ཁ་པར་དྲ་རྒྱའི་ཡར་རྒྱས་དལ་བས། གལ་ཏེ་ཁྱེད་རང་གིས་མི་བཟོས་འཁོར་སྐར་ཁ་པར་རམ་ཛ་དྲག་གི་གནས་ས་འཚོལ་བྱེད་ཀྱི་བརྡ་ཤུགས་མཚོན་ཆས་འཁྱེར་ཐུབ་ན་ཡག་པོ་ཡོད། ཡིན་ནའང་ཁྱེད་རང་གིས་དེ་དག་ངེས་པར་དེ་དག་བེད་སྤྱོད་བྱེད་སྟངས་ཤེས་དགོས།"
དེ་མཚུངས་ཁྱེད་རང་མ་ཐོན་གོང་། ཁྱེད་རང་གང་དུ་འགྲོ་རྒྱུ་ཡིན་པ་དང་། ལམ་གང་བརྒྱུད་ནས་འགྲོ་རྩིས་ཡོད་པ། དུས་ཚོད་ག་ཚོད་ལ་འབྱོར་རྒྱུ་ཡིན་པ་བཅས་ནང་མི་སོགས་ལ་བརྗོད་དགོས། ཁྱེད་རང་གི་ནང་མི་དང་གཉེན་ཉེ་ཚོར་ཁྱེད་རང་ག་རེ་བྱེད་བཞིན་ཡོད་པ་དང་། གང་དུ་འགྲོ་བཞིན་ཡོད་པ། དེ་རིང་ཁྱེད་རང་ས་ཆ་ཀ་ནས་ཁ་བར་འགྲོ་བཞིན་ཡོད་པ་དང་། དུས་ཚོད་འདི་ཙམ་ལ་འབྱོར་རྒྱུ་ཡིན་པ་བཅས་ལན་སྤྲོད་དགོས། "ཀེ་ལི་པི་ཊར་སན།
"གལ་ཏེ་ཁྱེད་རང་གི་ལུང་ཁུག་བརྡ་ལེན་འཕྲུལ་ཆས་བེད་སྤྱོད་བྱེད་ཀྱི་ཡོད་ན་ས་གནས་ལྷན་ཚོགས་སམ་ཉེན་རྟོག་པར་བརྡ་ལན་འཇོག་དགོས། དེ་ལྟར་གལ་ཏེ་ཛ་དྲག་གི་གནས་ཚུལ་བྱུང་ན་མ་མཐའ་ཡང་མི་ཚོས་ཁྱེད་རང་འཚོལ་རྒྱུར་འགོ་འཛུགས་ས་ཞིག་ཤེས་ཀྱི་རེད།"
ཞིང་གྲོང་ངམ་རྒྱང་རིང་གི་ལམ་ཁར་ཇི་ལྟར་བདེ་འཇགས་ངང་རླངས་འཁོར་གཏོང་དགོས་སམ།
ཨོ་སི་ཊེ་ལི་ཡའི་ཞིང་གྲོང་དང་རྒྱང་རིང་གི་ལམ་ཁའི་གནས་སྟངས་མི་འདྲ་བ་ཡོད་པ་དང་། གྲོང་རྡལ་དང་རྒྱང་ཐག་རིང་པོ་ཡོད་པ། སྣུམ་བླུག་ས་དང་ཞབས་ཞུ་གཞན་དག་ལ་སྙོབ་ཁག་པོ་ཡོད། དེ་བཞིན་རི་དྭགས་དང་། སྒོ་ཕྱུགས། འགྱུར་བཞིན་པའི་གནམ་གཤིས་ཀྱི་གནས་སྟངས་བཅས་ལ་ཡང་འཕྲད་སྲིད།
ཆུ་ལོག་གི་ནང་རླངས་འཁོར་གཏོང་མི་རུང་བ་དང་། ཆུ་ལོག་གི་རྐྱེན་པས་ལམ་བཀག་པ་ཡིན་ན་ཨུ་ཚུགས་ཀྱིས་དེའི་ཐོག་བསྐྱོད་མི་རུང་།
གཙོ་བོ་བདེ་འཇགས་ལ་བསམ་བློ་གཏོང་དགོས། མགྱོགས་ཚད་དལ་དུ་གཏོང་དགོས་པ་དང་། ངལ་གསོ་ཡང་ཡང་རྒྱག་དགོས། གལ་ཏེ་རླངས་འཁོར་གཏོང་ཤེས་མཁན་གཞན་ཡོད་ན་ཁ་ལོ་བ་བརྗེ་དགོས། རླངས་འཁོར་གཏོང་གིན་ཐང་ཆད་ན་མི་འགྲིག། དེ་བཞིན་མཚན་མོར་རླངས་འཁོར་གཏོང་རྒྱུ་གཡོལ་གང་ཐུབ་བྱེད་དགོས།རེ་སི་ཧེ་རོན་ལགས།
ཐང་ཆད་པ་དེ་ནི་ལམ་ཐག་རིང་པོའི་འགྲུལ་བཞུད་ལ་དམིགས་བསལ་གྱི་ཉེན་ཁ་ཞིག་ཡིན། གཞུང་གི་ལམ་ཁའི་བདེ་འཇགས་ཀྱི་ལམ་སྟོན་ལྟར་ན། ཆུ་ཚོད་གཉིས་རེའི་མཚམས་སུ་ངལ་གསོ་བྱེད་དགོས།
"གལ་ཏེ་ཁྱེད་རང་ལ་རྒྱུ་མཚན་གང་རུང་གི་རྐྱེན་པས་མཚམས་འཇོག་བྱེད་དགོས་པ་དང་། ལམ་ཟུར་དུ་འགོག་དགོས་བྱུང་ན། རྒྱ་ཆེ་བའི་ལམ་འགྲམ་དང་། རླངས་འཁོར་འཇོག་ས་ཡོད་པ། ཡང་ན་ངལ་གསོ་བྱེད་སའི་ས་ཆ་ཞིག་འདེམས་ཐབས་བྱེད་དགོས། འོན་ཀྱང་དེ་དག་མེད་པའི་སྐབས་ཀྱང་ཡོད་པས། དེ་མཐུན་ཁྱོག་མཚམས་སུ་མིན་པའི་མཐོང་གསལ་བའི་ལམ་ཞིག་བདམས་ནས་ཉེན་བརྡའི་གློག་འོད་སྤར་དགོས།"
ཉིན་མོར་མདུན་གློག་དམའ་པོ་བེད་སྤྱོད་བྱེད་ན་རླངས་འཁོར་གཞན་དག་གི་ཁྱེད་རང་མཐོང་བཟང་དུ་འགྲོ་བ་དང་མཚན་མོར་རླངས་འཁོར་གཞན་དང་འཕྲད་པ་སོགས་སུ་མཐོ་གློག་བེད་སྤྱོད་བྱེད་དགོས། རླངས་འཁོར་གཞན་གྱི་མདུན་ལ་བསྐྱོད་འདོད་སྐབས་ཁྲིམས་མཐུན་ཡིན་པ་དང་། བདེ་འཇགས་ཡིན་པ། འདང་ངེས་ཀྱི་རྒྱང་ཐག་དང་མཐོང་རྒྱ་ཡོད་པ་བཅས་ལ་དོ་སྣང་བྱེད་དགོས།
དེ་བཞིན་ལམ་འཁོར་དང་ཡང་འཕྲད་སྲིད། དེ་དག་ནི་སྣུམ་འཁོར་ཆེན་པོ་ཞིག་གིས་འཁོར་སྦྲེལ་གཉིས་སམ་དེ་ལས་མང་བ་འཐེན་ཡོད་པ་དག་ཡིན།
སྐུ་ཞབས་བྷེན་སུ་ཐར་ལན་ཌི་ལགས་ནི་ནུབ་ཨོ་སི་ཊེ་ལི་ཡའི་སྒོ་ཕྱུགས་དང་རྒྱང་རིང་སྐྱེལ་འདྲེན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན།
ཁོང་གིས་འགྲེལ་བརྗོད་བྱས་པ་ལྟར་ན།
"རླངས་འཁོར་ཆེན་པོ་ཞིག་གི་རྗེས་སུ་བསྐྱོད་པར་བདེ་འཇགས་དང་འོས་འཚམ་གྱི་རྒྱང་ཐག་ཉར་དགོས། དེ་དག་བརྒལ་ནས་འགྲོ་བའི་སྐབས་སུ་གལ་ཏེ་བདེ་འཇགས་ཡིན་པ་དང་། དེ་བརྒལ་བར་ཀེ་ལོ་མི་ཊར་གཅིག་ཙམ་གྱི་རྒྱང་ཐག་ཡོད་པ་དང་། མདུན་དུ་ཀེ་ལོ་མི་ཊར་གཉིས་ཙམ་ལ་བལྟ་ཐུབ་པ་ངེས་པར་བྱེད་དགོས།"
གལ་ཏེ་ལམ་འཁོར་ཞིག་ཁྱེད་རང་གི་མདུན་དུ་བསྐྱོད་ཐབས་བྱེད་ཀྱི་འདུག་ན་དེ་ལ་ལམ་གྱི་གཡས་ཕྱོགས་དེ་སྤྲོད་དགོས་པ་དང་ཅུང་ལྷོད་དུ་གཏོང་དགོས། དེ་ལྟར་རླངས་འཁོར་ཆེན་པོ་དེ་ཁྱེད་ཀྱི་མདུན་དུ་བདེ་འཇགས་ངང་འགྲོ་ཐུབ། ཅེས་སྐུ་ཞབས་ཧེ་རོན་གྱིས་ནན་བཤད་གནང་། ཁོང་གིས་གསུངས་དོན་ལ། ལྷག་པར་དུ་ཁྱེད་ཉིད་ཀྱིས་སྦྲ་གུར་འདེད་འཁོར་ཞིག་མཉམ་འཁྱེར་བྱེད་བཞིན་ཡོད་ཚེ་ལམ་འཁོར་ཆེན་པོ་དེ་དག་བརྒལ་ནས་འགྲོ་རྒྱུ་དེ་ཧ་ཅང་ཉེན་ཁ་ཆེ་བ་ཡིན་ཞེས་གསུངས་ཡོད། “དངོས་ཟོག་འདྲེན་འཁོར་གྱིས་ཆུ་ཚོད་རེར་ཀེ་ལོ་མི་ཊར་ ༡༠༠ ལས་མགྱོགས་པར་བསྐྱོད་མི་ཐུབ་པས་དེ་དག་གིས་ལམ་འཁོར་ཆེན་པོ་རྣམས་ཀྱི་མདུན་དུ་བསྐྱོད་ཐུབ་པ་བྱེད་རྒྱུར་ཆུ་ཚོད་ཕྱེད་ཀ་ཙམ་འགོར་སྲིད་པས། དེའི་སྐབས་ཁྱེད་ཀྱི་རླངས་འཁོར་དེ་གཡོན་ཕྱོགས་སུ་དུས་ཚོད་སྐར་མ་ ༣༠ ཙམ་བསྡད་པ་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན། དེར་བརྟེན་ཁྱེད་ཀྱིས་བྱེད་ཐབས་ཡག་ཤོས་ནི་བརྒལ་ལམ་ཞིག་ཡོད་པར་སྒུག་རྒྱུ་ལས་ཉེན་ཁར་མ་འཛེམས་པར་ལམ་འཁོར་བརྒལ་ནས་མདུན་དུ་བསྐྱོད་ཐབས་བྱེད་མི་རུང་།” ཞེས་སྐུ་ཞབས་ཧེ་རོན་གྱིས་གསུངས།

ལམ་དང་གནམ་གཤིས་ཀྱི་གནས་ཚུལ་སྐོར་ཇི་ལྟར་ཤེས་རྟོགས་བྱེད་ཐུབ་བམ།
ཁྱེད་ཉིད་ཀྱི་འགྲུལ་བཞུད་སྐབས་སུ་ལམ་ཁའི་གནས་སྟངས་འགྱུར་བ་འགྲོ་སྲིད་པས། ལམ་ཁ་བཀག་པ་དང་གནམ་གཤིས་ཉེན་བརྡ་རྣམས་ལ་ཞིབ་བཤེར་བྱེད་དགོས། དེ་ལ་དྲ་ཐོག་གི་འགྲུལ་བཞུད་ལམ་སྟོན་གཅིག་པུར་ལ་བརྟེན་མི་རུང་། གང་ཡིན་ཞེ་ན། པེ་ཊར་སན་གྱིས་འགྲེལ་བཤད་གནང་བ་ལྟར་ན། “དྲ་ཐོག་གི་ས་ཁྲ་རྣམས་ཀྱིས་དུས་ཐོག་གི་ལམ་ཁའི་གནས་སྟངས་མཚོན་མི་ཐུབ་པ་དང་། དེ་བས་ལག་ཐོག་ས་ཁྲ་འམ་དྲ་རྒྱ་མེད་པའི་འགྲུལ་བཞུད་ལམ་སྟོན་ཞིག་འཁྱེར་དགོས། དེ་ནི་བརྡ་རྟགས་མེད་པའི་ས་ཁུལ་དུ་ཕན་ཐོགས་ཆེན་པོ་ཡོད།”
ས་གནས་ཀྱི་མཐུན་རྐྱེན་རྣམས་ཀྱིས་ཀྱང་ཁྱེད་ལ་ད་ལྟའི་གནས་སྟངས་ཤེས་རྟོགས་བྱེད་པར་རོགས་རམ་བྱེད་ཐུབ།
གལ་ཏེ་སྐབས་དེ་ནགས་ཚལ་མེ་སྐྱོན་གྱི་དུས་ཚིགས་ཡིན་ཚེ། མེ་སྐྱོན་གྱི་ཉེན་ཁའི་ཚད་གཞི་ལ་ཞིབ་བཤེར་བྱེད་དགོས། དེ་བཞིན་མྱུར་སྐྱོབ་གནས་སྟངས་གཞན་གྱི་སྐོར་ལ་ས་གནས་རླུང་འཕྲིན་ལ་ཉན་དགོས། རི་སི་ཧེ་རོན་ལགས་ཀྱིས་ལམ་ཁའི་གནས་ཚུལ་དང་གནམ་གཤིས་ཀྱི་སྔོན་བརྡ་རྣམས་ལ་ཞིབ་བཤེར་བྱེད་རྒྱུ་གལ་ཆེན་པོ་ཡིན།རེ་སི་ཧེ་རོན།
ཁྱེད་ཉིད་འགྲུལ་བཞུད་བྱེད་སའི་མངའ་སྡེ་འམ་ཡང་ན་ས་ཁུལ་གྱི་ལམ་ཁའི་གནས་ཚུལ་དང་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡ་། དེ་བཞིན་ཁྱེད་ཉིད་འགྲུལ་བཞུད་བྱེད་སའི་ས་ཁུལ་གྱི་མྱུར་སྐྱོབ་གནས་ཚུལ་རྣམས་ལ་ཞིབ་བཤེར་བྱེད་དགོས།

ལམ་གཞུང་དང་ངལ་གསོ་རྒྱག་སའི་ས་ཆ་རྣམས་གཞན་དང་ལྷན་དུ་བདེ་འཇགས་ངང་མཉམ་སྤྱོད་ཇི་ལྟར་བྱེད་དགོས་སམ།
གཞན་ལ་བསམ་གཞིག་བྱེད་པ་ནི་ཁྱེད་ཉིད་ཀྱི་ལམ་བར་དུ་ངལ་གསོ་བྱེད་སའི་ས་ཁུལ་དེ་དག་ལའང་ཁྱབ་ཀྱི་ཡོད། “ཁྱེད་ཀྱི་འགྲུལ་བཞུད་སྐབས་སུ་བྱུང་བའི་གད་སྙིགས་རྣམས་སྙིགས་སྣོད་ནང་དུ་བླུགས་དགོས། གལ་ཏེ་སྙིགས་སྒམ་མེད་ཚེ་གད་སྙིགས་དེ་དག་རང་ཉིད་དང་ལྷན་དུ་འཁྱེར་དགོས། སྤྱི་པའི་གསང་སྤྱོད་བེད་སྤྱོད་བྱེད་པའི་སྐབས་སུ་གསང་སྤྱོད་གཙང་བཟོ་བྱེད་དགོས།” ཞེས་སྐུ་ཞབས་ཧེ་རོན་གྱིས་གསུངས་ཡོད། ངལ་གསོ་བྱེད་སའི་ས་ཁུལ་འགའ་ཤས་ནི་ལྗིད་ཚད་ཆེ་བའི་རླངས་འཁོར་ཁོ་ནའི་ཆེད་དུ་བཀོད་སྒྲིག་བྱས་ཡོད་པ་དང་། དེ་དག་གི་ཁ་ལོ་བ་རྣམས་ཀྱིས་ཁྲིམས་མཐུན་བཞིན་ངལ་གསོ་བྱེད་དགོས་པ་ཡིན། འགྲུལ་བཞུད་པ་སོ་སོར་མཐོང་སྣང་དང་དམིགས་ཡུལ་མི་འདྲ་བ་ཡོད་པས། སྐུ་ཞབས་པེ་ཊར་སན་གྱིས་ ཁྱེད་རང་གིས་བཟོད་སྒོམ་དང་གུས་ཞབས་ཅན་གྱི་ཁ་ལོ་བ་ཞིག་བྱས་ན་ལམ་དེ་སྤྱོད་མཁན་མི་ཚང་མར་མྱོང་ཚོར་བཟང་པོ་ཞིག་ཡོང་ཐུབ། དེ་མིན་ཁ་ལོ་བའི་ཁོང་ཁྲོ་ནི་ཐག་གཅོད་ངན་པའི་རྒྱུ་རྐྱེན་དུ་འགྱུར་སྲིད། དེར་བརྟེན་ལམ་ཁའི་གནས་སྟངས་དང་བསྟུན་ནས་རླངས་འཁོར་གཏོང་དགོས།" ཅེས་དྲན་སྐུལ་གནང་ངོ་།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།






